ཆོས་ཡངས་པ་དང་ཆོས་ངོ་མ།

ནུབ་ཕྱོགས་པ་མང་ཆེ་བས་སྐྱེ་བ་ཕྱི་མའམ་ཡང་སྲིད་ལ་ཡིད་ཆེས་མེད་པའི་ཐོག་ནང་ཆོས་ལ་འཇུག་གི་ཡོད། གང་ལྟར་ཡང་། སྲོལ་རྒྱུན་གྱི་ནང་ཆོས་ནང་སྐྱེ་བ་ལེན་པ་ལ་ཐོག་མ་མེད་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཆོས་ཡངས་པ་ཞེས་བྱ་བ་ནི། ཚེ་འདི་ཁོ་ན་ཡར་རྒྱས་གཏོང་ཕྱིར་ཉམས་ལེན་བྱེད་ཐབས་ཤིག་ཡིན། དེའི་ནང་ཡང་སྲིད་དམ་སྐྱེ་བ་ཕྱི་མ་སོགས་ཀྱི་བསམ་ཚུལ་དེ་མེད། འདི་ཡང་ཆོས་ངོ་མའི་སྔོན་འགྲོའི་རིམ་པར་ཉམས་སུ་ལེན་པའི་སྐབས། ཆོས་ཡངས་པ་འདི་ནུབ་ཕྱོགས་པ་ཕལ་མོ་ཆེར་ནང་ཆོས་ལ་ཐོག་མར་འཇུག་པའི་རིམ་པ་རན་ཤོས་ཆགས་ཀྱི་ཡོད།

ཆོས་ཡངས་པ་ནི། སྐྱེ་བ་ཕྱིའམ་ཡང་སྲིད་ལ་ཡིད་ཆེས་མེད་པའི་སྒོ་ནས་ཚེ་འདི་ཁོ་ན་ཡར་རྒྱས་གཏོང་ཕྱིར་ཉམས་ལེན་བྱས་པའི་ནང་ཆོས་ཡིན། ཆོས་ངོ་མ་ནི། སྲོལ་རྒྱུན་གྱི་ནང་ཆོས་བཤད་པ་རྒྱག་ཚུལ་ཞིག་སྟེ། དེའི་ནང་སྐྱེ་བ་ཕྱི་མའམ་ཡང་སྲིད་ཚུད་ཡོད།

ནུབ་ཕྱོགས་པ་མང་ཆེ་བས་སྐྱེ་བ་ཕྱི་མའམ་ཡང་སྲིད་ལ་ཡིད་ཆེས་མེད་པའི་ཐོག་ནང་ཆོས་ལ་འཇུག་གི་ཡོད། གང་ལྟར་ཡང་། སྲོལ་རྒྱུན་གྱི་ནང་ཆོས་ནང་སྐྱེ་བ་ལེན་པ་ལ་ཐོག་མ་མེད་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཆོས་ཡངས་པ་ཞེས་བྱ་བ་ནི། ཚེ་འདི་ཁོ་ན་ཡར་རྒྱས་གཏོང་ཕྱིར་ཉམས་ལེན་བྱེད་ཐབས་ཤིག་ཡིན། དེའི་ནང་ཡང་སྲིད་དམ་སྐྱེ་བ་ཕྱི་མ་སོགས་ཀྱི་བསམ་ཚུལ་དེ་མེད། འདི་ཡང་ཆོས་ངོ་མའི་སྔོན་འགྲོའི་རིམ་པར་ཉམས་སུ་ལེན་པའི་སྐབས། ཆོས་ཡངས་པ་འདི་ནུབ་ཕྱོགས་པ་ཕལ་མོ་ཆེར་ནང་ཆོས་ལ་ཐོག་མར་འཇུག་པའི་རིམ་པ་རན་ཤོས་ཆགས་ཀྱི་ཡོད།

སྐྱེ་བ་ཕྱི་མའི་གལ་གནད།

བོད་བརྒྱུད་ནང་བསྟན་ནི་རྒྱ་གར་སྲོལ་རྒྱུན་གྱི་རྗེས་སུ་འབྲང་གི་ཡོད་ཅིང་། རྒྱ་གར་སྲོལ་རྒྱུན་ཚང་མས་སྐྱེ་བ་ཕྱི་མར་ཡིད་ཆེས་བྱེད་དགོས་ཤག་བརྩིས་ཡོད། ཐ་ན་སྲོལ་རྒྱུན་གྱི་དོན་གཉེར་ཅན་ནང་པ་མང་པོས་སྐྱེ་བ་ཕྱི་མ་དང་དེ་ཇི་ལྟར་ལེན་ཚུལ་སྐོར་ཞིབ་ཕྲ་མི་ཤེས་ནའང་། ད་དུང་སྐྱེ་བ་ཕྱི་མའི་བསམ་ཚུལ་དེ་ནི་རིག་གཞུང་དང་མཉམ་དུ་གཏིང་ཚུགས་པའི་འདོད་ཚུལ་ཞིག་ཏུ་གྱུར་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན། ཁོང་ཚོར་གོ་རྟོགས་དེ་གསལ་དུ་ཙམ་གཏོང་དགོས་པ་ལས། སྐྱེ་བ་ཕྱི་མ་གཞི་གྲུབ་སྐོར་ར་སྤྲོད་བྱེད་མི་དགོས། དེར་བརྟེན་ལམ་རིམ་གྱི་གཞུང་ནང་སྐྱེ་བ་ཕྱི་མ་གཞི་གྲུབ་ཡོད་ཚུལ་གསལ་པོ་བཟོ་ཆེད་ཀྱི་སྐོར་གསུང་གི་མེད།

སྐྱེ་བ་ཕྱི་མ་མེད་པར། སེམས་ལ་ཐོག་མ་དང་མཐའ་མ་མེད་པའི་སྐོར་བགྲོ་གླེང་བྱེད་པ་ནི་དོན་མེད་པ་ཉིད་དུ་འགྱུར། སེམས་ལ་ཐོག་མ་དང་མཐའ་མ་མེད་ན། ལས་ཀྱི་རྣམ་གཞག་ཚང་མ་སྙིང་པོ་མེད་པར་འགྱུར། རྒྱུ་མཚན་ནི་ང་ཚོའི་ལས་ཀྱི་འབྲས་བུ་མང་ཆེ་བ་ལས་གསོག་པའི་སྐྱེ་བ་དེ་གའི་ནང་སྨིན་གྱི་མེད། སྐྱེ་བ་མང་པོ་རིང་བསགས་པའི་ལས་དང་འབྲས་བུའི་སྐོར་མ་བཤད་པར། རྒྱུ་འབྲས་དང་རྟེན་འབྱུང་གི་སྟོང་པའི་ཐོག་གི་གོ་སྡུར་རྣམས་དོན་མེད་དུ་འགྱུར་རྒྱུ་རེད།

དེར་མ་ཟད། ལམ་རིམ་ནང་གསུང་པའི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལ་གཞིགས་ནའང་། སྐྱེ་བ་ཕྱི་མ་ལ་ཡིད་ཆེས་མེད་པར་ང་ཚོས་སྐྱེ་བ་ཕྱི་མར་ཕན་ཕྱིར་བཅོས་མིན་གྱི་དམིགས་ཡུལ་ཇི་ལྟར་འཛིན་ཐུབ་བམ། སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པར་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བ་ལས་གྲོལ་ནས་ཐར་པ་འཐོབ་རྒྱུའི་བཅོས་མིན་གྱི་དམིགས་ཡུལ་ཞིག་ཇི་ལྟར་འཛིན་ཐུབ་བམ། སྐྱེ་བ་ཕྱི་མ་གཞི་གྲུབ་པའི་གནས་ལུགས་ལ་ཡིད་ཆེས་མེད་པར་ང་ཚོས་སེམས་ཅན་གཞན་ལ་རང་རང་གི་ཐར་པ་འཐོབ་ཆེད་རོགས་རམ་སླད་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པས། དམིགས་ཡུལ་དེ་ཇི་ལྟར་འཛིན་ཐུབ་བམ།

དེ་ག་ནང་བཞིན་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་མཚོན་ན། སྐྱེ་བ་སྔ་མར་ཡིད་ཆེས་མེད་ན། ང་ཚོས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་ཡོད་པར་བཅོས་མིན་གྱི་ངོས་འཛིན་ཇི་ལྟར་བྱེད་ཐུབ་བམ། སྔགས་བླ་མེད་ཀྱི་ལུགས་དང་བསྟུན་ན། གལ་སྲིད་ང་ཚོས་བར་དོ་དང་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་ན། འཆི་བ་དང་། བར་དོ། སྐྱེ་བ་ཕྱི་མ་བཅས་ཀྱི་རྒྱུན་འཁོར་དབང་མེད་ཀྱིས་ཡང་ནས་ཡང་དུ་རྫོགས་མཐའ་མེད་པ་མྱོང་བ་ལས་ཟློག་ཆེད་འཆི་བ་དང་། བར་དོ། སྐྱེ་བ་ཕྱི་མ་བཅས་ཀྱི་དཔེའི་ཐོག་བཅོས་མིན་གྱི་སྒོམ་ཇི་ལྟར་རྒྱག་ཐུབ་བམ།

དེས་ན། སྐྱེ་བ་ཕྱི་མ་ནི་ནང་ཆོས་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད།

ཆོས་ཡངས་པ་དང་ཆོས་ངོ་མ།

དང་པོ་ནུབ་ཕྱོགས་པ་མང་ཆེ་བས་ཡང་སྲིད་དམ་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པར་ཆོས་ཚོགས་སུ་ཡོང་གི་ཡོད། མང་པོ་ཞིག་གིས་ཚེ་འདིའི་བདེ་དོན་ཙམ་ཡར་རྒྱས་གཏོང་བ་དང་། ལྷག་པར་དུ་སེམས་དང་སེམས་ཚོར་གྱི་དཀའ་ངལ་སེལ་བའི་ཐབས་ཤིག་ཏུ་ནང་ཆོས་ལ་སློབ་སྦྱོང་བྱེད་པ་དང་ཉམས་ལེན་བྱེད་པར་ཡོང་གི་ཡོད། ལྟ་ཚུལ་དེས་ནང་ཆོས་ནི་ཨེ་ཤི་ཡའི་སེམས་ཁམས་གསོ་དཔྱད་ཀྱི་རིགས་ཤིག་ཏུ་བརྩིས་ཏེ་རྒྱ་ཆུང་ཆུང་ཞིག་ལས་མཐོང་གི་མེད། དེ་ནི་ཧ་ཅང་ཕན་ཐོགས་ཆེ་ནའང་ནང་ཆོས་དེ་ལས་ཀྱང་གཏིང་ཟབ་པ་ཡིན།

ནང་པའི་ཆོས་དེ་ཙམ་གྱི་ཆེད་དུ་ཉམས་ལེན་བྱེད་མཁན་ཡོད་སྟབས་ངས་དེ་ལ་ཆོས་ཡངས་པ་ཞེས་པའི་ཐ་སྙད་འདི་གསར་བཟོ་བྱས་པ་ཡིན། དཔེར་ན། བཏུང་བ་གྲང་མོའམ་ཀོ་ཀ་ཀོ་ལ་རྫུས་མ་ལྟ་བུ། དེ་ནི་འགྲེལ་ཚུལ་ཞན་པོ་ཞིག་ཡིན་ཞིང་། ཆོས་ངོ་མ་ལྟར་སྟོབས་ཤུགས་མེད། སྲོལ་རྒྱུན་དུ་ནང་ཆོས་ལ་འཇུག་ཚུལ་ཁྲོད་སྐྱེ་བ་ཕྱི་མའི་སྐོར་གྱི་གྲོས་བསྡུར་ཡོང་བ་ཙམ་དུ་མ་ཟད། ད་དུང་དམྱལ་བ་དང་དེ་མིན་འཁོར་བའི་གནས་དྲུག་གི་ལྷག་མ་རྣམས་ཀྱང་ཡོང་གི་ཡོད། དེའི་ཕྱིར་ངས་ཆོས་ངོ་མ་ཞེས་པའི་ཐ་སྙད་སྤྱད་པ་ཡིན།

ཆོས་ཡངས་པ་ཉམས་སུ་ལེན་པའི་ཐབས་གཉིས།

ཐབས་ལམ་གཉིས་ནི།

༡༽ ང་ཚོས་ནང་ཆོས་ནང་སྐྱེ་བ་ཕྱི་མའི་གལ་གནད་ཤེས་པའི་ཐོག་ནས་ཆོས་ཡངས་པ་ཉམས་ལེན་བྱེད་སྲིད་པ་དང་དེའི་ཐོག་སློབ་སྦྱོང་ཡང་དག་པ་ཞིག་བྱ་རྒྱུའི་ཀུན་སློང་སླེབ་སྲིད། དེས་ན། སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་རྒྱུ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་ལམ་ཞིག་ཏུ་ནང་ཆོས་ཀྱི་ཐབས་ལམ་ཐོག་ནས་ང་ཚོས་ཚེ་འདི་ཡག་པོ་ཞིག་འབྱུང་བར་དམིགས་ཀྱི་ཡོད། དེར་བརྟེན་ཆོས་ཡངས་པ་འདི་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་སྔོན་འགྲོའི་ཐབས་ཏེ། ཐོག་མའི་ཀུན་སློང་གི་རིམ་པའི་སྔོན་གྱི་ཐབས་ལྟ་བུར་གྱུར་ཡོད། དེ་ལྟའི་ཐབས་ནི་ནང་པའི་སྲོལ་རྒྱུན་དང་ཏག་ཏག་སྡོད་ཀྱི་ཡོད། དེས་ཆོས་ཡངས་པ་ལ་ཆོས་ངོ་མ་ཞེས་བརྗོད་ཀྱི་མེད།

༢༽ ཆོས་ཡངས་པ་འདི་ནང་ཆོས་དངོས་དང་ད་དུང་ནུབ་ཕྱོགས་པར་ནང་ཆོས་སློབ་གཉེར་ཆེད་ཧ་ཅང་རན་པོ་དང་ཐབས་ལ་མཁས་པ་ཞིག་ཡིན་པར་ང་ཚོས་ངོས་འཛིན་བྱས་ཏེ་ཉམས་ལེན་བྱེད་སྲིད། དེ་ལྟ་བུའི་ཐབས་ལམ་ནི་ནང་པའི་སྲོལ་རྒྱུན་སླུ་བྲིད་བྱེད་པ་དང་དྲང་པོ་མིན་པ་གསལ་པོ་རེད། དེས་རིག་གཞུང་གི་ཐོག་ནས་ང་རྒྱལ་གྱི་བསམ་ཕྱོགས་སྐྱེ་བར་བྱེད་ཀྱི་ཡོད།

དེར་བརྟེན་ད་ལྟའི་ང་ཚོའི་ཆོས་ཕྱོགས་ཀྱི་ཡར་རྒྱས་དང་གོ་རྟོགས་ཀྱི་གནས་ཚད་ལ་གཞིགས་ཏེ། གལ་ཏེ་ནང་ཆོས་ཡངས་པ་དེ་རན་པོ་མཐོང་ན། ང་ཚོས་གཟབ་གཟབ་བྱས་མདུན་སྐྱོད་བྱེད་དགོས། ཆོས་ཡངས་པ་ནི་ང་ཚོའི་བཏུང་བ་གྲང་པོ་ལྟ་བུ་ཡིན།

བརྙན་པར། སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ། “སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པར་ནང་ཆོས་ཉམས་ལེན་བྱེད་ཐུབ་བམ།”

འཆར་གཞི་ལྡན་པའི་ཆོས་ཡངས་པའི་ཕྱོགས་བསྡོམས།

ནང་ཆོས་དེ་ཆོས་ཡངས་པ་ག་དུས་གྱུར་རམ་ཞེ་ན།

  • དམིགས་ཡུལ་ནི་ཚེ་འདི་པ་ཙམ་ཡར་རྒྱས་གཏོང་བ་ནི་ཆོས་ཡངས་པ་ཆགས་ཀྱི་ཡོད།
  • སློབ་ཕྲུག་རྣམས་ལ་སྐྱེ་བ་ཕྱི་མའི་ཐད་ནང་པའི་ཆོས་ཀྱི་གོ་རྟོགས་ཅུང་ཙམ་ལས་མེད་པའམ་རྩ་བ་ནས་མེད་པ་ནི་ཆོས་ཡངས་པ་ཆགས་ཀྱི་ཡོད།
  • དེའི་འབྲས་བུར། སློབ་ཕྲུག་རྣམས་ལ་སྐྱེ་བ་ཕྱི་མའི་ཐད་ཡིད་ཆེས་དང་དོ་སྣང་གཉིས་ཀ་མེད་པ་ནི་ཆོས་ཡངས་པ་ཆགས་ཀྱི་ཡོད།
  • སློབ་ཕྲུག་གིས་སྐྱེ་བ་ཕྱི་མར་ཡིད་ཆེས་བྱས་ནའང་། འགྲོ་བ་རིགས་དྲུག་ཁས་ལེན་མི་བྱེད་པ་ནི་ཆོས་ཡངས་པ་ཆགས་ཀྱི་ཡོད།
  • ནང་ཆོས་དགེ་རྒན་གྱིས་སྐྱེ་བ་ཕྱི་མའི་སྐོར་གོ་བསྡུར་མི་བྱེད་པའམ་བྱེད་ཀྱང་དམྱལ་བའི་སྐོར་གཡུག་བཞག་གི་ཡོད། དགེ་རྒན་གྱིས་འགྲོ་བ་རིགས་དྲུག་གི་སྐོར་དེ་མིའི་སེམས་ཁམས་ཀྱི་མྱོང་བར་དཔག་པའི་རྒྱ་ཆུང་དུ་གཏོང་གི་ཡོད།

འཆར་གཞི་ལྡན་པའི་ཆོས་ངོ་མའི་ཕྱོགས་བསྡོམས།

ནང་ཆོས་ངོ་མ་ནི་ནང་ཆོས་ཀྱི་སྲོལ་རྒྱུན་ཉམས་ལེན་ཁུངས་བཙན་པ་ཞིག་ཡིན། དེའི་ནང་།

  • མ་མཐར་སློབ་ཕྲུག་རྣམས་ཀྱིས་སྐྱེ་བ་ཕྱི་མའི་གནད་འགག་ཁས་ལེན་པ་དང་། དེར་ཡང་དག་པའི་གོ་རྟོགས་རྙེད་པར་བཅོས་མིན་གྱི་འདོད་འདུན་ཡོད་པ།
  • སློབ་ཕྲུག་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་གྲོལ་བའི་ཐར་པ་དོན་གཉེར་བྱེད་པའམ་ཐམས་ཅད་མཁྱེན་པ་དོན་དུ་གཉེར་གྱི་ཡོད་པ་དང་། གཞན་སེམས་ཅན་རྣམས་ཐར་པ་འཐོབ་པར་ཕན་འདོགས་པའི་སླད་དམིགས་ཀྱི་ཡོད།
  • སློབ་ཕྲུག་ཚོས་སྐྱེ་བ་ཕྱི་མ་དོན་དུ་གཉེར་ནའང་། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་གནས་སྐབས་ཀྱི་ཐབས་ཙམ་ཡིན།
  • སློབ་ཕྲུག་ཚོས་ཚེ་འདི་ཡར་རྒྱས་གཏོང་རྒྱུར་དམིགས་ནའང་། དེ་ནི་སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་བ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་གནས་སྐབས་ཀྱི་ཐབས་ཙམ་ཡིན།

ཕྱོགས་བསྡོམས།

ཇི་སྲིད་ནང་ཆོས་ཞན་དུ་ཕྱིན་ནས་ཆོས་ཡངས་པ་ཁོ་ན་ཙམ་དུ་མ་གྱུར་དེ་སྲིད་དུ་གསོ་ཐབས་ཀྱི་རྣམ་པ་གཞན་ཞིག་ཡིན། ཆོས་ཡངས་པ་ནི་སྐྱེ་བ་ཕྱི་མའི་རྣམ་གཞག་ཆ་ཚང་ཐེ་བའི་སྲོལ་རྒྱུན་གྱི་ཆོས་ངོ་མ་ལ་ཧ་ཅང་ཕན་ཐོགས་ཆེ་བའི་སྔོན་འགྲོའི་རིམ་པ་ཞིག་ཆགས་ཀྱི་ཡོད།།

Top