བློ་སྦྱོང་ཚིག་བརྒྱད་མ།

༡༽ བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་ཤོག། 

༢༽ གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག། 

༣༽ སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག། བདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་ཤོག། 

༤༽ རང་བཞིན་ངན་པའི་སེམས་ཅན་རྣམས།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་ཤོག། 

༥༽ བདག་ལ་གཞན་གྱིས་ཕྲག་དོག་གིས།། གཤེ་བསྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང༌།། རྒྱལ་ཁ་གཞན་ལ་འབུལ་བར་ཤོག། 

༦༽ ང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་བྱེད་ནའང༌།། བཤེས་གཉེན་དམ་པར་བལྟ་བར་ཤོག།

༧༽ མདོར་ན་དངོས་སམ་བརྒྱུད་པ་ཡིས།། ཕན་བདེ་མ་རྣམས་ཀུན་ལ་འབུལ།། མ་ཡི་གནོད་དང་སྡུག་བསྔལ་ཀུན།། གསང་བས་བདག་ལ་ལེན་པར་ཤོག། 

༨༽ དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།། རྟོག་པའི་དྲི་མས་མ་སྦགས་ཤིང༌།། ཆོས་ཀུན་སྒྱུ་མར་ཤེས་པའི་བློས།། ཞེན་མེད་འཆིང་བ་ལས་གྲོལ་ཤག། 

Top