ང་ཚོའི་སྐོར།

studybuddhism.com ཞེས་པའི་དྲྭ་ལྗོངས་འདི་ནི། ཚད་ལྡན་ནང་པ་སངས་རྒྱས་པའི་ཆོས་རྣམས་ཁ་ཡོད་ལག་ཡོད་དུ་ བསྟན་པའི་གཞི་རྒྱ་ཆེ་བའི་འབྱུང་ཁུངས་ཞིག་རེད། ང་ཚོའི་དམིགས་ཡུལ་ནི། རིན་པ་མེད་པ་དང་ཚོང་གི་གསལ་བསྒྲགས་སོགས་མེད་པའི་ཐོག་བོད་ཀྱི་ཤེས་རབ་དེ་ང་ཚོའི་དེང་དུས་འཛམ་གླིང་ནང་མཁོ་སྤྲོད་བྱ་རྒྱུ་དེ་ཡིན།

དྲྭ་ལྗོངས་འདི་ནི་བྷར་ཛིན་བཤད་མཛོད་རྒྱུན་སྐྱོང་བའི་ཐོན་རབས་གཉིས་པ་དེ་ཡིན་ཞིང་། ད་ེཡང་ཐོག་མར་འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱིས་ཕྱི་ལོ་ ༢༠༠༡ ལ་གསར་འཛུགས་གནང་བ་ཞིག་ཡིན། ཁོང་ནི་ནང་ཆོས་དགེ་རྒན་ཆེན་མོ་ཞིག་དང་། ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། མི་ལོ་ ༥༠ ལས་ལྷག་གི་ཉམས་མྱོང་ཡོད་མཁན་གྱི་ནང་ཆོས་ཉམས་ལེན་པ་ཞིག་ཀྱང་ཡིན། ནང་ཆོས་སྦྱོངས་ studybuddhism.com ཞེས་པའི་དྲྭ་ལྗོངས་འདི་ད་ལྟའི་ཆར་ཚོགས་མི་ ༨༠ ལས་མང་བའི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པ་མ་ཟད། མུ་མཐུད་ནས་རྒྱ་སྐྱེད་དུ་འགྲོ་བཞིན་ཡོད་དང་། ང་ཚོས་དྲྭ་ལྗོངས་ཐོག་ནང་ཆོས་ཀྱི་སྐོར་རྩོམ་ཡིག་གསར་པ་དང་། གཟུགས་མཐོང་བརྙན་པར། སྒྲ་འཇུག་བྱས་པ་སོགས་རྒྱུན་གཏན་དུ་སྤེལ་གྱིན་ཡོད།

10,357 Articles
༡༦༦༣༧
རྩོམ་བྲིས།
20,900 Subscribers
༧༧༠༠༠
རྒྱུན་མངཌ་གནང་མཁན།
2,012 Listeners
༣༡༤༦
ཉན་མཁན།
43,733 Followers
༤༧༠༠༠
རྗེས་འབྲང་པ།
7,700 Readers
༨༦༧༧
ཀློག་མཁན།

ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ནང་ཆོས་སྦྱོངས་ཞེས་པའི་དྲ་ཚིགས་འདི་བཞིན་དྲ་ཐོག་གླེང་སྟེགས་ནང་ནས་རྙིང་ཤོས་ གཅིག་དང་ཆོད་སེམས་ཆེ་ཤོས་གཅིག་ཏུ་གནས་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་རིན་མེད་དང་། ཀུན་གྱིས་ལོངས་སུ་སྤྱོད་ཐུབ་པ། སྤུས་ཚད་མཐོ་བའི་ནང་ཆོས་ཀྱི་ ཆ་རྐྱེན་ཇི་དགོས་སྐོར་མཁོ་སྤྲོད་བྱེད་ཀྱི་ཡོད།


ནང་ཆོས་སྦྱོངས་ཞེས་པ་འདི་དམིགས་བསལ་གང་གིས་ལོགས་སུ་ཁྱད་པར་འབྱེད་ཀྱི་ཡོད་དམ།

ཚད་ལྡན་གྱི་གསུང་ཆོས་ཁག ང་ཚོའི་གླེང་སྟེགས་འདི་བརྒྱུད་ནས་ལས་དང་པོ་བ་རྣམས་དང་མཐུན་པའི་བརྗོད་དོན་ནས་བཟུང་སྟེ་མཐོ་རིམ་ཤེས་ཡོན་དང་འབྲེལ་བའི་གཏིང་ཟབ་གོ་རྟོགས་བར་དུ་ ཆོས་ཚུལ་གྱི་རིམ་པ་སྣ་ཚོགས་པ་མཁོ་སྤྲོད་བྱེད་ཀྱི་ཡོད།
དཔེ་མཛོད་ཀྱི་བརྗོད་དོན་རྒྱས་པ། སྐད་རིགས་མི་འདྲ་བ་ ༣༧ ནང་ཡོད་པའི་རྩོམ་བྲིས་རིགས་༡༦༠༠༠ ལས་བརྒལ་བ་ལ་ལྟ་ཀློག་བྱེད་ཐུབ་པས། ནང་ཆོས་སྦྱོངས་ཞེས་པའི་དྲ་ཚིགས་ནི་ཤེས་བྱ་མཛོད་ལྟ་བུ་ ཞིག་ཡིན།
བཀོད་སྒྲིག་སྣ་ཚོགས། པོ་བསྒྲག་སྒྲ་འཇུག་རྒྱང་སྲིང་(podcast)ནས་བཟུང་བརྙན་པར་རྒྱང་སྲིང་དང་། བཅར་འདྲིའི་རིགས། རྩོམ་བྲིས་རིགས། སྒོམ་གྱི་སྐོར། དེ་བཞིན་སློབ་ཚན་གྱི་རིགས་ལ་སོགས་པ་བསླབ་པ་སློབ་གཉེར་གྱི་ཉམས་མྱོང་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད།
རིན་མེད་ཁྱབ་བསྒྲགས་ཀྱི་ཉམས་མྱོང་། ང་ཚོའི་ཤེས་བྱ་གནས་ཀྱི་འབྱུང་ཁུངས་ཀུན་ལ་བར་ཆད་དང་རྣམ་གཡེང་མེད་པར་ལོངས་སུ་སྤྱོད་རོགས།
རིས་མེད་ཀྱི་ལངས་ཕྱོགས། ང་ཚོས་སྣ་མང་དང་འདྲ་མཉམ་གྱི་ལམ་སྲོལ་དང་ལེན་བྱེད་པའི་སྒོ་ནས་ནང་ཆོས་ཀྱི་ལམ་དང་ལུགས་སྲོལ་གང་མང་མང་གི་སྐོར་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད།
ཐུན་མིན་ལོ་རྒྱུས་ཀྱི་གཏིང་ཟབ་གོ་རྟོགས། གཞན་གང་དུའང་རྙེད་དུ་མེད་པའི་ལོ་རྒྱུས་ཀྱི་གནས་ཚུལ་གསར་རྟོགས་དང་། ནང་པའི་གཅེས་ནོར་ཐད་ཀྱི་ཤེས་རྟོགས་ཕྱུག་ཏུ་གཏོང་བ།

ཞལ་འདེབས།

བྷར་འཛིན་བཤད་མཛོད་ཀྱི་ངེས་སྟོན་ལྷན་རྒྱས།

འབུམ་རམས་པ་ཨེལ་ཌེ་མར་ཨེན་ཌྲེ་སི་ཧེ་ཇེ་ཝལ་ཌི།
ཚོགས་གཙོ།
ཁར་སི་ཊེན་བྷ་ཁེམ།
ཚོགས་གཙོ་གཞོན་པ།
འབུམ་རམས་པ་གོར་ཤེ་ནུ་མ་ཏ།
འཕྲུལ་རིག་ཚོགས་གཙོ།

ཆོས་ཀྱི་སློབ་སྟོན་པ།

མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ།
ཀློག་རོགས།

ཚོགས་མི།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།
གསར་འཛུགས་གནང་མཁན་དང་རྩོམ་པ་པོ།
ཀློག་རོགས།
མེཊ་ལིན་ཌེན།
རྩོམ་སྒྲིག་པ་གཙོ་བོ་དང་པར་པ།
ཇུ་ལི་ཡ་སི་སི་མ་ལཱ་ནན།
འཆར་འགོད་དང་ཇུས་འགོད་པ།
ཨན་ཌི་རེའི་ཟི་ཌོ་རོ་ཚོབ།
དྲ་ཚིགས་བཟོ་འགོད་པ།
མེཀ་སིམ་སེ་ཝེར་རིན།
གནས་བསྡུས་དབྱེ་ཞིབ་པ།
ཨེ་ལེཀ་སེ་ ལུ་ན་ཆརས྄་ཀི།
འཕྲུལ་རིག་ལས་རོགས།
ཨཱི་ཝ་ཇེ་ནི་བྷུ་ཛི་ཡ་ཏོ་ཝ།
འཕྲུལ་རིག་ལས་རོགས།
སོ་ཧྥི་ བོཌ།
འཕྲུལ་རིག་ལས་རོགས།
ཡུ་ཇིན་ཛུ་ཀོབ་སི་ཀི།
འཕྲུལ་རིག་ལས་རོགས།
ཨན་ཌྲི་ཡས྄་ ཀིལ་མེན།
ཁྲིམས་དོན་དྲ་སྦྲེལ།

བོད་ཡིག་

བསྟན་པ་ཚེ་རིང་།
ཡིག་སྒྱུར་པ།
ཨཱཙཱརྱ་གྲགས་པ་རྒྱ་མཚོ།
རྩོམ་སྒྲིག་པ།, ཡིག་སྒྱུར་པ།

བརྡ་འཕྲིན།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག །
ཀློག་རོགས།
གླིང་རིན་པོ་ཆེ།
ཀློག་རོགས།
མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ།
ཀློག་རོགས།
Top