སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་ཀྱི་སློབ་གཉེར་ཟེར་བ་དེ་གང་རེད་དམ།
སྤྱི་སེམས་བཟང་ SEE གསུམ་གྱི་སློབ་གཉེར་ནི། སེམས་ཚོར་གྱི་ཐོག་ནས་བདེ་ཐང་དང་བཟང་སྤྱོད་ཀྱི་ཐོག་ནས་འོས་འགནཡོད་པའི་མི་སྒེར་དང་། སྤྱི་ཚོགས་ཀྱི་སྡེ་ཁག །དེ་ལས་ཀྱང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་བཅས་གསོ་སྐྱོང་བྱེད་པའི་ལས་གཞི་ཞིགཡིན། འདི་ནི་གཙོ་བོ་སློབ་གྲྭ་ཁག་དང་། མཐོ་རིམ་སློབ་གཉེར་ཁང་ཁག་གི་ནང་བེད་སྤྱོད་གཏོང་ཆེད་དུ་གསར་གཏོད་བྱས་པ་དངཆབས་ཅིག་འདི་དང་འབྲེལ་བའི་ལས་དོན་གཞན་དང་གཞན་གྱི་ཆེད་དུ་བེད་སྤྱོད་བྱེད་ནའང་འོས་འཚམ་ཞིག་ཡོད།
སྦྱོང་བརྡར་གྱི་ལས་གཞི་འདི་ནི། ཨེ་མོ་རི་གཙུག་ལག་སློབ་ཁང་གི་སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞི་རྩར་བྱས་པའི་བཟང་སྤྱོདཀྱི་བསྟི་གནས་ཁང་ནས་སྤེལ་གནང་བ་ཞིག་ཡིན་པ་དང་། ལས་གཞི་འདི་ལ་བཟང་སྤྱོད་ཀྱི་རྣམ་གཞག་ཐོག་ཆ་ཚང་བའི་དོ་སྣངཞིག་ཡོད་པ་རེད། བཟང་སྤྱོད་ཀྱི་རྣམ་གཞག་ནི། སྐབས་འདིར་རིག་གཞུང་བྱེ་བྲག་པ་དང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞིརྟེན་བྱས་མེད་པར། དེ་ལས་ལྡོག་སྟེ། དེ་ནི་སྙིང་རྗེ་དང་། བཟོད་པ། བཟོད་གསོལ་ལྟ་བུ་གོ་ལ་སྤྱི་ཡོངས་དང་འགྲོ་བ་མིའི་གཞིརྩའི་རིན་ཐང་ཁག་ལ་གཞི་རྟེན་བྱས་ཡོད། སྤྱི་སེམས་བཟང་ SEE གསུམ་གྱི་སློབ་གཉེར་ཉམས་ལེན་ལ་བརྟེན་ནས་སོ་སོ་རངཉིད་དང་གཞན་དག་ལ་ཐབས་མཁས་པོའི་སྒོ་ནས་གཅེས་སྐྱོང་དང་སེམས་ཁུར་ཤུགས་ཆེ་བ་བྱེད་ཐུབ་པའི་མི་སྒེར་པ་ཚོར་ལེགས་སྐྱེས་འབུལ་ཐུབ་པ་དང་། དེ་ནི་ལུས་པོ་དང་སེམས་ཚོར་གཉིས་ཀའི་འཕྲོད་བསྟེན་ཆེད་དུ་གནད་འགག་ཅིག་ཡིན་པ་རེད། ད་དུངའཕེལ་སྐྱེད་འགྲོ་བཞིན་པའི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཞིབ་བརྟག་གི་བསམ་བློའི་ནུས་རྩལ། དེ་ག་ནང་བཞིན་འཕེལསྐྱེད་འགྲོ་བཞིན་པའི་རྙོག་འཛིངས་ཅན་གྱི་འཛམ་གླིང་ཞིག་གི་ནང་། མི་རྣམས་གོ་ལ་ཡོངས་ཀྱི་མི་སེར་ཆགས་རྒྱུའི་གྲ་སྒྲིག་ལཕན་པའི་ཆེད་དུ་དོ་སྣང་ཞིག་ཀྱང་ཡོད་པ་རེད།
ལས་གཞི་འདི་“གོ་ལ་སྤྱིའི་རིན་ཐང་”ལ་གཞིར་བྱས་ཡོད་པས། ཡུལ་ལུང་ཁག་གང་སར་དང་རྒྱལ་སྤྱིའི་རིག་གཞུང་ལ་བེདསྤྱོད་བྱེད་ཆོག །དེ་ག་ནང་བཞིན་སྤྱིར་བཏང་གི་བསམ་ཤེས་དང་། ཐུན་མོང་གི་མྱོང་བ། ཚན་རིག་བཅས་ལ་གཞིར་བྱས་ཡོད་པསོང་ཙང་། ཇི་ལྟར་ངོ་སྤྲོད་བྱས་པ་ནང་བཞིན་སྡེ་ཚན་ཁག་དང་ཉམས་ལེན་ཁག་གང་རུང་བེད་སྤྱོད་ཐུབ་པ་ཞིག་དང་། ཡང་མིན་ནདེ་དག་རན་འཚམས་སུ་བཟོ་བ་དང་། མི་འདྲ་མིན་གྱི་ཆོས་ལུགས་དང་རིག་གཞུང་གི་རིན་ཐང་ལས་སེམས་སྐུལ་ཐེབས་ཐུབ་པཡིན། འདི་ལྟ་བུ་ཡོངས་སུ་བསྒྲིལ་བ་དང་ཆ་ཚང་བའི་ལས་གཞིའི་དམིགས་ཡུལ་ནི། སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོདབཅས་ཀྱི་འཇོན་ཐང་དེ་ལོ་ཚད་ལ་མི་ལྟོས་པར་མི་ཚང་མར་སློབ་སྟོན་བྱ་རྒྱུ་དེ་ཡིན། འདི་ལ་གཞིགས་ན། འདི་ནི་མི་རྣམས་ལཨང་རྩིས་དང་། ཚན་རིག །ཕྱི་རྒྱལ་སྐད་ཡིག །ཡང་ན་ཤེས་ཡོན་དང་འབྲེལ་བའི་སློབ་ཚན་གཞན་ཇི་ལྟར་བསླབས་ཡོད་པ་དངཁྱད་པར་མེད། མི་སྒེར་པ་དང་སྤྱི་ཚོགས་གཉིས་ཀར་ཁྱབ་ཆེ་ས་ནས་བདེ་སྐྱིད་དང་མཐུན་སྒྲིལ་མང་བ་ཡོང་བའི་ཆེད་དུ་རིན་ཐངདང་འཇོན་ཐང་གཅེས་ཉར་བྱེད་པར། ཤེས་ཡོན་རྒྱ་སྐྱེད་གཏོང་ཐུབ་ལ་གཏོང་དགོས་ངེས་ཤིག་ཀྱང་ཡིན།
ཁྱད་ཆོས་གསུམ། གནས་གསུམ།
སྤྱི་སེམས་བཟང་ SEE གསུམ་གྱི་སློབ་གཉེར་ལ་ཁྱད་ཆོས་གསུམ་ཡོད་པ་དང་། དེ་གསུམ་གྱི་ནང་གཅེས་སྐྱོང་བྱེད་ཐབས་སུའཇོན་ཐང་གི་རིགས་རྣམས་ཚུད་ཡོད་པ་ནི།
- དྲན་ཤེས།
- སྙིང་རྗེ།
- བྱ་བར་འཇུག་པ།
གཞན་ཡང་། ཁྱད་ཆོས་གསུམ་པོ་འདི་དག་གནས་མི་འདྲ་བ་གསུམ་ལ་རྒྱ་སྐྱེད་བྱེད་པ་ནི།
- དོ་བདག་སྒེར།
- སྤྱི་ཚོགས།
- གོ་ལ་ཡོངས།
ཁྱད་ཆོས་གསུམ།
དྲན་ཤེས། ང་རང་ཚོའི་བསམ་བློ་དང་། ཚོར་བ། སེམས་ཚོར་རྣམས་ཀྱི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་དེ་རེད། དྲན་ཤེས་ལབརྟེན་ནས་ང་རང་ཚོ་སོ་སོའི་སེམས་ཀྱི་གནས་བབས་དང་། གཞན་གྱི་དགོས་མཁོ། ང་ཚོའི་མི་ཚེའི་ཁྱད་ཆོས་ལྟ་བུ་ཕན་ཚུནགཅིག་ལ་གཅིག་བརྟེན། དེ་ག་ནང་བཞིན་ང་རང་ཚོ་གནས་སའི་འཛམ་གླིང་བཅས་ཤེས་རྟོགས་ཡོང་བར་ཕན་གྱི་ཡོད། འདི་རངརྒྱུད་ལ་སྦྱོང་བར་ཉམས་ལེན་དང་རིག་པ་རྩེ་སྒྲིམ་གྱི་དག་སྦྱོང་དེ་དགོས་ཀྱི་ཡོད།
སྙིང་རྗེ་ནི། སོ་སོ་རང་ཉིད་དང་། གཞན། འགྲོ་བ་མི་ཚང་མར་བཀའ་དྲིན་བསམ་ཤེས་དང་། གཞན་ཚོར་ཤེས་ནུས་ཀྱི་འདུ་ཤེས། ཁོང་ཚོའི་བདེ་སྐྱིད་དང་སྡུག་བསྔལ་ལ་སེམས་ཁུར་དང་འབྲེལ་བའི་ཚུལ་གྱི་སྦྱོང་བརྡར་དེ་རེད། འདིའི་ནང་གི་འཇོན་ཐང་ལ་ཞིབབརྟག་གི་བསམ་བློ་དང་། སོ་སོ་རང་ཉིད་ཀྱི་དགོས་མཁོ་དང་འདོད་དོན། སོ་སོ་རང་ཉིད་ཀྱི་ཕུགས་རྒྱང་རིང་པོའི་བདེ་ཐབས་གངཡོང་མིན་ལ་རྟོག་དཔྱོད་བྱེད་པའི་ནུས་པ་དང་ལྡན་པ་བཅས་དགོས། དེ་ལྟ་བུའི་ཁྱབ་ཚད་དེ་གཞན་གྱི་དགོས་མཁོ་ལ་རྒྱ་སྐྱེདབཏང་ནས་མཐར་ཐུག་ཕྱོགས་ཡོངས་ཀྱི་ཆ་ནས་འགྲོ་བ་མི་རྣམས་ལ་ཐུན་མོང་གི་དགོས་མཁོ་གང་ཡིན་ངོས་འཛིན་བྱ་རྒྱུ་དེ་རེད།
བྱ་བར་འཇུག་པ། དྲན་ཤེས་དང་སྙིང་རྗེའི་སྦྱོང་བརྡར་ལས་བྱུང་བའི་ཐབས་ལམ་ཁག་ལག་བསྟར་བྱེད་པ་དེ་རེད། འདིའིཁོངས་སུ་མི་སྒེར་དང་། སྤྱི་ཚོགས། མི་སྡེ་སྤྱིའི་བདེ་ཐབས་དང་མཐུན་པའི་སྤྱོད་ལམ་དང་བསམ་བློའི་ཁྱེར་ཕྱོགས་ཀྱི་རིགསསྦྱོང་རྒྱུ། དེ་ལའང་གོ་ལ་སྤྱིའི་མི་སེར་ཞིག་ཡིན་པའི་ཆ་ནས་རང་གིས་རང་ལ་སྒྲིག་སྲོལ་དང་། སྤྱི་ཚོགས་ཀྱི་ཐབས་རྩལ། དེབཞིན་ལས་དོན་ལ་འཇུག་པ་བཅས་དགོས་ཀྱི་ཡོད།
ཁྱད་ཆོས་འདི་གསུམ་པོ་གཞི་རྩའི་རིན་ཐང་ལྟ་བུར་གོང་འཕེལ་གཏོང་བ་ནི། ཤེས་བྱ་མཁོ་སྒྲུབ་ཀྱི་ཆེད་དུ་ཙམ་མ་ཡིན་པར། དེདག་མི་སྒེར་གྱི་རིམ་པ་དང་སྐབས་དོན་འབྲེལ་ཚུལ་རྟོགས་པའི་སྐོར་དང་། དེ་ནས་དེ་དག་གཏིང་ཟབ་པོའི་སྒོ་ནས་རང་གི་ངོབོའམ་གཤིས་ཀར་འགྱུར་བར་བྱེད་པའི་སྐོར་ལ་ཡིན། འདི་ལ་གོ་རིམ་ཁ་ཤས་ཡོད་པ་ནི།
- ཐོག་མར་ང་ཚོས་ཉན་པ་དང་། ཀློག་པ། ཉམས་སུ་མྱོང་བ་བཅས་ཀྱི་སྒོ་ནས་སློབ་གཉེར་བྱས་ནས། གཞི་རྩའིགནས་ཚུལ་ཤེས་རྟོགས་བྱུང་བ་དང་། རིན་ཐང་རེ་རེ་ལ་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དེ་རེད།
- ཞིབ་དཔྱོད་ཀྱི་བསམ་བློ་བེད་སྤྱོད་ཐོག་ང་ཚོས་བྱ་བར་འཇུག་ཚུལ་མི་འདྲ་བ་སྤྱད་ནས་རིན་ཐང་དེ་དག་ལ་བརྟག་དཔྱད་བྱེད་པ་དང་། དེ་དག་རང་སོ་སོའི་གནས་སྟངས་ཀྱི་ཐོག་ལ་ལག་བསྟར་བྱས་ཏེ། དེས་སོ་སོའི་ནང་གི་ཞིབ་དཔྱོད་ཀྱིརྟོགས་པ་སྐྱེད་པར་བྱེད་ཀྱི་ཡོད། འདི་ནི་ “ཨ་ལེ་” ཞེས་པའི་དུས་སྐབས་དེར་གོ་བ་ཡིན། དེའི་སྐབས་སུ་སོ་སོར་སྒེརགྱི་རྟོགས་པ་ཐོབ་པ་དང་། དེ་ཡང་ཤེས་བྱའི་རིམ་པ་དང་པོ་དེ་སོ་སོའི་མི་ཚེ་ལ་འབྲེལ་བ་མཐུད་ཀྱི་ཡོད།
-
བསྐྱར་ཟློས་ཀྱི་གོམས་འདྲིས་ལ་བརྟེན་ནས་རིན་ཐང་དེ་སྤྱོད་ཚུལ་གྱི་ནུས་སྟོབས་དང་སྐྱེ་བོ་བྲེ་བྲག་པའི་ཐུན་མིན་རངགཤིས་ལ་འགྱུར་བ་གཏོང་གི་ཡོད། འདི་ནི་རྒྱུན་སྐྱོང་བའི་ཉམས་ལེན་དང་། གྲོས་བསྡུར། རྩོད་གླེང་རྟགས་གསལབརྒྱུད་རིན་ཐང་དེ་དག་རྩོལ་མེད་རང་བཞིན་མ་ཆགས་བར་དུ་ཡོང་གི་ཡོད།
གནས་གསུམ།
སྒེར་པ། གཞན་དང་དེ་ལས་རྒྱ་ཆེ་བའི་སྤྱི་ཚོགས་ལ་དོ་སྣང་བྱེད་པ་ལ། ཐོག་མར་ང་རང་ཚོ་སོ་སོའི་དགོས་མཁོ་དང་། ནངསེམས་ལ་དོ་སྣང་བྱེད་རྒྱུ་སྦྱོང་དགོས། དེ་ནི་སེམས་ཚོར་རྟོགས་ནུས་ཀྱི་ཤེས་ཡོན་གོང་སྤེལ་གཏོང་བ་ལ་བརྟེན་ནས་ཡོང་གི་ཡོད། དེ་ཡང་ང་ཚོས་སོ་སོའི་སེམས་ཚོར་ངོས་འཛིན་ཐུབ་པ་དང་། དེ་དག་གི་རྗེས་འབྲས་རྟོགས་པ། རང་གཞན་གཉིས་ཀར་གནོད་པའིརང་ཤུགས་ཀྱི་སྤྱོད་ལམ་ལ་འཛེམ་དུ་འཇུག་པ་དེ་རེད།
སྤྱི་ཚོགས། འགྲོ་བ་མི་ཡིན་པའི་ཆ་ནས། ང་རང་ཚོ་ཚང་མ་རང་བཞིན་གྱིས་སྤྱི་ཚོགས་སེམས་ཅན་ཡིན་པ་རེད། ང་ཚོས་གཞནདང་མཉམ་དུ་འབྲེལ་བ་བཟང་པོ་བྱེད་དགོས་རྒྱུ་ནི་གལ་གནད་ཧ་ཅང་ཆེན་པོ་ཡིན། ང་ཚོས་སློབ་གཉེར་བྱེད་པ་དང་། བསམ་ཞིབབྱེད་པ། ཉམས་ལེན་ལ་འཇུག་པའི་སྒོ་ནས་སྤྱི་ཚོགས་ཀྱི་རང་གཤིས་གོང་མཐོར་གཏོང་ཆོག
གོ་ལ་ཡོངས། འཕེལ་བཞིན་པའི་ཧ་ཅང་རྙོག་འཛིངས་ཅན་གྱི་འཛམ་གླིང་ནང་། སྙིང་རྗེ་གཅིག་པུས་འདང་ངེས་ཤིག་མིན། ང་ཚོགནས་སྡོད་བྱེད་སའི་འཛམ་གླིང་ནང་ད་དུང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གོ་ལ་སྤྱི་ཡོངས་ཀྱི་ལམ་ལུགས་ལ་གོ་རྟོཌགཏིང་ཟབ་ཅིག་ཡོད་དགོས། གནས་སྟངས་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་ཤེས་རྟོགས་ཇི་ལྟར་དགོས་པ་དེ་ཧ་གོ་བལ་བརྟེན་ནས་དཀའ་ངལ་རྣམས་ཕྱོགས་ཡོངས་ཀྱི་རྒྱུད་རིམ་ཞིག་ནས་སེལ་གྱི་ཡོད། གནད་དོན་རྣམས་ཆུང་ཆུང་ལ་སིལ་བུརགཏོར་བ་དང་དུམ་བུར་འབྲེལ་ཐག་བཅད་པའི་བསམ་ཕྱོགས་སྤོང་གི་ཡོད།
སློབ་གཉེར་གྱི་རྣམ་པ།
སློབ་གཉེར་གྱི་རྣམ་པ་ནི་གོང་གི་རིན་ཐང་གསུམ་པོར་འཚོལ་ཞིབ་དང་། ཞིབ་འཇུག །ནང་སེམས་སུ་སྦྱོང་བའི་ཐབས་ལམ་ཁགཡིན། དེ་དག་གིས་ང་ཚོའི་ཤེས་ཡོན་དང་གོ་རྟོགས་རྣམས་རྨང་གཞི་བརྟན་པོ་ཞིག་གི་སྟེང་ལ་དུས་སུ་བསྐྲུན་ནས་གཏིང་ཟབ་ཏུགཏོང་གི་ཡོད། དེ་དག་ནི་བཞི་སྟེ།
- ཞིབ་དཔྱོད་ཀྱི་བསམ་བློ། གཏིང་ཟབ་ཀྱི་གོ་རྟོགས་རྙེད་པར། རྒྱུ་མཚན་རིག་པ་དང་། ལྟ་ཚུལ་སྣ་མང་། གྲོས་མོལདང་རྩོད་གླེང་གི་ཐོག་ནས་བརྗོད་གཞི་དང་ཉམས་མྱོང་ཁག་འཚོལ་ཞིབ་བྱེད་པ།
- རྟོག་དཔྱོད་ཀྱི་ཉམས་ལེན། རིག་རྩལ་གང་ཡོད་པ་དག་རང་རྒྱུད་དུ་སྦྱོང་བར། སྒྲོམ་གཞི་དང་ལྡན་པའི་སྒོ་ནསརིག་པ་རྩེ་སྒྲིམ་དེ་སྒེར་གྱི་ཉམས་མྱོང་ཕྱོགས་སུ་ཁ་གཏད་པ།
- ཚན་རིག་གི་ལྟ་ཚུལ། རིག་གཞུང་དང་ཆོས་ལུགས་ལ་ལྟོས་པའི་ཕྱོགས་ལྷུང་མེད་པའི་ཐབས་ཚུལ་མཁོ་སྤྲོད་བྱེདཔར། ང་ཚོའི་སེམས་ཚོར་གྱི་ཚན་རིག་ལྟ་ཚུལ་དང་འཛམ་གླིང་གི་ཚན་རིག་ལྟ་ཚུལ་ལ་གོ་རྟོགས་རྙེད་པ།
- བྱ་བར་འཇུག་པའི་སློབ་གཉེར། གསར་གཏོད་ཀྱི་རྣམ་འགྱུར་རིགས་ ༼སྒྱུ་རྩལ་དང་། རོལ་དབྱངས། འབྲི་རྩོམ་༽ ཡང་ན་ཁོར་ཡུག་གི་སློབ་གཉེར་ ༼རང་འབྱུང་ཁམས་ཀྱི་འཛམ་གླིང་ལ་ཐད་ཀར་འཇུག་པ་༽ བཅས་མཉམ་ཞུགསཀྱི་སློབ་གཉེར་ཐབས་བྱུས་ནང་ཞུགས་པ་དེས་རྗེས་འབྲས་ཀྱི་བསམ་བློ་ཡོང་འཇུག་གི་ཡོད།
གོང་གི་སློབ་གཉེར་གྱི་རྣམ་པ་བཞི་པོ་ཁྱད་ཆོས་གསུམ་གྱི་གཙོ་བོར་གནས་པའི་སྙིང་རྗེའི་རྩ་འཛིན་ལ་རྨང་གཞིར་བྱས་ཡོད། སྙིངརྗེ་དེ་ཡང་སེ་སོ་སོའི་སྐྱོན་ནམ་ཞན་ཆ་དང་ནོར་གྱི་ཡོད། དཔེར་ན། སོ་སོས་གྱོང་ཁུར་ནས་གཞན་དག་ལ་གང་འདོད་པ་དེ་འཐོབཏུ་འཇུག་པའམ། ཡང་ན་བཤུ་གཞོག་གཏོང་བའམ་མི་དགེ་བའི་སྤྱོད་ལམ་རིགས་ཀྱང་བྱེད་དུ་འཇུག་པ་ལྟ་བུ་རེད། སྤྱི་སེམསབཟང་གསུམ་གྱི་སློབ་གཉེར་གྱིས་སྙིང་རྗེ་ནི་བློ་ཁོག་དང་ལྡན་པའི་སྙིང་རྗེ་དགོས་པར་ཤེས་ཀྱི་ཡོད། དེ་ཡང་གཞན་ལ་སེམསའཁུར་དང་བསམ་ཤེས་ཡོད་པ་དང་། དེ་གཉིས་ཀ་ལས་ནང་གི་ནུས་སྟོབས་ཡོང་གི་ཡོད་པ་དང་། དེའི་འབྲས་བུར་ནང་གི་ནུསསྟོབས་ཆེན་པོ་འཐོབ་ཀྱི་ཡོད།
ཕྱོགས་བསྡོམས།
སྤྱི་སེམས་བཟང་ SEE གསུམ་གྱི་སློབ་གཉེར་ལ་འཇུག་པའི་སྒོ་ནས་ང་རང་ཚོ་སོ་སོའི་བསམ་བློ་དང་ཚོར་བ། དེ་ག་ནངབཞིན་མི་གཞན་དང་། ཁོང་ཚོའི་སེམས་ཀྱི་གནས་བབས་ལ་དོན་དངོས་ཀྱི་དྲན་ཤེས་ཆེ་བ་འཐོབ་ཀྱི་ཡོད། ང་ཚོས་སེམསཚོར་ཀྱི་འཕྲོད་བསྟེན་དང་རང་གིས་རང་ལ་གཅེས་སྐྱོང་གི་རྩལ་རྣམས་སྦྱོང་དགོས་ཤིང་། དེ་དག་ཀྱང་གཞན་ལ་བློ་ཁོག་དང་ལྡནཔའི་སྙིང་རྗེ་ཡོད་པ་དང་། ས་ཆ་གང་དུ་ཡིན་ནའང་མི་ཚང་མར་རིན་ཐང་འཇོག་པའི་ཐུན་མོང་འགྲོ་བ་མིའི་ངོས་འཛིན་ཞིག་དགོས། མཐར་ཐུག་གནོད་བྱེད་མི་དགེ་བའི་སྤྱོད་ལམ་ནས་ཕན་བྱེད་དགེ་བའི་སྤྱོད་ལམ་ལ་རྣམ་པར་འབྱེད་ཐུབ་པའི་སྒོ་ནས་ང་ཚོས་གཞནདང་མཉམ་དུ་ཕན་འབྲས་ལྡན་པ་དང་གཅེས་སྐྱོང་ལྡན་པའི་ཐོག་འབྲེལ་བ་བྱེད་ཐུབ་པ་དང་། རྒྱ་ཆེ་བའི་སྤྱི་ཚོགས་ལ་ཕན་པའི་ཆེདདུ་གོ་ལ་སྤྱི་ཡོངས་ཀྱི་རིམ་པར་འཇུག་ཐབས་སུ་རོགས་བྱེད་ཐུབ། དེ་འདྲ་ཡིན་པ་སོང་ཙང་། སྤྱི་སེམས་བཟང་ SEE གསུམ་གྱི་སློབ་གཉེར་ནི། ཁྱབ་ཆེ་བའི་ལས་གཞི་ཞིག་ཡིན་ལ། དེས་ང་རང་ཚོ་རིན་ཐང་དང་སྒྱུ་རྩལ་ངོ་སྤྲོད་བྱེད་པ་བརྒྱུད་རང་མཐོང་བཟངཔོ་གོང་སྤེལ་གཏོང་ཐུབ་པ་དང་། ང་ཚོའི་ཉེ་འཁོར་དུཡོད་པ་ལ་འབྲེལ་བ་ཡག་པོ་བཟོས་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་འོསའགན་ཡོད་པའི་མི་སེར་ཆགས་ཀྱི་ཡོད།
གལ་ཏེ་ཁྱེད་འདི་ལས་མང་བ་ཤེས་འདོད་ཡོད་ན། སྤྱི་སེམས་བཟང་གསུམ་གྱི་སྒྲོམ་གཞིའི་འགྲེལ་ཚུལ་ཆ་ཚང་ཀློག་དགོས་པ་དང་། སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞིར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་སུ་ཡོད་པའི་ལས་གཞི་གཞན་དག་ཁག་གི་སྐོར་སྦྱོང་དགོས།