སྒེར་པའི་གནས།
རིག་པ་རྩེ་སྒྲིམ་དང་རང་གིས་རང་ལ་དྲན་ཤེས།
ང་རང་ཚོའི་ལུས་པོ་དང་དེའི་མྱོང་ཚོར་རྣམས་ལ་དོ་སྣང་བྱེད་པ།
- ང་ཚོའི་ལུས་པོའི་ནང་དུ་གང་འབྱུང་བཞིན་ཡོད་པའི་ཐད་དོ་སྣང་བྱེད་པ།
- ཚད་བརྒལ་གྱི་གནས་བབས་དང་རྐྱེན་སློང་བྱེད་པའི་ ༼སེམས་འཚབ། ཁོང་ཁྲོ། སྒྱིད་ལུག །སེམས་ངལ་གནོན་ཤུགས་སོགས།༽ ལ་དོ་སྣང་བྱེད་པ།
- ཆ་སྙོམ་པའི་ལུས་དེ་ག་འདྲ་ཞིག་ཡོད་པ་རྟོགས་པ།
ང་ཚོའི་སེམས་ཚོར་དང་ཚོར་བ་རྣམས་ལ་དོ་སྣང་བྱེད་པ།
- དྲན་པ་ཉེར་བཞག་ལྟ་བུའི་ཉམས་ལེན་ལ་བརྟེན་ནས་སོ་སོའི་སེམས་ལ་དོ་སྣང་བྱེད་པ།
སེམས་ཀྱི་ས་ཁྲ་ཞིག་གི་རྗེས་སུ་འབྲང་བ།
- སེམས་ཚོར་དང་། སེམས་ཚོར་གྱི་ཁྱད་ཆོས་ཁག །དེ་ག་ནང་བཞིན་སེམས་ཚོར་ཇི་ལྟར་བྱུང་བ་དང་གོང་སྤེལ་གཏོང་ཚུལ་བཅས་ངོས་འཛིན་བྱེད་ཐུབ་པ།
- གནོད་བྱེད་ཀྱི་སེམས་ཚོར་རྣམས་སྟངས་འཛིན་བྱེད་མི་ཐུབ་པའི་གནས་བབས་སུ་མ་གྱུར་གོང་ནས་དེ་དག་ལ་ངོས་འཛིན་དང་གདོང་ལེན་བྱེད་སྟངས་སྦྱོང་བ།
རང་གིས་རང་སྙིང་རྗེ།
སྐབས་དོན་དང་འབྲེལ་བའི་སེམས་ཚོར་ལ་གོ་རྟོགས།
- ང་ཚོའི་སེམས་ཚོར་རྣམས་ང་ཚོའི་རིན་ཐང་དང་། དགོས་མཁོ། རེ་བ་བཅས་ལ་འབྲེལ་བ་ཇི་ལྟར་ཡོད་མེད་བལྟ་བར། ཞིབ་དཔྱོད་ཀྱི་བསམ་བློ་བེད་སྤྱོད་གཏོང་བ།
- སོ་སོ་རང་ཉིད་ཀྱི་རིན་ཐང་ལ་ཡི་རངས་བྱེད་པ་དང་། རང་མཐོང་གི་ཚོར་བ་དང་ནང་སེམས་ཀྱི་གདེང་སྤོབས་གོང་འཕེལ་གཏོང་བ།
རང་གིས་རང་ལ་ངོས་ལེན།
- སོ་སོ་རང་ཉིད་ཀྱི་སྐྱོན་ཆ་དང་ནུས་པའི་ཐོག་དངོས་ཡོད་དང་མཐུན་པའི་ལྟ་ཚུལ་ཡོད་པ།
- ནང་གི་བཟོད་བསྲན་དང་། སོར་ཆུད་ནུས་པ། སྙེམ་ཆུང་། བློ་ཁོག་བཅས་གོང་འཕེལ་གཏོང་བ།
- བློ་ཕམ་དང་དཀའ་སྡུག་ནི་རང་བཞིན་གྱིས་མི་ཚེའི་ཆ་ཤས་ཤིག་ཡིན་པའི་གོ་རྟོགས།
རང་གིས་རང་ལ་སྒྲིག་སྲོལ།
ལུས་པོ་ཆ་སྙོམ་པོ་བཟོ་བ་ ༼རང་ཉིད་ཀྱི་ལུས་དེ་གྲུང་ཤ་དོད་པོ་དང་། སོར་ཆུད་ནུས་པ། ཆ་སྙོམ་གྱི་གནས་བབས་ཤིག་ཏུ་སྐྲུན་པ།༽ དེ་ཡང་།
- ཐོན་ཁུངས་ཀྱི་ཆ་ནས། དཔེར་ན། ང་ཚོས་གྲོགས་པོ་དང་། སོ་སོའི་དགའ་ཤོས་ཀྱི་ས་ཆའམ། ཡང་ན་སྐྱིད་སྣང་ལྡན་པའི་དྲན་པ་ལྟ་བུ་ཐོན་ཁུངས་རྣམས་ལ་སྙོབ་ཐབས་བྱེད་པ།
- གཞི་རྟེན་གྱི་ཆ་ནས། དེ་ཡང་ང་ཚོས་དངོས་པོ་ཞིག་ལ་བཟུང་བའི་ཚེ། དེས་ང་ཚོར་རྒྱབ་རྟེན་དང་གཞི་རྟེན་ཡོད་པའི་ཚོར་སྣང་སྦྱིན་པ།
- ལས་དོན་ཁག །དཔེར་ན། ཡོ་ག་རྩེད་སྦྱོང་དང་། ཏ་ཡི་ཅི། གཞས་དང་རོལ་དབྱངས་ལ་ཉན་པ། རི་མོ་འབྲི་བའམ། ཡང་ན་སྒོམ་རྒྱག་པ།
ཤེས་པ་དང་སྐུལ་སློང་སྟངས་འཛིན།
- རིག་པ་རྩེ་སྒྲིམ་གྱི་རྩལ་དེ་ཡར་རྒྱས་བཏང་ནས་རྣམ་གཡེང་གི་དབང་དུ་མ་ཤོར་བར་དོ་སྣང་རྒྱུན་སྐྱོང་ཐུབ་པ།
སེམས་ཚོར་ལ་ཁ་ལོ་བསྒྱུར་བ།
- སེམས་ཚོར་གང་དང་གང་ཕན་ཐོགས་ཡོད་པ་དང་། གང་དང་གང་གནོད་གཞི་ཅན་ཡིན་པར་ངོས་འཛིན་བྱེད་པར། སེམས་ཚོར་ཀྱི་རྟོག་དཔྱོད་གོང་འཕེལ་དུ་གཏོང་བ།
- ང་ཚོ་ལ་སེམས་ཚོར་གྱིས་ཚུར་སྟངས་འཛིན་བྱེད་དུ་མ་བཅུག་པར་སེམས་ཚོར་གྱི་གནས་བབས་ལ་ང་ཚོས་ཕར་སྟངས་འཛིན་བྱེད་ཐུབ་པ་ལ། རྟོག་དཔྱོད་དེ་བློ་ཁོག་དང་རང་གིས་རང་ལ་གདེང་སྤོབས་ཀྱི་ངོ་བོར་བསྒྱུར་འཇུག་པ།
སྤྱི་ཚོགས་ཀྱི་གནས།
ཕན་ཚུན་ནང་ཁུལ་གྱི་དྲན་ཤེས།
སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་དོ་སྣང་བྱེད་པ།
- ང་རང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པར་རྟོགས་པ།
- གཞན་གྱིས་ང་ཚོའི་མི་ཚེའི་ནང་གལ་འགངས་ཆེ་བའི་ལས་འགན་ཇི་ལྟར་སྒྲུབ་བཞིན་ཡོད་པར་འཚོལ་ཞིབ་བྱེད་པ།
ང་ཚོའི་གཞན་དང་མཉམ་སྤྱོད་ཀྱི་དངོས་ཡོད་གནས་ལུགས་ལ་དོ་སྣང་བྱེད་པ།
- ང་ཚོ་ལ་ཡོད་པ་ནང་བཞིན་གཞན་དག་ལའང་སེམས་ཚོར་གྱི་མི་ཚེ་ཡོད་པའི་གོ་རྟོགས།
- ང་ཚོར་འདོད་པ་དང་། དགོས་མཁོ། ཞེད་སྣང་བཅས་ཡོད་པ་ནི་གཅིག་མཚུངས་ཡིན་པ་མཐོང་བ།
- འདོད་པ་དང་། དགོས་མཁོ། ཞེད་སྣང་རྣམས་གང་ཟག་ནས་གང་ཟག་བར་མི་འདྲ་བ་ཡོད་པའི་བདེན་དོན་ལ་གུས་བརྩི་བྱེད་པ།
སྣ་ཚོགས་པའི་རང་བཞིན་དང་ཁྱད་པར་ལ་ཡི་རངས་བྱེད་པ།
- ང་ཚོ་ཚང་མར་བཟོ་ལྟ་བཟོ་མཁན་གྱི་ཐུན་མོང་མ་ཡིན་པའི་མི་ཚེའི་ཉམས་མྱོང་ཇི་ལྟར་ཡོད་པར་བལྟ་བ།
- ཁྱད་པར་ཡོད་པ་དེས་ང་ཚོ་མཉམ་དུ་སྒྲིལ་བ་ལས་ལོགས་སུ་འབྱེད་ཀྱི་མེད་པའི་གོ་རྟོགས།
གཞན་དོན་དུ་སྙིང་རྗེ།
སྐབས་དོན་དང་འབྲེལ་བའི་གཞན་གྱི་ཚོར་བ་དང་སེམས་ཚོར་གྱི་གོ་རྟོགས།
- མི་གཞན་གྱི་བྱ་སྤྱོད་རྣམས་སེམས་ཚོར་ཀྱིས་སྐུལ་རྐྱེན་བྱས་པ་དང་། དེ་ཡང་རྨང་གཞི་དགོས་མཁོ་ལས་བྱུང་བའི་གོ་རྟོགས།
- ཁོང་ཁྲོ་དང་དཔྱད་ཁྲའི་སྒོ་ནས་མ་ཡིན་པར། སྙིང་རྗེའི་སྒོ་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་ཡ་ལན་བྱེད་པ།
སེམས་བཟང་དང་སྙིང་རྗེ་ལ་ཡི་རངས་བྱེད་པ་དང་རྒྱུད་ལ་སྦྱོང་བ།
- སྙིང་རྗེ་དེ་གང་ཡིན་མིན་འཚོལ་ཞིབ་བྱེད་པ།
- སྙིང་རྗེ་དེ་ཕན་ཐོགས་ཅན་ཞིག་ཏུ་བརྩི་འཇོག་ཐོག་དེ་རང་རྒྱུད་ལ་སྦྱོང་འདོད་བྱེད་པ།
བཟང་སྤྱོད་ཀྱི་རང་གཤིས་གཞན་དག་ལ་ཡི་རངས་བྱེད་པ་དང་རྒྱུད་ལ་སྦྱོང་བ།
- ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ནས་ང་ཚོའི་དགོས་མཁོ་ཆ་ཚང་སྐོང་མི་ཐུབ་པ་ཤེས་པ།
- ང་ཚོའི་མི་ཚེར་ཕན་ཐོགས་པའི་ནང་གི་ཡོན་ཏན་གཞན་དག་ལ་འཚོལ་ཞིབ་བྱེད་པ།
- རང་ཉིད་གཅེས་འཛིན་གྱི་བསམ་ཕྱོགས་ཀྱི་སྐྱོན་ཆ་རྣམས་ལ་བསམ་ཞིབ་བྱེད་པ།
- གཞན་གྱི་ཕྱོགས་སུ་གཞན་ཚོར་ཤེས་ནུས་ཀྱི་འདུ་ཤེས་དང་བཟོད་གསོལ་སྐྱེད་པ།
འབྲེལ་ལམ་གྱི་ཐབས་རྩལ།
གཞན་ཚོར་ཤེས་ནུས་ཀྱི་འདུ་ཤེས་ཐོག་ཉན་པ།
- བློ་གུ་ཡངས་པོའི་ཐོག་གཞན་དག་ལ་ཉན་པ།
- ང་ཚོས་གཞན་དག་ལ་ཉན་པའི་ཚེ། འགྲེལ་བཤད་དང་དཔྱད་ཁྲ་མེད་པར་གཏིང་ཟབ་ཀྱི་ཉན་ཚུལ་དེ་ཉམས་སུ་ལེན་པ།
ཐབས་མཁས་པོའི་འབྲེལ་ལམ།
- ཕན་འབྲས་ལྡན་པ་དང་རང་གཞན་གཉིས་ཀར་ནུས་ཤུསག་སྤེལ་ཐུབ་པའི་འབྲེལ་ལམ་གོང་འཕེལ་གཏོང་བ།
- གྲོགས་པོ་རྣམས་དང་མཉམ་དུ་བརྗོད་གཞི་ཁག་ལ་རྩོད་གླེང་བྱེད་པ་དང་། སོ་སོས་ནམ་རྒྱུན་དགག་པ་རྒྱག་སའི་ཕྱོགས་དེར་རྒྱབ་སྐྱོར་བྱེད་པ།
གཞན་ལ་རོགས་རམ་བྱེད་པ།
- སྤྱི་ཚོགས་ཞབས་ཞུ་དང་། དྭང་བླངས་ལས་འགུལ། གཞན་ཕན་གྱི་ངེས་མེད་ལས་དོན་ཁག་གི་ནང་དུ་ཞུགས་པ།
རྩོད་རྙོག་གི་འགྱུར་ལྡོག
- རྩོད་རྙོག་གང་རྣམས་ལམ་ལྷོང་ལྡན་པའི་སྒོ་ནས་ཁ་ལོ་བསྒྱུར་སྟངས་སྦྱོང་བ།
- ཕྱིའི་ཞི་བདེའི་རྨང་གཞིར་གྱུར་བའི་ནང་གི་ཞི་བདེ་གོང་འཕེལ་གཏོང་བ།
གོ་ལ་སྤྱི་ཡོངས་ཀྱི་གནས།
ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྟེན་འབྲེལ་ལ་ཡི་རངས་བྱེད་པ།
གཅིག་ལ་གཅིག་བརྟེན་གྱི་ལམ་ལུགས་གོ་རྟོགས།
- ཕན་ཚུན་གཅིག་ལ་གཅིག་བརྟེན་ནི་དངོས་པོའི་ཆོས་ཉིད་ཅིག་ཡིན་པ་དང་། འགྲོ་བ་མིའི་མི་ཚེའི་གཞི་རྩའི་དངོས་ཡོད་ཀྱི་གནས་ལུགས་དེ་ཡིན་པའི་གོ་རྟོགས།
- གཞན་ལ་མ་བརྟེན་པའམ། གཞན་མེད་པར་ང་ཚོ་འཚོ་མི་ཐུབ་པར་ཤེས་པ།
སྐབས་དོན་ལམ་ལུགས་ཤིག་གི་ནང་གང་ཟག་སྒེར་པ།
- གཞན་ལ་བཅོས་མིན་གྱི་བཀའ་དྲིན་བསམ་ཤེས་སྐྱེད་པ།
- གཞན་གྱི་མི་ཚེ་ལ་འགྱུར་བ་གཏོང་བར་ང་ཚོའི་ནུས་པའི་གཏིང་ཟབ་ཀྱི་དྲན་ཤེས་དེ་གོང་འཕེལ་གཏོང་བ།
- རྒྱ་ཆེ་བའི་བདེ་ཐབས་ཀྱི་ཆེད་དུ་ལས་དོན་བྱེད་པར་ཡིད་སྨོན་ཞིག་སྐྱེད་པ།
འགྲོ་བ་མི་ཐུན་མོང་ངོས་འཛིན་བྱེད་པ།
མི་ཚང་མ་གཞི་རྩའི་ཆ་ནས་གཅིག་པ་ཡིན་པར་ཡི་རངས་བྱེད་པ།
- འགྲོ་བ་མི་གང་དུ་ཡོད་ཀྱང་གཞི་རྩའི་ཆ་ནས་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པར་རྟོགས་པ།
- ང་ཚོའི་“ཚོགས་སྡེའི་”ཕྱི་རོལ་ཏུ་ཡོད་པ་རྣམས་ཀྱང་ཚུད་པའི་ཆེད་དུ་ང་ཚོའི་གཞན་ཚོར་འདྲེན་ནུས་ཀྱི་ཁྱབ་ཚད་དེ་རྒྱ་རྐྱེད་གཏོང་བ།
བདེ་ཐབས་ལ་ལམ་ལུགས་ཀྱིས་ཤུགས་རྐྱེན་ཇི་ལྟར་སྤྲོད་པར་ཡི་རངས་བྱེད་པ།
- བཟང་ཕྱོགས་ཀྱི་རིན་ཐང་གོང་སྤེལ་གཏོང་བའམ། ཡང་ན་དཀའ་ངལ་ཅན་གྱི་དད་པ་དང་འདྲ་མཉམ་མེད་པ་རྣམས་རྒྱུན་སྐྱོང་བྱེད་པའི་སྒོ་ནས་རིག་གཞུང་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་ལམ་ལུགས་ཀྱིས་ང་ཚོར་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་བརྟག་དཔྱད་བྱེད་པ།
སྤྱི་ཚོགས་དང་གོ་ལ་ཡོངས་ཀྱི་བྱ་བར་འཇུག་པ།
སྤྱི་ཚོགས་དང་འཛམ་གླིང་ནང་ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པའི་ནུས་པ།
- ང་ཚོར་སྐྱོན་གྱི་ཆ་ཡོད་པ་དང་ཆབས་ཅིག་ང་ཚོར་འཇོན་ནུས་ཀྱང་ཆེན་པོ་ཡོད་པའི་གོ་རྟོགས།
- སྒེར་གྱི་འགྱུར་བ་ཆུང་ངུས་རྒྱ་ཆེ་བའི་གོ་ལ་ཡོངས་ཀྱི་འགྱུར་འགྲོས་ལ་ལེགས་སྐྱེས་སྤྲོད་ཐུབ་པ་རྟོགས་པ།
སྤྱི་ཚོགས་དང་གོ་ལ་ཡོངས་ཀྱི་དཀའ་ངལ་སེལ་ཐབས་ལ་འཇུག་པ།
- ང་ཚོར་གནས་སའི་ལམ་ལུགས་དང་། དེའི་རྙོག་འཛིངས་ངོས་འཛིན་བྱེད་པ།
- བྱ་སྤྱོད་ཀྱི་འཕྲལ་ཕུགས་གཉིས་ཀའི་མཇུག་འབྲས་ལ་དཔྱད་ཞིབ་བྱེད་པ།
- མི་དགེ་བའི་སེམས་ཚོར་དང་ཕྱོགས་ལྷུང་གི་ཤུགས་རྐྱེན་ཉུང་དུ་གཏོང་བ།
- སེམས་གུ་ཡངས་དང་། མཉམ་ལས། རྣམ་དཔྱོད་ལྡན་པའི་སྙེམ་ཆུང་གི་བསམ་ཕྱོགས།
- བྱ་སྤྱོད་བྱེ་བྲག་པ་གང་རུང་ཞིག་གི་དགག་སྒྲུབ་ལ་བསམ་ཞིབ་བྱེད་པ།
གལ་ཏེ་ཁྱེད་འདི་ལས་མང་བ་ཤེས་འདོད་ཡོད་ན། སྤྱི་སེམས་བཟང་གསུམ་གྱི་སྒྲོམ་གཞིའི་འགྲེལ་ཚུལ་ཆ་ཚང་ཀློག་དགོས་པ་དང་། སྒོམ་པའི་ཚན་རིག་དང་སྙིང་རྗེ་གཞིར་བྱས་པའི་བཟང་སྤྱོད་ཀྱི་བསྟི་གནས་སུ་ཡོད་པའི་ལས་གཞི་གཞན་དག་ཁག་གི་སྐོར་སྦྱོང་དགོས།