༧གོང་ས་མཆོག་ནས་བདེན་པ་བཞིའི་སྐོར།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག །
བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་ཐོག་མར་འཕགས་པའི་བདེན་པ་བཞི་གསུངས་པ་སྟེ། དེ་དག་ནི་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་རྒྱུའམ་ཀུན་འབྱུང་གི་བདེན་པ། སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པ་འགོག་པའི་བདེན་པ། འགོག་བདེན་ཐོབ་པར་བྱེད་པའི་སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ་བཅས་ཡིན།