སྒོམ་གྱི་གནད་དོན་གཙོ་བོ་ཁག

སྒོམ་ལ་སྤྱིར་བཏང་གི་རིགས་ཁ་ཤས་ཡོད་པས། དེ་དག་གང་རུང་ཞིག་ལ་གནད་དུ་སྨིན་པའི་སྒོ་ནས་འཇུག་པ་ལ། ཐོག་མར་བསྐྱེད་པར་འདོད་པའི་སེམས་ཀྱི་གནས་བབས་དེ་ག་རང་མ་ནོར་བ་དང་། ཞིབ་ཚགས་པོ། ཐག་ཆོད་པོའི་ངང་ནས་ཤེས་དགོས་ཀྱི་ཡོད། དེ་བཞིན་སེམས་ཀྱི་གནས་བབས་འདི་བཤད་པའི་སྐབས་སུ། གང་ལ་དམིགས་པ་གཏད་དགོས་པ་དང་། ཡུལ་གྱི་དམིགས་པ་ལ་རྒྱས་བཤད། དམིགས་པ་ཇི་ལྟར་གཏད་དགོས་པ། དམིགས་གཏད་ཀྱི་སེམས་དེ་ཡར་རྒྱས་གཏོང་བའི་རྒྱུ་གང་ཡིན་པ། དེ་ལ་གང་གིས་བར་ཆད་བྱེད་པ། སེམས་ཀྱི་གནས་བབས་དེ་ཐོབ་པའི་རྗེས་བེད་སྤྱོད་གང་ཡོད་པ། དེས་གང་སེལ་བར་བྱེད་པ་བཅས་ཤེས་དགོས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་སྒོམ་རྒྱག་པའི་སྐབས་འོས་ཤིང་འཚམས་པའི་ཆ་རྐྱེན་རྣམས་ཚང་དགོས་པ། དཔེར་ན། ལུས་ཀྱི་གནས་སམ་འདུག་སྟངས། འབོལ་གདན་ནམ་སྒོམ་གདན། སྒོམ་ཐུན་འགོ་འཛུགས་བྱེད་སྟངས། སྒོམ་ཐུན་མཇུག་བསྡུ་སྟངས་བཅས་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།

Top