ཚད་མཐོའི་སློབ་སྦྱོང་།

ང་ཚོས་ནང་ཆོས་ལ་ག་ཚོད་ཀྱིས་གཏིང་ཟབ་པ་སྦྱངས་བ་དེ་ཚོད་ཀྱིས་ང་ཚོའི་མི་ཚེར་འགྱུར་བ་གཏོང་བའི་ཉམས་ལེན་གྱི་ནུས་པ་ཆེ་རུ་འགྲོ་གི་ཡོད། ང་ཚོའི་སེམས་ནི་ཧ་ཅང་རྙོག་འཛིངས་ཆེན་པོ་ཡོད་པས། ང་ཚོར་དེ་ལ་དཔག་པའམ་རན་ཞིང་འཚམ་པའི་ཐབས་ལམ་ཞིག་དགོས་ཀྱི་ཡོད། ཆོས་ལ་སློབ་གཉེར་བྱེད་པ་དེས་ཐབས་ལམ་དེ་དག་མ་ཚང་བ་མེད་པ་རེ་རེ་བཞིན་དུ་གསལ་སྟོན་བྱེད་ཀྱི་ཡོད། དེ་ཡང་། དཔེར་ན། མགོ་རྙོག་ཅན་གྱི་ལྷུ་སྒྲིག་རྩེད་མོའི་ནང་གི་གྲུབ་ཆ་རེ་རེ་མཉམ་སྡེབ་ཀྱིས་སྒྲིག་པ་ནང་བཞིན། ང་ཚོས་ཆོས་ཀྱི་ཆ་ཤས་དེ་དག་མཉམ་སྡེབ་ཀྱིས་བསམ་བློ་དང་སྒོམ་ཉམས་ལེན་བྱས་ནས་ཉིན་རེའི་མི་ཚེའི་ནང་ལག་བསྟར་ཐུབ་པའི་ལམ་ཞིག་གསལ་སྟོན་བྱེད་ཀྱི་ཡོད།
Top