བདེ་སྐྱིད་འབྱུང་བར། ནང་པ་སངས་རྒྱས་པའི་མན་ངག་བརྒྱད།

How to 8 tips for happiness?sha=2419aed6778a7d5b

གནད་སྟངས་ཅི་འདྲ་ཞིག་འཕྲད་མིན་ལ་མི་ལྟོས་པར། ང་ཚོས་བདེ་སྐྱིད་ཀྱི་ཚོར་བ་མྱོང་འདོད་ཡོད། མི་ཚེའི་ཁྲོད་དོན་རྐྱེན་གང་ཞིག་འཕྲད་རུང་དེ་ལ་གདོང་ལེན་གྱིས། གཞི་རྩའི་བདེ་སྐྱིད་ལྡན་པའི་མི་ཞིག་ཇི་ལྟར་ཆགས་ཐུབ་མིན་སྐོར། འདིར་ནང་པ་སངས་རྒྱས་པའི་མན་ངག་འགའ་ཤས་འཆད་པ་ལ།

༡༽ ཉིན་རེར་ཁུ་སིམ་པོའི་དུས་ཚོད་འགའ་ཟུར་འདོན་ཐོག་སེམས་པ་ཞི་ལྷོད་ཡོང་བར། རང་གི་དབུགས་ཀྱི་རྒྱུ་བ་ལ་དམིགས་པ་གཏད་དགོས།

༢༽ གཞན་དག་གི་ཁྲོད་དུ་སྡོད་པའི་སྐབས། རང་གི་བྱ་སྤྱོད་སྟོན་སྟངས་ཐད་ལ་དྲན་ཤེས་བརྟེན་དགོས་ཤིང་། རང་ཉིད་གཅིག་པུར་གནས་པའི་སྐབས། རང་གི་སེམས་ལ་དྲན་ཤེས་བརྟེན་ནས། ལུས་ཀྱི་བྱ་བ་དང་། ངག་གི་སྐད་ཆ། ཡིད་ཀྱི་བསམ་པ་རྣམས་བཟང་ཕྱོགས་སམ་དགེ་བའི་ལམ་ནས་བསྒྲུབ་ཐབས་བྱེད་དགོས།

༣༽ ཉིན་ལྟར་མི་གང་རུང་ཞིག་ལ་ཡག་པོ་ཞིག་དང་ཕན་པ་ཞིག་བསྒྲུབ་དགོས། དེ་ཡང་ལྷག་བསམ་རྣམ་དག་གིས་ཁོ་ཚོའི་བདེ་སྐྱིད་ལ་དོ་ཁུར་བྱེད་དགོས།

༤༽ གཞན་དག་ལ་གཏོང་ཕོད་བྱེད་པས། རང་མཐོང་ངམ་རང་ཉིད་རང་ལ་ཡོད་པའི་རིན་ཐང་དེ་གོང་མཐོར་གཏོང་གི་ཡོད།

༥༽ སོ་སོ་རང་ཉིད་དང་གཞན་གྱི་དོ་གལ་ཆེ་བའི་དོན་གནད་ལ་དམིགས་ནས། དཀའ་ངལ་འབྱུང་སྐབས་ཕན་ཐོགས་ལྡན་པའི་བསམ་ཚུལ་འདོན་དགོས།

༦༽ གཞན་དག་གིས་བྱས་པའི་ནོར་འཁྲུལ་ལ་འཛིན་པ་མི་བྱ་བར། དགོངས་ཡངས་ཀྱི་ཉམས་ལེན་བྱེད་དགོས།

༧༽ རང་ཉིད་ཀྱིས་ནོར་འཁྲུལ་ཤོར་བར་འཛིན་པ་མི་བྱ་བར། སོ་སོར་བཟོད་སྒོམ་བྱེད་དགོས།

༨༽ མི་ཚེའི་ནང་དར་རྒུད་གྱིས་ཁེངས་ཤིང། རང་ཉིད་ལ་གནས་སྟངས་སྡུག་པོ་ཇི་ཙམ་བྱུང་བ་ཡིན་ནའང་། ཐམས་ཅད་དེ་ལས་བརྒལ་ཏེ་མདུན་བསྐྱོད་བྱེད་ཀྱི་ཡོད། 

བདེ་སྐྱིད་ནི་མེད་པ་ཞིག་ནས་རང་བྱུང་དུ་མི་ཡོང་ཞིང་། བདེ་སྐྱིད་ཡོང་བར་བྱེད་པ་ལ་སོ་སོ་ཡར་རྒྱས་གཏོང་དགོས་ངེས་ཡིན། ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་པའི་སྒོ་ནས། ང་ཚོ་ཚང་མས་མི་ཚེ་བདེ་སྐྱིད་ངང་སྐྱེལ་ཐུབ།

བརྙན་པར། “སེམས་ཀྱི་ཞི་བདེ་ཇི་ལྟར་འཚོལ་དགོས་སམ།”
Top