སྤྱི་ཚོགས་འགན་འཁྲི་དང་ཁོར་ཡུག་སྲུང་སྐྱོབ།

བཞུགས་མོལ་བགྲོ་གླེང་གི་བརྗོད་གཞི་ནི། འཇིག་རྟེན་བྱེད་པོ་ཁས་ལེན་མཁན་དང་མི་ལེན་མཁན་གྱི་ཆོས་ལུགས་གཉིས་ཀའི་ལང་ཕྱོགས་ལ་བསྡུར་ཞིབ་དང་། ཆོས་ལུགས་དེ་གཉིས་ཀྱི་རྗེས་འཇུག་པ་ཚོར་བཟང་སྤྱོད་ནི་སྤྱིར་ཚང་མར་ཐུན་མོང་གི་ཁེ་ཕན་ཡོང་ཕྱིར་དང་ཡང་སྒོས་ཁོར་ཡུག་སྲུང་སྐྱོབ་ཆེད་སྤྱི་ཚོགས་འགན་འཁྲི་ལེན་རྒྱུའི་རྨང་གཞི་ཡིན་པའི་སློབ་སྟོན་བྱ་རྒྱུ་དེ་རེད།

བརྙན་པར། ༸གོང་ས་མཆོག ། “ང་ཚོའི་གོ་ལའི་ཁོར་ཡུག་ལ་དོ་སྣང་།” 

ནང་ཆོས། 

  • དངོས་པོའི་གནས་ལུགས་རྟོགས་དགོས་པར་ནན་བཤད་དང་། དེ་ལ་གཞི་བཞག་སྟེ་འགྲོ་བ་སེམས་ཅན་ཀུན་ལ་སྙིང་རྗེ་བྱེད་པ།
  • དངོས་པོའི་གནས་ལུགས་ནི། ཁོར་ཡུག་དང་དེའི་ནང་འཚོ་གནས་བྱེད་མཁན་གྱི་སྲོག་ཆགས་སེམས་ཅན་རྣམས་ཕན་ཚུན་ལྟོས་མེད་ཀྱི་ལོགས་སུ་གནས་མེད་པ་དེ་རེད། ཁོང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་འབྲེལ་ནས་ཡོད།
  • ང་ཚོ་འཚོ་གནས་ཐུབ་དང་མི་ཐུབ་དེ་ཁོར་ཡུག་འཚོ་གནས་ཐུབ་དང་མི་ཐུབ་ལ་ཐད་ཀར་རག་ལུས་ཡོད།
  • ཁོར་ཡུག་གི་གནས་བབས་ཀྱིས་གོ་ལ་འདིའི་སྟེང་དུ་འཚོ་གནས་བྱེད་མཁན་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། གང་ཡིན་ཟེར་ན། གོ་ལ་འདིའི་སྣོད་བཅུད་མ་ལག་ཐམས་ཅད་ཕན་ཚུན་འབྲེལ་ནས་གོ་ལའི་སྟེང་སྣོད་བཅུད་མ་ལག་གཅིག་སྒྲུབ་པར་བྱེད།
  • སོ་སོ་རང་ཉིད་དང་རང་གི་ནང་མི་ལ་འཕྲོད་བསྟེན་ཡག་པོ་དང་མི་ཚེ་རྒྱུན་སྐྱོང་ཐུབ་པ་ཞིག་འདོད་ཀྱི་ཡོད་པ་ནང་བཞིན། གོ་ལ་འདིའི་སྟེང་དུ་གནས་མཁན་གྱི་མི་ཚང་མར་དེ་ལྟར་འདོད་ཀྱི་ཡོད།
  • ཁོར་ཡུག་དང་འབྲེལ་བའི་རྐྱེན་ངན་ལས་ང་ཚོ་འབྲལ་བར་འདོད་པ་ནང་བཞིན། གཞན་ཚང་མས་ཀྱང་དེ་ལྟར་འདོད་ཀྱི་ཡོད། དེ་འདྲ་སོང་ཙང། གནད་དོན་དེའི་ཐོག་ང་ཚོ་ཚང་མ་གཅིག་པ་ཡིན།
  • བསམ་བློ་དང་གོ་རྟོགས་དེ་འདྲ་ནི་གོ་ལ་སྤྱི་ཡོངས་ལ་ཁྱབ་པའི་སྙིང་རྗེ་གོང་སྤེལ་གཏོང་རྒྱུ་དང་། ང་རང་ཚོ་སོ་སོ་སྒེར་གྱི་སྤྱོད་ལམ་འཁྱེར་ཚུལ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁུར་བའི་གཞི་རྩ་དེ་ཡིན།
  • ང་ཚོ་མི་ངོ་རེས་ཁོར་ཡུག་སྲུང་སྐྱོབ་ཆེད་གོམ་པ་གང་སྤོས་པ་དེས་སྤྱི་ཡོངས་ཀྱི་ཁོར་ཡུག་གནས་བབས་ཡར་རྒྱས་གཏོང་རྒྱུར་ནུས་པ་ཐོན་ཐུབ་ཀྱི་ཡོད།

ཡེ་ཤུའི་ཞལ་ཆད་རྙིང་མ། Old Testament

  • འཇིག་རྟེན་བྱེད་པོ་དཀོན་མཆོག་གིས་ཁོར་ཡུག་འདི་དང་འདིའི་ནང་འཚོ་གནས་བྱེད་མཁན་ཚང་མ་བཟོ་བཀོད་བྱས་པ།
  • ཡེ་ཤུའི་གསུང་རབ་ནང་གསལ་བའི་ཡུལ་བྱོལ་གྱི་བྱུང་རབས་ Exodus ལེའུ་ ༢༣ ཤོ་ལོ་ཀ་ ༡༠ ནས་ ༡༢ ནང་གསལ་ལྟར། མི་ཡིས་ཞིང་འདེབས་ནས་དེ་ལས་བྱུང་བའི་འབྲས་བུ་ལོ་དྲུག་བསྟུད་མར་བསྡུ་ཆོག་པའི་བཀའ་ཁྲོལ་དཀོན་མཆོག་གིས་གནང་ཡོད། འོན་ཀྱང་ལོ་བདུན་རེའི་མཚམས་སུ་ཞིང་ཁ་རྣམས་རང་སོར་བཞག་དགོས་པའི་བཀའ་གནང་ཡོད། དེ་ལྟར་བྱས་པ་བརྒྱུད་དབུལ་པོ་ཚོས་རང་བྱུང་ངང་སྐྱེས་པ་རྣམས་བསྡུས་ནས་རང་གི་ཆེད་དུ་སྤྱོད་ཐུབ་པ་དང་། དེའི་ལྷག་མ་རྣམས་ཞིང་དེ་དག་ནང་གནས་མཁན་གྱི་རི་སྐྱེས་སྲོག་ཆགས་ཚོས་བཟའ་ཐུབ། འདིས་འདོད་རྔམ་དང་ཚད་ལས་བརྒལ་བའི་ཐོན་སྐྱེད་བྱས་ནས་ཞིང་བེད་སྤྱོད་ལོག་པ་བྱེད་མི་རུང་བ་དང་། དེ་བཞིན་རི་སྐྱེས་སྲོག་ཆགས་གཞན་ལ་གཅེས་སྐྱོང་བྱེད་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད། 
  • ཡང་བྱེད་པོ་དཀོན་མཆོག་གིས་མི་ཚོར་ཉིན་དྲུག་རིང་ལས་ཀ་བྱེད་ཆོག་པའི་བཀའ་འཁྲོལ་གནང་ཡང་། ཉིན་བདུན་པར་ཁོང་ཚོས་ངེས་པར་དུ་ངལ་གསོ་བྱེད་དགོས། དེ་ལྟར་བྱས་ན་ཁོང་ཚོའི་གླང་དང་བོང་བུ་རྣམས་ལའང་ངལ་གསོ་ཐོབ་ཐུབ། དེས་གང་གསལ་སྟོན་བྱས་ཡོད་ཟེར་ན། དུད་འགྲོ་སེམས་ཅན་གཞན་ཚང་མར་སེམས་པ་བཟང་པོ་དང་བསམ་ཞིབ་བྱེད་པ་མཚོན་པ་དང་། འགྲོ་བ་མི་ལ་ཡོད་པའི་འཕྲོད་བསྟེན་དང་ལྡན་པའི་མི་ཚེའི་ཐོབ་ཐང་དེ་དག་དུད་འགྲོ་སེམས་ཅན་ཚོར་ཡང་སྤྲོད་དགོས་པ་སྟོན་གྱི་ཡོད། 

ཁ་ཆེའི་གསུང་རབ་ཁུ་རཱན། Quran

  • བྱེད་པོ་དཀོན་མཆོག་གིས་འཛམ་གླིང་འདིའི་ནང་ཡོད་པ་ཐམས་ཅད་དང་ལྷ་ཡུལ་ནང་ཡོད་པ་ཐམས་ཅད་བཟོ་བཀོད་བྱས་ཤིང་། དེའི་ནང་དུད་འགྲོ་སེམས་ཅན་ཚང་མ་ཚུད་ཡོད། དུད་འགྲོ་སེམས་ཅན་དེ་ཚོ་ནི་འགྲོ་བ་མིས་བེད་སྤྱོད་བྱེད་པའི་ཆེད་དུ་དཀོན་མཆོག་གིས་གནང་བའི་ལག་རྟགས་ལྟ་བུ་རེད། ཁོང་གིས་འགྲོ་བ་མིའི་རིགས་བཟོ་བཀོད་བྱས་ནས་ཁོང་ཚོས་དཀོན་མཆོག་གིས་བཀོད་པ་ཐམས་ཅད་ལ་ཞབས་ཞུ་ཁྱད་དུ་འཕགས་པ་སྒྲུབ་པའི་སྒོ་ནས་ཁོང་ལ་གསོལ་མཆོད་བྱེད་པའི་ཆེད་དུ་དམིགས་ཡོད།
  • ཁུ་རཱན་ Quran ལེའུ་ ༥༠ ཚིགས་བཅད་ ༧ ནས ༨ བར་གསལ་ལྟར་བྱས་ན། དཀོན་མཆོག་གིས་གང་བཀོད་པ་དང་འབྲེལ་བའི་སྐོར་གླེང་སྐབས། དཀོན་མཆོག་གིས་ཁོང་རང་ཉིད་ཀྱི་ཐུགས་བརྩེ་བ་དང་། རླབས་ཆེན། སྙིང་རྗེའི་གཟུགས་སུ་གཞན་རྣམས་བཟོ་བཀོད་བྱས་ཡོད་པ་དེ་ངེས་པར་དུ་དྲན་པར་བྱེད་དགོས།
  • དེ་ལྟར་ཁོར་ཡུག་སྲུང་སྐྱོབ་དང་། ཚང་མའི་ཁེ་ཕན་ཆེད་དུ་ལས་ཀ་བྱེད་རྒྱུ་དེ་ནི་དཀོན་མཆོག་གིས་བཀོད་པ་ཐབས་ཅད་ལ་ཞབས་ཞུ་སྒྲུབ་པའི་ཐབས་ལམ་ཞིག་ཡིན་པས། དེ་དག་ནི་བྱེད་པོ་དཀོན་མཆོག་ལ་གསོལ་མཆོད་བྱེད་པའི་རྣམ་པ་ཞིག་རེད།

མེང་ཙེ་། Mengzi, Mencius 

  • ལིའང་རྒྱལ་པོ་ཧུཡེ་ (རྒྱ་ནག་སྐད་དུ། 梁惠王) དང་བཀའ་མོལ་ཞིག་གནང་སྐབས། མེང་ཙེ་ཡིས་ཁོང་ལ་གལ་ཏེ་ཞིང་རྨོས་པའི་དུས་ཚོད་ཏག་ཏག་སྣང་མེད་མི་བཏང་ན། མི་མང་ལ་ཟས་འདང་ངེས་ལས་ལྷག་པ་བཟའ་རྒྱུ་རག་པ་དང་། གལ་ཏེ་དྲྭ་བ་ཁ་ཟུམ་པ་མཚོ་དང་རྫིང་བུར་བེད་སྤྱོད་མ་བྱས་ན། མི་མང་ལ་ཉ་དང་རུས་སྦལ་འདང་ངེས་ལས་ལྷག་པ་བཟའ་རྒྱུ་རག་གི་རེད། གལ་ཏེ་སྟ་རེ་དང་གྲི་ལེབ་རིའི་ནཌ་སུ་དུས་ཚོད་རན་པོར་བེད་སྤྱོད་བྱས་ན། མི་མང་ལ་མེ་ཤིང་འདང་ངེས་ལྷག་པ་བེད་སྤྱོད་གཏོང་རྒྱུ་རག་གི་རེད། གལ་ཏེ་དེ་དག་ཐམས་ཅད་ལག་བསྟར་བྱས་ན། ཁྱེད་རང་རྒྱལ་པོ་ཚད་ལྡན་ཞིག་ཆགས་རྒྱུ་རེད་ཅེས་སློབ་སྟོན་གནང་ཡོད། 
  • མེང་ཙེ་ཡིས་ཡང་རྒྱལ་པོར་སྲིད་ཇུས་ནོར་འཁྲུལ་ཅན་ཁག་གི་ཐད་ལ་ཁོང་གིས། “ཁྱེད་ཀྱི་ཁྱི་དང་ཕག་པས་མིས་ཟ་ཐུབ་པའི་ཁ་ལག་བཟས་ཀྱང་ཁྱེད་ཀྱིས་དེར་དམ་བསྒྲགས་མི་བྱེད་པ་དང་། མི་མང་སྲང་ལམ་ཐོག་ལྟོགས་ཤི་ཐེབས་ཀྱང་ཁྱེད་ཀྱིས་ཁོང་ཚོར་འབྲུ་རིགས་མི་སྦྱིན་པ་” དེ་འདྲ་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད། དེང་སང་ས་ཞིང་ཚད་བརྒལ་གྱི་ཐོག་བེད་སྤྱོད་བྱས་ནས་དུད་འགྲོ་སེམས་ཅན་གྱི་ཆེད་དུ་ཟས་བཏབ་སྟེ། ཁོང་ཚོའི་ཤ་ནི་མི་ཕྱུག་པོ་ཚོས་ལོངས་སུ་སྤྱོད་ཀྱི་ཡོད། དེ་དང་ཆབས་ཅིག་འཛམ་གླིང་གི་ས་ཕྱོཌ་གཞན་ནང་མི་མང་ལྟོགས་ཤི་ཐེབས་བཞིན་ཡོད་པ་ལྟར། ང་ཚོས་ཁོང་གི་ཉེན་བརྡ་དེའི་བར་དུ་རྒྱ་སྐྱེད་གཏོང་ཆོག

འཆར་ཟིན་མདོར་བསྡུས་འདིའི་བརྒྱུད་ནས་འཇིག་རྟེན་བྱེད་པོ་དཀོན་མཆོག་ཁས་ལེན་མཁན་དང་མི་ལེན་མཁན་གྱི་ཆོས་ལུགས་གཉིས་ཀས་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་སྤྱི་ཚོགས་ཀྱི་འགན་འཁུར་ཡོང་ཆེད་ཐུན་མོང་བཟང་སྤྱོད་ཀྱི་གཞི་རྩ་མཁོ་སྤྲོད་བྱས་ཡོད་པ་ང་ཚོས་མཐོང་ཐུབ། དེ་འདྲའི་གཞི་རྩ་འདིའི་རྒྱབ་ཀྱི་ཆོས་ཀྱི་རྣམ་བཞག་དང་ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཡོད་ནའང་། དམིགས་ཡུལ་དང་གྲུབ་འབྲས་ནི་གཅིག་པ་རེད།།

Top