ནང་པའི་གཞི་རྩའི་ཡིད་ཆེས་བཅུ།

10%20basic%20buddhist%20beliefs

༡༽ མི་ཚང་མས་བདེ་སྐྱིད་དང་ལྡན་པའི་མི་ཚེ་ཞིག་སྐྱེལ་འདོད་ཀྱང་། བདེ་སྐྱིད་ཀྱི་དོན་ག་འདྲ་ཞིག་ལ་གོ་དགོས་པ་དང་། དེ་ག་འདྲ་སེ་བསྒྲུབ་དགོས་མིན་ཤེས་མཁན་མི་ཉུང་ཤས་ལས་མེད།

༢༽ ང་ཚོའི་སེམས་ཚོར་དང་བསམ་བློའི་འཁྱེར་སོ་ཡིས། ང་ཚོས་ཚོར་བ་གང་འདྲ་མྱོང་མིན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། བསམ་བློར་སྦྱོང་བརྡར་སྤྲད་པའི་ཐོག་ནས། རང་ཉིད་ཀྱི་བསམ་བློ་ངན་པའམ་མི་དགེ་བའི་བསམ་བློ་རྣམས་མེད་པ་བཟོ་བ་དང་། བཟང་ཕྱོགས་ཀྱི་དགེ་བའི་བློ་རྣམས་སྔར་ལས་ལྷག་པ་གོང་འཕེལ་དུ་གཏོང་ཐུབ་པ་ཡིན། དེ་ལྟར་བྱས་ན་མི་ཚེ་དོན་གོ་ཆོད་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་གྱི་ཡོད།

༣༽ སེམས་ཚོར་མི་སྡུག་པའམ་ཉོན་མོངས་པ་སྟེ། དཔེར་ན། ཁོང་ཁྲོ། འཇིགས་སྐྲག འདོད་རྔམས་དང་ཆགས་ཞེན་བཅས་ཀྱིས། ང་ཚོའི་སེམས་ཀྱི་ཞི་བདེ་བརླགས་ཤིང་རང་སེམས་རང་བཅུན་མ་ཐུབ་བཟོ་ཡི་ཡོད།

༤༽ རང་ཤུགས་ཀྱིས་ངང་ནས་ཁོང་ཁྲོ་དང་འདོད་རྔམས་བྱེད་པ་དེས། ང་ཚོར་དཀའ་ངལ་དང་སེམས་མ་སྐྱིད་པ་བཟོ་ཡི་ཡོད། སེམས་ལ་སྦྱོང་བརྡར་སྤྲད་པའི་ཐོག་ནས། ང་ཚོས་སེམས་ལྷིང་འཇགས་སུ་གནས་ཐབས་དང་། བསམ་བློ་ཞིབ་ཚགས་པོ་གཏོང་བ་དང་། བློ་གྲོས་དང་ལྡན་པའི་སྒོ་ནས་ལས་ཀར་འཇུག་པ་བཅས་ཤེས་ཐུབ་པ་ཡིན།  

༥༽ སེམས་ཚོར་ཡང་དག་པའམ་དགེ་བའི་སེམས་ཚོར། དཔེར་ན། བྱམས་པ། རྙིང་རྗེ། བཟོད་བསྲན་དང་བསམ་ཤེས་སོགས་ཀྱིས། ང་ཚོ་མུ་མཐུད་དེ་སེམས་པ་ལྷིང་འཇགས་སུ་གནས་ཐབས་དང་། སེམས་སྦུག་ཡངས་ལ་བློ་རིག་གསལ་པོས་ང་ཚོར་སྔར་ལྷག་བདེ་བ་འཐོབ་པ་ཡིན། ང་ཚོས་སྦྱོང་བརྡར་གྱི་ལམ་ནས་དེ་དག་གོང་འཕེལ་དུ་གཏོང་ཐུབ།

༦༽ རང་གཅེས་འཛིན། རང་དོན་དོན་གཉེར་གྱི་སྤྱོད་པ་དང་བསམ་བློས་ང་ཚོ་གཞན་དང་རྒྱང་ཐག་རིང་དུ་གཏོང་ལ། ང་ཚོ་མི་སྐྱིད་པ་བཟོ་ཡི་ཡོད། སེམས་ལ་སྦྱོང་བརྡར་སྤྲད་པའི་ཐོག་ནས། ང་ཚོས་དེ་དག་ལས་ཐར་བར་བྱེད་ཐུབ།

༧༽ ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པ་ཤེས་རྟོགས་དང་། ང་ཚོའི་འཚོ་གནས་ནི་ཕན་ཚུན་བརྟེན་ནས་གྲུབ་ཡོད་པ་དེས། ང་ཚོའི་སེམས་པ་རྒྱ་ཆེ་རུ་གཏོང་ཞིང་། གཞན་ལ་སེམས་ཁུར་སྐྱེད་པ་དང་། ང་ཚོར་བདེ་སྐྱིད་ལྷག་ཏུ་སྤྲོད་པ་ཡིན།

༨༽ ང་ཚོས་རང་དང་གཞན་ལ་བལྟ་སྟངས་ནི། རྨོངས་པ་གཞིར་བྱས་པའི་རྣམ་རྟོག་གི་སྤྲོས་པ་རྣམས་ཡིན། ང་ཚོས་རྣམ་རྟོག་གིས་སྤྲོས་པ་རྣམས་དངོས་པའི་གནས་ལུགས་དང་མཐུན་པར་ཡིད་ཆེས་པའི་སྐབས་སུ། རང་གཞན་ཀུན་ལ་དཀའ་ངལ་བཟོ་ཡི་ཡོད།

༩༽ ཡང་དག་པའི་རྟོགས་པ་ལས། ང་ཚོས་ཐེ་ཚོམ་གྱི་རྨོངས་གཉིད་དེ་སེལ་ནས། དངོས་པོའི་གནས་ལུགས་མཐོང་ཐུབ། དེས་མི་ཚེའི་ནང་དུ་གནས་དོན་གང་འདྲ་ཞིག་འབྱུང་ཡང་། དེ་ལ་ཞི་འཇམ་པོ་དང་བློ་གྲོས་དང་ལྡན་པའི་སྒོ་ནས་གདོང་ལེན་བྱེད་ཐུབ་པ་ཡིན།

༡༠༽ རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ། མི་བཟང་པོ་ཞིག་ཆགས་པའི་ཆེད་དུ་ཡིན། དེ་ནི་མི་ཚེ་གང་པོར་སྒྲུབ་དགོས་པའི་དཀའ་ཚེགས་ཅན་གྱི་གནས་སྟངས་ཤིག་ཡིན་རུང། དེ་ལྟར་བྱེད་པ་ནི་ང་ཚོའི་འཚོ་བའི་ནང་དུ་དོན་སྙིང་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན།

བརྙན་པར། ༸གོང་ས་མཆོག “མི་ཚེ་དོན་དང་ལྡན་པ་ཞིག” 
Top