སྒོམ་གྱི་སྔོན་དུ་སྦྱོར་བའི་ཆོས་དྲུག་གི་ཉམས་ལེན།

སྦྱོར་བའི་ཆོས་དྲུག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ནང་པའི་ཉམས་ལེན་འགོ་བཙུག་པར་དེ་དག་རང་གི་ནང་དུ་གང་ལ་གང་འཚམས་ཀྱི་འདང་ངེས་ཆ་རྐྱེན་རྣམས་ཚང་ཡོད། སྦྱོར་བའི་ཆོས་དྲུག་ནི། ༡། གནས་ཁང་བྱི་དོར་བྱེད་པ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་སྒྲིག་བཀོད། ༢། མཆོད་པ་འཚོལ་ཚུལ་དང་བཤམ་ཚུལ། ༣། སྟན་དང་། ཕྱག་འཚལ། འདུག་སྟངས་བཅས་མ་ནོར་བ། དེ་བཞིན་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སླར་ཡང་ངེས་བརྟན་བཟོ་བ། ༤། ཚོགས་ཞིང་གསལ་འདེབས་པ། ༥། ཡན་ལག་བདུན་གྱི་སྨོན་ལམ་དང་མཎྜལ་འབུལ་བ། ༦། བླ་མ་བརྒྱུད་པ་རྣམས་ཀྱི་བྱིན་རླབས་ལ་བརྟེན་ནས་ང་ཚོའི་སེམས་རྒྱུད་ལ་སྐུལ་མ་གཏོང་བ་བཅས་ཡིན།
Top