Study buddhism dalai lama web

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག །

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ (༡༩༣༥ - ད་ལྟ་)  ནི་བོད་ཀྱི་ནང་ཆོས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་རེད། ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས། ༸གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་སྐུ་ངལ་འཛེམས་མེད་ཐོག་ཕེབས་ནས། ཁོང་གི་འགན་འཁུར་དམ་བཅའ་གསུམ་སྟེ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་འགྲོ་བ་མིའི་རིན་ཐང་་སྙིང་རྗེ་དང་། དགོངས་ཡངས། བཟོད་བསྲན། ཁྲིམས་རང་སྲུང་། དེ་བཞིན་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་འབྲེལ་དང་གོ་རྟོགས་སྤེལ་རྒྱུ། དེ་ནས་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་འཚེ་མེད་ཞི་བདེའི་རིག་གཞུང་རྒྱུན་འཛིན་ཁྱབ་སྤེལ་གནང་རྒྱུ་བཅས་ཡིན། 

Top