དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་སློབ་སྦྱོང་བྱེད་པ།

ཆོས་ཕྱོགས་དང་འབྲེལ་བའི་དགེ་རྒན་དང་དགེ་ཕྲུག་གི་གནས་ཚད་ལ་རིམ་པ་མང་པོ་ཡོད་པ་རེད། ནུས་པ་དང་ལྡན་པའི་དགེ་ཕྲུག་ཚོས་སོ་སོ་དང་སོ་སོའི་དགེ་རྒན་དེ་དངོས་ཡོད་གནས་ཚུལ་ལ་དེ་འདྲ་མིན་ནའང་། ད་དུང་ཚད་ལྡན་དང་མཚན་ཉིད་ཚང་བ་ཡིན་བསམ་པའམ། ཡང་མིན་ན་སོ་སོའི་དགེ་རྒན་དེ་གསོ་དཔྱད་པ་ཞིག་ཡིན་པར་ཆ་འཇོག་བྱེད་པའི་སྐབས་སུ་རང་ཉིད་ལ་མགོ་རྙོག་ཆེན་པོ་འབྱུང་གི་ཡོད། དྲང་པོའི་ཐོག་ཁ་ནང་བལྟས་ཀྱི་དཔྱད་པ་དང་དོན་དངོས་དང་མཐུན་པའི་དཔྱད་པ་བརྒྱུད་ང་ཚོ་རེ་རེ་བཞིན་སོ་སོ་རིམ་པ་གང་གི་ནང་ཡོད་པ་གསལ་པོ་བཟོ་བ་དང་། དེ་ནས་ང་ཚོས་དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་བ་བཟང་པོ་ཞིག་གོང་འཕེལ་གཏོང་ཐུབ་པ་ཡིན།

དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་ལམ་ཐད་དངོས་མྱོང་གི་བདེན་དོན།

དགེ་རྒན་དང་དགེ་ཕྲུག་དབར་གྱི་འབྲེལ་ལམ་ཐད་མགོ་རྙོག་སེལ་བར། ང་ཚོས་དངོས་མྱོང་གི་བདེན་དོན་ཁ་ཤས་ངོས་ལེན་བྱེད་དགོས་པ་ནི།

༡༽ ཧ་ལམ་ཆོས་དོན་དུ་གཉེར་མཁན་ཚང་མ་ལམ་གྱི་རིམ་པ་བརྒྱུད་ནས་ཡར་རྒྱས་འགྲོ་གི་ཡོད།

༢༽ ཆོས་ཉམས་ལེན་པ་མང་ཆེ་བས་སོ་སོའི་མི་ཚེའི་ནང་དགེ་རྒན་ཁ་ཤས་ཀྱི་དྲུང་ནས་སློབ་སྦྱོང་བྱེད་པ་དང་། དེ་དག་རེ་རེ་ལ་འབྲེལ་ལམ་མི་འདྲ་བ་རེར་བཟོ་གི་ཡོད།

༣༽ ཆོས་ཕྱོགས་ཀྱི་དགེ་རྒན་ཚང་མར་གྲུབ་འབྲས་གནས་རིམ་གཅིག་པ་ཐོབ་མེད།

༤༽ ཆོས་དོན་གཉེར་ཅན་བྱེ་བྲག་པ་ཞིག་དང་དགེ་རྒན་བྱེ་བྲག་པ་ཞིག་དབར་གྱི་འོས་ཤིང་འཚམས་པའི་འབྲེལ་བ་ཡོང་བ་ནི་གཉིས་ཀའི་ཆོས་ཤེས་ཚད་ཀྱི་རིམ་པ་ལ་རག་ལས་ཡོད།

༥༽ མི་རྣམས་ཀྱིས་སྤྱིར་བཏང་ནས་ལམ་སྒོམ་པ་དང་མཉམ་དུ་སོ་སོའི་ཆུ་ཚད་མཐོ་རུ་ཕྱིན་པ་ན་དགེ་རྒན་ལ་གཏིང་ཟབ་པོའི་འབྲེལ་ལམ་ཡོང་གི་ཡོད།

༦༽ ཆོས་དོན་གཉེར་ཅན་གྱི་མི་རེ་རེའི་མི་ཚེའི་ནང་དགེ་བའི་བཤེས་གཉེན་གཅིག་པ་ཡིན་ནའང་། དེའི་མཛད་པ་མི་འདྲ་བ་སྐྱོང་ཞིང་། དོན་གཉེར་ཅན་སོ་སོར་དགེ་རྒན་དེ་དང་མཉམ་དུ་འབྲེལ་ལམ་འཚམས་ཤོས་དེའང་མི་འདྲ་བ་ཡོང་སྲིད།

Top