ལོ་རྒྱུས་དང་རིག་གཞུང་།

ནང་ཆོས་ཀྱིས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་གསུངས་ཤིང་། ཆོས་ཀྱང་དེ་ལྟར་གཅིག་མཚུངས་ཡིན། ནང་ཆོས་དར་ཁྱབ་བྱུང་སའི་ཡུལ་དེ་གའི་ལོ་རྒྱུས་དང་རིག་གཞུང་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རིམ་པས་ནང་པས་ཆོས་ལུགས་གཞན་གྱི་ མི་དང་བསམ་ཚུལ་བརྗེ་ལེན་བྱས་པ་བརྒྱུད་ཕྱོགས་ཚང་མ་ཕྱུག་ཏུ་བཏང་ཡོད། དེང་སང་ནང་ཆོས་ཀྱི་ལྟ་བ་དང་ཐབས་ཤེས་འཛམ་གླིང་ས་ཕྱོགས་ གང་སར་ཁྱབ་ནས་མི་ཚོས་ནང་ཆོས་ཀྱི་གཞི་རྩའི་རྣམ་གཞག་འཚོ་བའི་ཁྱབ་ཁོངས་མང་པོའི་ནང་རན་འཚམས་བཟོ་བཞིན་ཡོད།
Top