ཞལ་འདོན་དང་ཆོ་གའི་རིགས།

ནང་ཆོས་ཀྱི་ཉམས་ལེན་གཙོ་བོ་ནི། ང་ཚོའི་གནོད་བྱེད་མི་དགེ་བའི་སེམས་ཚོར་མེད་པ་བཟོས་ནས་ཕན་བྱེད་དགེ་བའི་སེམས་ཚོར་རྣམས་ཤུགས་ཆེ་རུ་བཏང་སྟེ། ང་ཚོའི་བསམ་བློར་འགྱུར་བ་གཏོང་རྒྱུ་དེ་རེད། ཁ་འདོན་དང་ཆོ་ག་ཕྱག་ལེན་གཅིག་པུས་དེ་སྒྲུབ་མི་ཐུབ་ཀྱང་། དེ་དག་གིས་ང་ཚོའི་སྒོམ་ཉམས་ལེན་དང་སློབ་གཉེར་ལ་ཕན་ཐོགས་ཐུབ་པ་དང་། ང་ཚོའི་ཆོས་ཀྱི་བྱེད་སྒོ་ཁག་ལ་སྒྲོམ་གཞི་ཞིག་ཁ་སྣོན་བྱེད་ཐུབ། རྣམ་དཔྱོད་དང་། སེམས་ཚོར། དད་མོས་ཀྱི་ཆ་རྐྱེན་འཁོད་སྙོམས་པོ་དེས་ང་ཚོའི་ནང་ཆོས་ཀྱི་ཉམས་ལེན་ཁྱོན་ཡོངས་ནས་ཆ་ཚང་བ་ཞིག་བཟོ་གི་ཡོད།
Top