གནས་བརྟན་སྡེ་པ་དང་། ཐེག་པ་ཆེན་པོ། བོན་བཅས་ཀྱི་ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ།
འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།
རྒྱ་ཆེ་ལ་ཕུགས་རྒྱང་རིང་བའི་བསམ་ཕྱོགས་བཅུ་(ཕར་ཕྱིན་བཅུ་)ནི་བྱང་ཆུབས་སེམས་དཔའ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན། ཉན་ཐོས་སྡེ་པས་ཀྱང་དེ་དག་ཉམས་ལེན་བྱེད་ཀྱི་ཡོད་ནའང་། དེ་དག་བྱང་ཆུབ་ཀྱི་སེམས་དང་མ་འབྲེལ་ན། རྒྱ་ཆེ་ལ་ཕུགས་རྒྱང་རིང་བའམ་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་བརྩི་ཡི་མེད།