ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ།

སྐད་ཡིག་གཞན།
ཕྱག་རྒྱ་ཆེན་པོའི་གཞུང་ཆེན་མོ་འདིའི་ནང་། ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དགུ་པས་སེམས་ཀྱི་རང་བཞིན་གྱི་སྐོར་ལ་ཚད་མཐོ་པོ་དང་གཏིང་ཟབ་པའི་སྒོམ་གྱི་ལམ་ལུགས་རིམ་པ་བཞིན་དུ་གསུང་གི་ཡོད། དུམ་བུ་དང་པོའི་ནང་སྒོམ་ལ་འཇུག་པའི་སྟ་གོན་གྱི་ཆེད་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཉམས་ལེན་རྣམས་སྟོན་གྱི་ཡོད། དུམ་བུ་གཉིས་པ་དང་གསུམ་པའི་ནང་། ཀུན་རྫོབ་རང་བཞིན་གྱི་སེམས་ལ་དམིགས་པ་གཏད་ནས་ཐོག་མར་སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པའི་ཞི་གནས་ཐོབ་པ་དང་། དེ་ནས་དོན་དམ་རང་བཞིན་གྱི་སེམས་ལ་དམིགས་པ་གཏད་ནས་སེམས་ཀྱི་གནས་བབས་མངོན་སུམ་ཁྱད་པར་ཅན་གྱི་ལྷག་མཐོང་ཐོབ་པའི་དོན་དུ་བརྗོད་གཞིའི་རིམ་པ་མང་པོའི་ཐོག་ལ་སྒོམ་རྒྱག་དགོས་པའི་སྐོར་རྒྱས་བཤད་གནང་གི་ཡོད། བརྗོད་གཞི་དེ་དག་གི་ནང་དུ་སེམས་ཀྱིས་དབང་ཡུལ་རྟོགས་པའི་སྐབས་དང་། སེམས་དེ་རྣམ་རྟོག་དང་མཉམ་དུ་རྒྱུ་བའི་སྐབས། སེམས་དེ་ཞི་ལྷིང་ཡིན་པའི་སྐབས་སུ་སེམས་ལ་བརྟག་དཔྱད་བྱ་རྒྱུ་དང་། སེམས་དང་། སྣང་བ། རྣམ་རྟོག་བཅས་ཀྱི་དབར་འབྲེལ་བ་གང་ཡོད་པའི་སྐོར་བཅས་ཡོད། དུམ་ཚན་མཐའ་མའི་ནང་ཉམས་ལེན་དེ་དག་ནུས་པ་ཐོན་པ་ཡར་རྒྱས་གོང་འཕེལ་གཏོང་བའི་ཐབས་དང་བྱང་ཆུབ་ཀྱི་ལམ་དུ་ཚད་མཐོའི་རིམ་པའི་རྟོགས་པ་ཐོབ་ཚུལ་བཅས་གསུང་གི་ཡོད།
Top