དགེ་སློང་མའི་སྡོམ་རྒྱུན་གྱི་ཚོགས་འདུའི་སྙན་ཐོ།

སྐད་ཡིག་གཞན།
རྒྱུན་སྲོལ་གྱི་ཆ་ནས་ནང་པ་ཡིན་པའི་རྒྱལ་ཁབ་མང་པོའི་ནང་དགེ་སློང་མའི་སྡོམ་རྒྱུན་དེ་ནམ་ཡང་རྩ་འཛུགས་བྱས་མེད་པའམ། ཡང་ན་དེ་སྔ་རྩ་འཛུགས་བྱས་ཡོད་ནའང་མཐར་མེད་པ་ཆགས་ཡོད། དེར་བརྟེན་ནང་པ་ཚོའི་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་ཡོང་བའི་ཆེད་དུ་དགེ་སློང་མའི་སྡོམ་རྒྱུན་དེ་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་དེ་སླར་ཡང་འགོ་བཙུག་དགོས། དེ་མིན་བུད་མེད་ལ་དབྱེ་འབྱེད་གཏོང་གི་འདུག་ཅེས་དེང་རབས་སྤྱི་ཚོགས་ཀྱིས་ནང་ཆོས་ལ་མཐོང་ཆུང་བྱེད་པ་དང་། ནང་པ་ཚོས་སྤྱི་ཚོགས་ལ་ཕན་འདོགས་ཐུབ་པའི་ནུས་པ་ཚད་བཀག་ཅན་ཆགས་ཀྱི་རེད་ཅེས་བགྲོ་གླེང་ནང་འཚོགས་བཞུགས་གནང་མཁན་འཐུས་མི་ཚང་མས་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད།
Top