དུས་ཀྱི་འཁོར་ལོའི་དབང་ཞེས་པ་ག་རེ་ཡིན་ནམ།

དུས་ཀྱི་འཁོར་ལོའི་དབང་ཞེས་པ་ནི། འཛམ་གླིང་ཞི་བདེ་ཁྱབ་སྤེལ་དང་། ཉམས་ལེན་པ་རྣམས་གསང་སྔགས་ཀྱི་སྒོམ་ལ་གྲ་སྒྲིག་ཡོང་བའི་ཆེད་དུ་གནང་བའི་སངས་རྒྱས་པའི་ཆོ་ག་ཞིག་ཡིན། སངས་རྒྱས་པའི་ཆོས་ཚད་མཐོ་པོ་གཞན་དག་དང་མི་འདྲ་བར། དབང་འདི་ནི་ཆོས་ཞུ་བ་རྒྱ་ཆེའི་མང་ཚོགས་སྤྱི་ལ་གནང་སྲོལ་ཡོད་པ་དང་། ཆོས་ཞུ་མཇལ་བཅར་བའི་གྲངས་འབོར་མང་ཤོས་བསྐྲུན་ཡོད་པ་དང་། དེང་གི་ཆར་ཡང་དེ་ལྟར་ཡིན་མུས་ལགས། ༧གོང་ས་མཆོག་གིས་དུས་ཀྱི་འཁོར་ལོའི་དབང་འདི་རྒྱ་གར་དུ་གནང་སྐབས། འཛམ་གླིང་ཡུལ་གྲུ་གང་སར་ནས་མི་བརྒྱ་ཕྲག་སྟོང་ཕྲག་བརྒལ་བ་མཉམ་འཛོམས་ཡོང་གི་ཡོད། འོན་ཀྱང་དྲི་བ་ཞིག་ཡོད་པ་ནི། དེ་ག་རེའི་ཆེད་དུ་ཡིན་ནམ།

ལེགས་སྦྱར་སྐད་དུ་ཀཱལ་ཙཀྲ་ཞེས་པ་བོད་སྐད་དུ་དུས་ཀྱི་འཁོར་ལོ་ཞེས་པའི་དོན་ཡིན། དངོས་གནས་བྱེད་ན། དུས་ཚོད་ནི་ང་ཚོའི་དགྲ་བོ་ཆེ་ཤོས་དེ་ཡིན། དུས་ཀྱི་འཕར་ཆ་དང་བསྟུན་ནས་ང་ཚོ་རྒས་འགྲོ་བ་དང། རང་ཉིད་ཀྱི་ནུས་པ་ཆ་ཚང་ཤོར་ནས་ཤི་འགྲོ་བ་ཡིན། གལ་ཏེ་ང་ཚོས་སླར་སྐྱེ་བ་ལེན་པའི་ཐོག་ནས་བསམ་ན། ང་ཚོ་འཁོར་ལོ་འདི་བརྒྱུད་དེ་ཡང་ནས་ཡང་དུ་མཐའ་མེད་པར་འགྲོ་དགོས་པ་འདྲ་པོ་ཞིག་ཡོད། དེ་ཞེད་སྣང་ཚ་པོ་གང་འདྲ་མི་འདུག མི་ཚེ་འདི་རང་གི་ནང་དུའང་། ང་རང་ཚོ་སྐུལ་རྒྱུའམ་ཧོར་མོན་ (hormone) གྱི་འཁོར་ལོ་དང་། ནམ་དུས་ཀྱི་འཁོར་ལོ་དང་། སྐར་རྩིས་ཀྱི་འཁོར་ལོ་བཅས་དེ་དག་གི་ཤ་ཚ་སྙིང་རྗེའི་འོག་ཏུ་གནས་ནས་ཡོད་པ་ཡིན།

ཚད་མཐོ་པོའི་དུས་འཁོར་གྱི་སྒོམ་དེས། དུས་ཀྱི་དམ་འཛིན་དེ་བཅག་ནས་ང་ཚོ་དེ་ལས་ཐར་བར་བྱེད་ཐུབ་པ་ཡིན། ང་རང་ཚོའི་གཟུགས་པོའི་ནང་དང་། ནམ་རྒྱུན་གཡས་གཡོན་དུ་གང་འབྱུང་བཞིན་ཡོད་པ་ཡིན་ནའང་། རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དེ་གཞན་ལ་ཕན་ཐོགས་པའི་ཕྱོགས་སུ་འགྲོ་ཐུབ་པ་ཞིག་ཆཌ་ཀྱི་ཡོད། འབྱུང་ཁུངས་དང་ལོ་རྒྱུས་མི་འདྲ་བའི་མི་ཚོགས་མང་པོ་ཞིག་བྱམས་པ་དང་སྙིང་རྗེ། ཤེས་རབ་ཅེས་ཀྱི་སྐོར་སྦྱོང་བའི་ཆེད་དུ་མཉམ་དུ་འཛོམས་པའི་སྐབས་སུ། དེ་དག་གིས་མཐུན་འབྲེལ་གྱི་དུས་དང་གནས་ཤིག་བསྐྲུན་པ་ཡིན། དེ་ལྟར་རྒྱང་རིང་པོར་ཁྱབ་སྤེལ་གྱིས།  དུས་ཀྱི་འཁོར་ལོའི་དབང་གི་སྐབས་སུ་མཉམ་འཛོམས་ཀྱི་བྱ་བ་དེ་ངོ་མ་འཛམ་གླིང་ཞི་བདེ་ལ་བྱས་རྗེས་བཞག་པའི་ངོ་མཚར་གྱི་ལམ་ཞིག་ཡིན་ནོ།།

Top