Study buddhism tsenzhab 500

མཚན་ཞབས་སེར་ཀོང་རིན་པོ་ཆེ།

མཚན་ཞབས་སེར་ཀོན་རིན་པོ་ཆེ་མཆོག་ནི་ (༡༩༡༤ - ༡༩༨༣) ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དགེ་བའི་བཤེས་གཉེན་ནང་ནས་གཅིག་ཡིན་པ་མ་ཟད། རྟགས་གསལ་གྱི་ཟླ་གྲོགས་ ༼མཚན་ཞབས་༽ གཙོ་བོ་ཡང་རེད། ཁོང་ནི་བོད་ཀྱི་ནང་ཆོས་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ལཁྱོན་ཡོངས་ཀྱི་མཁྱེན་རྒྱ་ཡངས་ཤིང་། རྒྱ་གར་ནང་ཁོང་གིས་བོད་ཀྱི་དགོན་སྡེ་ཁག་བསྐྱར་འཛུགས་ཆེད་རོགས་རམ་གནང་། བྱང་ཨ་མེ་རི་ཀ་དང་ཡུ་རོབ་ལ་ཡུལ་སྐོར་ཆོས་ཁྲིད་ཐེངས་གཉིས་མཛད། ཁོང་རང་ཉིད་ཀྱི་མཁྱེན་པའི་ཡོན་ཏན་དང་། དགོད་བྲོའི་རང་གཤིས། ཁ་ཡོད་ལག་ཡོད་ཀྱི་མཛད་སྤྱོད་ཀྱིས་སྐྱེ་བོ་སུ་འདྲ་ཞིག་ཁོང་དང་མཇལ་ནའང་ཡིད་དབང་མེད་དུ་འཕྲོག་པར་མཛད།

འབྲེལ་ཡོད་རྩོམ་ཡིག་ཁག
Top