ལམ་རིམ་གྱི་བསྡུས་དོན།

ང་ཚོ་ཚང་མར་མི་ལུས་རིན་ཆེན་འདི་ཐོབ་ཅིང་། མི་ལུས་རིན་ཆེན་འདིའི་ཐོག་ནས་སེམས་ཡར་རྒྱས་གཏོང་བར་གོ་སྐབས་ཆེ་ཤོས་སྤྲད་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ད་ལྟའི་མིའི་ལུས་རྟེན་འདི་ལས་གོ་སྐབས་བཟང་བ་ཞིག་ང་ཚོར་རྩ་བ་ནས་མེད། ཐ་ན་འབྱུང་འགྱུར་ང་ཚོར་ལྷ་རྣམས་ཀྱི་རྒྱལ་པོ་བརྒྱ་བྱིན་གྱི་གོ་འཕང་ཐོབ་ཀྱང་མི་ལུས་འདི་ལས་བཟང་བ་མེད།

ད་ལྟ་ང་ཚོར་ཐོབ་པའི་ལུས་རྟེན་འདི་ལས་ཡག་པའི་བྱ་བའི་རྟེན་གཞི་ཞིག་མེད་སྟབས། འདི་བེད་སྤྱོད་ཡག་ཤོས་གཏོང་བའི་རྒྱུད་རིམ་ཚང་མ་ཤེས་རྟོགས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། སེམས་པ་བཟང་བ་དང་སྙིང་རྗེ་ཆེ་བ་སོགས་ནང་སེམས་ཀྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ནི་ང་ཚོའི་སེམས་རྒྱུད་གོང་འཕེལ་གཏོང་སྟངས་ཡག་ཤོས་ཡིན། སེམས་བཟང་པོ་གཞི་རྩ་བྱས་ནས། ང་ཚོས་སྙིང་རུས་ལྡན་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་ཐབས་བྱེད་དགོས། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ཡིད་སྨོན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་པའི་དོན་དུ་ང་ཚོའི་མི་དགེ་བའི་ཉེས་པ་ཀུན་སྤོང་བ་དང་སོ་སོའི་ནུས་པ་ཆ་ཚང་བེད་སྤྱོད་ཐུབ་པའི་ཡིད་སྨོན་ཞིག་ཡིན། ང་ཚོས་སོ་སོའི་སེམས་གཞན་ལ་བསྔོ་བ་དང་སངས་རྒྱས་ཀྱི་གོ་འཕང་ལ་འབད་པ་ནི། ང་ཚོས་མི་ལུས་རིན་ཆེན་འདི་བེད་སྤྱོད་ཡག་ཤོས་སུ་གཏོང་ཐུབ་པ་ཡིན།

Top