སྙིང་རྗེ་ཞེས་པ་དེ་ག་རེ་ཡིན་ནམ།

What is compassion

སངས་རྒྱས་པའི་ཆོས་ཀྱི་ནང་། སྙིང་རྗེ་ཞེས་པ་ནི་གཞན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལས་བྲལ་བར་འདོད་པ་དེ་ཡིན། དེ་ནི། དམིགས་བསལ་ང་རང་ཚོ་དཀའ་སྡུག་དེ་འདྲ་ཞིག་མྱོང་ཟིན་པའི་སྐབས་སུའང་། མི་གཞན་རྣམས་ཀྱི་ཚོར་བ་ལ་རྗེས་སུ་ཡི་རངས་བྱེད་པ་ཞིག་ལ་གཞིར་བཅོལ་བ་ཡིན། གལ་ཏེ་ཁོ་ཚོས་དཀའ་སྡུག་ག་རེ་མྱོང་བ་དེ་ང་ཚོས་ནམ་ཡང་མྱོང་མེད་་པ་ཡིན་ནའང་། ང་རང་ཚོ་སོ་སོ་རང་ཉིད་ཁོ་ཚོའི་དཀའ་སྡུག་གི་ནང་དུ་འཛུལ་ཏེ། དཀའ་སྡུག་མཉམ་མྱོང་གིས། དེ་ག་ཚོད་ཀྱི་ཞེད་སྣང་ཚ་པོ་ཡོད་པ་དེ་ཚོར་དགོས། ང་རང་ཚོ་དཀའ་སྡུག་དེ་དག་ལས་ཐར་འདོད་ག་ཚོད་ཙམ་ཡོད་ཅེས་བསམ་བཞིན་ཡོད་པ་དང་། གཞན་དག་ཀྱང་དེ་ལས་ཐར་བ་ཞིག་ཡོང་བ་ལ་འདོད་པ་ཤུགས་ཆེན་པོ་ཞིག་ཡོད་པ་ཡིན།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། བྱམས་པ་དང་སྙིང་རྗེ་ནི་ང་རང་ཚོའི་དགོས་མཁོ་ཡིན་པ་ལས་རྒྱས་སྤྲོས་མ་ཡིན། དེ་གཉིས་མེད་ན། འགྲོ་བ་མི་རྣམས་འཚོ་མི་ཐུབ་ཅེས་གསུངས་སོ།།
བརྙན་པར། ༸གོང་ས་མཆོག “སྙིང་རྗེ་ཉམས་ལེན།

སྙིང་རྗེས། ང་རང་ཚོའི་སེམས་གཞན་དོན་གྱི་ཕྱོགས་སུ་ཁ་སྒྱུར་བ་དང་། དེས་རང་དོན་ཁོ་ནར་བསམ་པའི་ཁེར་རྐྱང་དང་རང་གིས་རང་ལ་དཀྲི་བའི་འཆིང་བ་དེ་གཏོར་བ་ཡིན། ང་རང་ཚོ་ཚང་མ་མི་ཚེའི་ནང་དཀའ་ངལ་འཕྲད་བཞིན་པ་ནི་གཅིག་མཚུངས་ཡིན་པ་དང་། ང་ཚོ་གཞན་དང་མཉམ་དུ་འབྲེལ་མཐུད་ཀྱི་ཚོར་བ་ཞིག་ཡོང་བའི་སྐབས་ལ་གཞན་དང་ལོགས་སུ་དགར་བའི་ཁེར་རྐྱང་དང་བློ་འཚབ་ལས་ཐར་བ་ཡིན། སྙིང་རྗེ་དང་ལྡན་པ་དེས། ང་ཚོ་སྐྱིད་པ་དང་ཉེན་སྲུང་ཆེ་བ་ཡོད་པར་ཚན་རིག་གི་ལམ་ནས་ཁུངས་སྐྱེལ་ཟིན་པ་ཡིན། གཞན་གྱི་སྡུག་བསྔལ་དང་ཟུག་རྔུ་ལ་ཛ་དྲག་ཏུ་འཛིན་ཏེ་ཕན་པ་སྒྲུབ་པར་འདོད་པ་ལས། རང་ཉིད་ལ་སེམས་ཤུགས་དང་ནུས་པ་གདེང་སྤོབས་བཅས་སྟེར་བ་ཡིན། གལ་ཏེ་ང་རང་ཚོ་སོ་སོས་སྙིང་རྗེ་གོང་འཕེལ་དུ་འགྲོ་བ་ལ་སྦྱོང་བརྡར་བྱེད་ན། དེ་ནི་དངོས་གནས་དྲང་གནས་བདེ་པོ་ཐང་པོ་ཡོང་བའི་འབྱུང་ཁུངས་ཟབ་མོ་ཞིག་ཆགས་པ་ཡིན།

༼སྙིང་རྗེ་གོང་འཕེལ་གཏོང་ཚུལ་ཞེས་པར་གཟིགས།༽

སྙིང་རྗེ་དེ་ང་ཚོའི་རྒྱུད་ལ་རྟག་ཏུ་གྲུང་ཤ་དོད་པ་ཞིག་ཡོད་དགོས་ལ། གཞན་གྱི་སྡུག་བསྔལ་ཚབས་ཆུང་དུ་གཏོང་བ་ལ། འགན་འཁུར་དགོས་པའི་སེམས་སྐུལ་བྱེད་པ་ཞིག་དགོས་པ་ཡིན། ང་ཚོའི་གཞན་ལ་ཕན་བཏགས་པའི་འཇོན་ཐང་ཚད་གཞི་ངེས་ཅན་ཞིག་ལས་མེད་པ་ཡིན་སྲིད་ཀྱང་། ད་དུང་ང་ཚོས་གང་ཐུབ་པ་དེ་བྱེད་དགོས་པ་ཡིན། དེ་གང་ཡིན་ཞེ་ན། མི་གཞན་རྣམས་སྐྱིད་པོ་མེད་པ་དང་སྡུག་བསྔལ་གྱིས་མནར་བཞིན་པའི་སྐབས་སུ་ང་ཚོ་ལས་མེད་བེད་མེད་ངང་བསྡད་བསྡད་ན་བཟོད་ཐབས་ག་ལ་ཡོད།

སྙིང་རྗེ་དེ་ཤེས་རབ་དང་ཟུང་དུ་འབྲེལ་བའི་སྐབས་སུ། སྙིང་རྗེ་གནད་ལ་སྨིན་པ་ཞིག་ཡོང་བ་དང་། དེ་ལ་བརྟེན་ནས་ང་རང་ཚོས་ལས་དོན་ག་རེ་བྱེད་དགོས་མིན་གྱི་འོས་ཤིང་མཚམ་པའི་གདམ་ག་བྱེད་ཐུབ་པ་ཡིན། ང་རང་ཚོས་བསམ་ཚུལ་བཏོན་པ་དེ་མ་བསྒྲུབ་པ་དང་། གཞན་ལ་ཕན་བཏགས་མ་ཐུབ་པའི་སྐབས། སེམས་མི་སྐྱོ་བ་དང་སེམས་ཤུགས་མི་ཆག་པ་དེ་འདྲ་མི་ཡོང་བའི་སེམས་ཚོར་གྱི་སྨིན་ཚད་ལོངས་བ་ཞིག་ཡིན་ན། ང་རང་ཚོའི་སྐྱོན་ཆ་རྣམས་ལས་ཐར་བར་བྱེད་པ་དང་། རང་ཉིད་ཀྱི་ནུས་པ་ཆ་ཚང་བ་ཞིག་ཡར་རྒྱས་གཏོང་བ་ལ་སྙིང་རྗེ་ནི་བསྐུལ་རྐྱེན་གཙོ་བོ་དེ་ཆགས་ཀྱི་ཡོད།

Top