ནང་ཆོས་སློབ་སྦྱོང་བྱེད་དགོས་དོན་གང་ཡིན་ནམ།

ང་ཚོས་ནང་པའི་ཆོས་ཀྱི་སྒོམ་རྒྱག་སྟངས་སྐོར་བཤད་སྐབས་དམིགས་བསལ་གནད་དོན་ཞིག་གི་སྐོར་བཤད་ཀྱི་ཡོད། དེང་སང་ང་ཚོས་སྒོམ་ཞེས་པའི་ཚིག་འདི་གང་སར་ཡང་ནས་ཡང་དུ་ཐོས་ཀྱི་ཡོད། གང་ཡིན་ཟེར་ན། ཚིག་འདི་གང་ལ་གང་འཚམས་ཀྱི་སྐད་གྲགས་ཆགས་ནས་མི་མང་པོས་སྒོམ་ནི་ངལ་གསོ་དང་གུ་ཡངས་ལ་སོགས་པ་ཡོང་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་སྒོམ་ཉམས་ལེན་ལ་དངོས་སུ་འཇུག་སྐབས་མི་མང་ཆེ་བར་ནམ་རྒྱུན་སྒོམ་གང་འདྲ་བྱས་ནས་རྒྱག་དགོས་མིན་ཤེས་ཀྱི་མེད། ང་ཚོ་ཁུ་སིམ་པོའི་ངང་མར་སྡོད་དགོས་པ་ཤེས་ནའང་དེའི་རྗེས་ག་རེ་བྱེད་དགོས་སམ། བསམ་བློ་བཟང་པོ་ཞིག་དང་། དབུགས་ཀྱི་སྟེང་དམིགས་པ་གཏད་པ་ཙམ་ལས་ལྷག་པའི་སྒོམ་རྒྱག་ཡག་ཡོད་དམ།

ལེགས་སྦྱར་སྐད་ནང་སྒོམ་ཞེས་པའི་ཐ་སྙད་ལ། གང་ཞིག་དངོས་སུ་དངོས་པོའི་གནས་ལུགས་གང་ཡིན་པ་དེ་ཆགས་པར་བྱེད་པའི་གོ་དོན་ཡོད། བོད་སྐད་ནང་བསྒྱུར་སྐབས་ཚིག་འདིའི་དོན་དག་ནི་གོམས་གཤིས་ཤིག་བཟོ་བ་ལ་གོ་གི་ཡོད།  ང་ཚོས་གོམས་གཤིས་ཤིག་བཟོ་བའི་སྐབས་གོམས་གཤིས་འདི་སོ་སོ་རང་གི་ཆ་ཤས་སུ་བཟོ་གི་ཡོད། དེ་འདྲ་ཞིག་ང་ཚོས་སྒོམ་བརྒྱབ་སྐབས་ཏག་ཏག་ཡོང་ཐབས་བྱེད་ཀྱི་ཡོད། ང་ཚོ་སོ་སོའི་རང་གི་རྒྱུད་ལ་ཕན་ཐོགས་ལྡན་པའི་འགྱུར་བ་ཞིག་གཏོང་འདོད་ཡོད། ང་ཚོས་དང་པོ་ནས་དྲི་བ་འདྲི་དགོས་པ་ཞིག་ནི། ང་ཚོ་འགྱུར་བ་གཏོང་དགོས་དོན་གང་ཡིན་ནམ་ཞེས་པ་དེ་རེད། དེ་ཡང་སྤྱིར་བཏང་ང་ཚོའི་མི་ཚེ་སྐྱེལ་སྟངས་དེ་ལ་བློ་བདེ་པོ་དང་འདོད་པ་མི་ཚིམ་པ་ཞིག་ཡོང་གི་མེད་པའམ། ཡང་ན་ང་རང་ཚོའི་ཚོར་བ་དང་མི་གཞན་དང་མཉམ་དུ་འབྲེལ་བ་བྱེད་སྟངས། ལས་ཀ་བྱེད་སྟངས་ལ་འདོད་པ་མི་ཚིམས་པ་སོགས་མང་པོ་ཡོད་ཀྱང་། ང་ཚོ་མང་ཆེ་བར་ཡོད་པའི་དམིགས་ཡུལ་ནི་སོ་སོའི་མི་ཚེ་ཡར་རྒྱས་གཏོང་རྒྱུ་དེ་རེད། 

Top