ཡན་ལག་བདུན་གྱི་སྨོན་ལམ་གྱི་འགྲེལ་བ།

དོ་དགོང་ངས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འཛིན་གྲྭ་རེ་རེའི་འགོ་འཛུགས་སྐབས་ཀྱི་སྔོན་འགྲོའི་རིམ་པ་རྣམས་ཁ་ཡོད་ལག་ཡོད་ཀྱི་དོན་དངོས་དང་མཐུན་པའི་སྒོ་ནས་འགྲེལ་བརྗོད་བྱ་རྒྱུ་ཡིན། དེ་དག་གི་ནང་དུ་སྤྱོད་འཇུག་ནས་གསུངས་པའི་ཡན་ལག་བདུན་པའི་ཉམས་ལེན་ཚུད་ཡོད། ཆོས་ལ་ཐོས་བསམ་སློབ་གཉེར་མ་བྱས་སྔོན་སྔོན་འགྲོའི་རིམ་པ་དེ་དག་ཉམས་སུ་བླངས་ན། ང་ཚོས་སེམས་ཀྱི་གནས་བབས་གོ་ཤེས་ལྡན་ལ་ཡང་དག་པ་ཞིག་སྐྲུན་པར་ཕན་གྱི་ཡོད། ང་ཚོས་རང་སོ་སོའི་ནང་དུ་ཉིན་རེའི་སྒོམ་དང་ཆོས་ལ་སློབ་གཉེར་མ་བྱས་གོང་ཉམས་ལེན་གྱི་ཚན་གཅིག་པ་ཞིག་ལག་བསྟར་བྱེད་ཀྱི་ཡོད།

Top