ཐེག་པ་ཆེན་པོའི་བློ་སྦྱོང་མཚོན་ཆ་འཁོར་ལོ།

སྐད་ཡིག་གཞན།
མཚོན་ཆ་འཁོར་ལོ་ཞེས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློམ་མ་དྷརྨ་རཀྵི་ཏས་མཛད་པ་ཞིག་ཡིན། འདི་ནི་བློ་སྦྱོང་གི་གཞུང་ཕྱིས་སུ་དར་བ་རྣམས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། མཚོ་ཆ་རྣོན་པོ་ཞེས་པ་ནི་ང་ཚོར་གནོད་སྐྱེལ་བའི་བདག་འཛིན་དང་རང་གཅེས་འཛིན་གྱི་བསམ་ཕྱོགས་དེ་ལ་གོ་ན་ཆོག ད་དུང་མཚོན་ཆ་རྣོན་པོ་ཞེས་པ་ནི་རང་གཅེས་འཛིན་གྱི་བློ་དང་རྡོག་རྡོག་ཚུགས་ཐུབ་ཏུ་བདེན་པར་གྲུབ་པའི་བསམ་ཕྱོགས་ནོར་བ་དེ་གཅོད་པའི་ཆེད་ང་ཚོས་ཤེས་རབ་ཀྱི་མཚོན་ཆ་རྣོན་པོ་དེ་སྐུལ་མ་བྱེད་པ་ལའང་གོ་ན་ཆོག གཞུང་འདིའི་ནང་དམིགས་བསལ་གཏོང་ལེན་གྱི་ཉམས་ལེན་གཙོས་པའི་བློ་སྦྱོང་དང་སྦྲགས་ཆོས་ཚུལ་རྣམ་པ་མང་པོ་ཞིག་གསུང་གི་ཡོད། དྷརྨ་རཀྵི་ཏས་གཞན་གྱི་སྡུག་བསྔལ་རྣམས་སྙིང་རྗེའི་སྒོ་ནས་སོ་སོ་རང་ཉིད་ཀྱིས་ལྷུར་ལེན་པ་དང་རང་གི་བདེ་བ་བྱམས་པའི་སྒོ་ནས་གཞན་ལ་སྟེར་ཐུབ་པའི་ཉམས་ལེན་ལ་རང་གཅེས་འཛིན་གྱི་བསམ་ཕྱོགས་འདིས་ཇི་ལྟར་འགོག་རྐྱེན་བྱེད་ཀྱི་ཡོད་པའི་སྐོར་རྒྱས་བཤད་གནང་གི་ཡོད།

Top