མི་ཚེ་དང་། འཆི་བ། ལས། སྐྱབས་འགྲོ་བཅས་དང་འབྲེལ་བའི་སྲོལ་རྒྱུན་གྱི་སྒྲུང་དང་ལོ་རྒྱུས་ཁག

ང་ཚོས་མི་ལུས་འདི་རྩ་ཆེན་པོ་ཡིན་པ་དང་མི་ལུས་འདི་ཐོབ་དཀའ་བ་ཡིན་པའི་ཐད་ལ་བསམ་མནོ་བཏང་ནས་ཡིད་ཆེས་རྙེད་པ་ཞིག་དགོས། དེ་བཞིན་མི་ལུས་འདི་བཞིན་དགོས་དོན་དང་གྲུབ་དོན་ཆེན་པོའི་དོན་དུ་བེད་སྤྱོད་བྱེད་དགོས། མི་ལུས་རིན་པོ་ཆེ་འདི་ཁོ་ན་ལ་བརྟེན་ནས་ཕན་ནུས་ཆེ་ཤོས་དང་ལས་སླ་ཤོས་ཀྱི་སྒོ་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཡིན། གལ་ཏེ་ཁྱེད་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐབས་ལམ་གསུམ་ཉམས་སུ་བླངས་ན། ཁྱེད་རང་འཆི་བ་དང་དངོས་སུ་འཕྲད་སྐབས། ངན་སོང་དུ་སྐྱེ་བ་དང་མི་སྐྱིད་པའི་སྡུག་བསྔལ་འགོག་ཐུབ། ཐབས་ལམ་གསུམ་ནི། ངན་སོང་དུ་མི་སྐྱེ་བའི་ཆེད་དུ་མི་དགེ་བའི་ལས་བཅུ་སྤོང་བ་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ཐམས་ཅད་ལས་ཐར་བའི་ཆེད་དུ་ལྷག་པའི་བསླབ་པ་གསུམ་ལ་བརྩོན་པ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་སྒྲུབ་ཐུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བརྩོན་པ་བཅས་ཡིན།

Top