བྱང་ཆུབ་སྨོན་པའི་སེམས་དང་འཇུག་པའི་སེམས།
བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྟེ། སེམས་ཅན་བློས་མི་བཏང་བར་གཞན་དོན་ཁོ་ན་ལ་ཡོངས་སུ་བརྩོན་ཞིང་། གང་ཐུབ་ཅི་ཐུབ་ཀྱིས་སེམས་ཅན་རྣམས་ལ་ཕན་པ་སྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་རྒྱུའི་སེམས་དེ་ཡིན། བྱང་ཆུབ་ཀྱི་སེམས་ལ་དབྱེ་བ་གཉིས་ཡོད་པ་ནི།
༡༽ སྨོན་སེམས།
༢༽ འཇུག་སེམས་གཉིས་རེད།
སྨོན་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། རང་ཉིད་ཀྱི་སྐྱོན་གྱི་ཆ་རྣམས་ལས་ཐར་ཞིང་། རང་གི་ནུས་པ་རྟོགས་པའི་མོས་པ་དང་འདུན་པ་ཤུགས་དྲག་དེ་ཡིན། འཇུག་པ་སེམས་བསྐྱེད་ནི། དེ་ལྟ་བུ་བསྒྲུབ་བྱ་གཞན་ཕན་གྱི་དོན་བསྒྲུབ་པར་བྱེད་པའི་ཆོས་ཉམས་སུ་ལེན་པ་དང་། དེ་དག་ལ་བར་ཆད་དུ་འགྲོ་བའི་ལས་རྣམས་སྤོང་བར་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་བ་དེ་ཡིན། སྨོན་སེམས་དང་འཇུག་སེམས་གཉིས་དབར་གྱི་ཁྱད་པར་ནི། དཔེར་ན། སྨན་པ་མཁས་པ་ཞིག་ཆགས་འདོད་ཡོད་པ་དང་། དེ་ལྟར་ཆགས་པའི་ཕྱིར་དུ་དངོས་སུ་སྨན་གྱི་སློབ་གྲྭར་འཛུལ་བཞུགས་བྱེད་པ་དང་མཚུངས་པ་ཡིན།