ནམ་རྒྱུན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་གསུང་གི་ཡོད། གང་ཡིན་ཟེར་ན། ཁོང་གིས་གསུངས་པ་དེ་ཚོ་བརྗོད་བྱ་དང་དེའི་ཁྱབ་ཚད་ཀྱི་ཆ་ནས་ཧ་ཅང་གི་རྒྱ་ཆེ་བ་དང་སྣ་ཚོགས་པ་ཡོད་པས་ཡིན། ང་ཚོས་མདོ་འདྲ་མིན་ཀློག་པ་ལས་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ཀྱང་། ང་ཚོ་ལ་དོན་ངོ་མ་ཕན་ཐོགས་པའི་ནང་ཆོས་ཀྱི་དོན་དག་སྙིང་པོ་རྣམས་ལེན་རྒྱུ་ཁག་པོ་ཡོད། འདིར་རྒྱ་གར་དང་བོད་ཀྱི་མཁས་པ་རྣམས་ཀྱིས་ང་ཚོའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཡོངས་རྫོགས་བང་རིམ་བཞིན་བཀོད་སྒྲིག་བཟོས་གནང་ཡོད། དེ་ལ་བོད་སྐད་ནང་ “ལམ་རིམ་” ཞེས་གྲགས་ཤིང་། དེ་ནི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ང་ཚོས་འཇུག་ཆོག་པའི་ལམ་ཞིག་ཡིན།

Top