མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ (༡༩༨༤ - ད་ལྟ་) དགུང་གྲངས་གཉིས་ལ་ཕེབས་སྐབས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཚན་ཞབས་ཉེ་དུས་སུ་དགོངས་པ་རྫོགས་པའི་སྐུ་པར་ལ་མཛུབ་མོ་བཙུགས་གནང་ནས། “དེ་ང་རེད།” ཞེས་ཞལ་ནས་གསུངས། མཚན་ཞབས་སེར་ཀོང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་རྗེས། སྐུ་ན་ཕྲ་བའི་ཡང་སྲིད་ལ་ཐོག་མར་ནང་ཆོས་ཀྱི་བསླབ་པ་སློབ་གཉེར་དེ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་བྱང་རྩེ་དགོན་པར་ཐོབ། དེ་ལྟར་ཁྱིམ་པའི་ཚུལ་གྱིས་ཆོས་སློབ་སྟོན་གནང་ཆེད་དྷ་སའི་རིགས་ལམ་སློབ་གཉེར་ཁང་ལ་སློབ་གཉེར་མཐར་ཕྱིན་པ་མཛད། ཇི་ལྟར་༸གོང་ས་མཆོག་གིས་ལམ་སྟོན་མཛད་པ་བཞིན་ཁ་ན་ཌའི་ (Canada) ནང་ལོ་གཉིས་རིང་དབྱིན་སྐད་སློབ་སྦྱོང་གཟབ་ནན་གནང་ནས་མུ་མཐུད་ནང་ཆོས་ཀྱི་ཚད་མཐོའི་སློབ་གཉེར་གནང་བཞིན་ཡོད།