ལས་ཞེས་བྱ་བ་ནི། ང་རང་ཚོའི་གཤིས་སྤྱོད་ཀྱི་རྣམ་འགྱུར་སྔ་མ་ལ་གཞི་རྟེན་བྱས་པའི་སེམས་ཀྱི་ངར་ཤུགས་སམ་སྐུལ་སློང་ཞིག་ཡིན་པ་དང་། དུས་རྒྱུན་ང་ཚོ་ལ། ལུས་ཀྱི་སྒོ་ནས་བྱ་བ་བྱེད་པ། ངག་གི་སྒོ་ནས་སྐད་ཆ་བཤད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བཅུག་པར་བྱེད་པ་ཡིན། ང་ཚོའི་གོམས་གཤིས་ཀྱིས་ཀླད་པའི་ནང་གི་དབང་རྩའི་བརྒྱུད་ལམ་བཟོ་བ་དང་། ང་ཚོས་དུས་དང་གནས་སྟངས་ཏག་ཏག་ལ་སྐམ་པ་འདྲ་པོ་དེ་མནན་པའི་སྐབས་སུ། ང་རང་ཚོའི་གཤིས་ཀའི་འགྲོས་ཀྱི་རྣམ་འགྱུར་ཕལ་པ་རྣམས་ཡང་ནས་ཡང་དུ་ཡོང་བའི་རྒྱུ་བྱེད་པ་ཡིན། ལས་སླ་པོའི་སྒོ་ནས་བཤད་ན། ང་ཚོས་ལས་ཀ་གཅིག་བྱེད་ཀྱིན་ཡོད་པའི་ཚོར་བ་ཡོང་གི་ཡོད་པ་དང་། དེ་ནས་ང་ཚོས་དབང་མེད་ངང་ངམ་ཤུགས་ཀྱིས་ལས་ཀ་དེ་བྱེད་པ་ཡིན།
ལས་ཞེས་པ་དེ་ཡང་སེ་བསོད་བདེ་དང་རླུང་རྟའམ། སྔོན་ཚུད་ནས་ཐག་ཆོད་པའི་ལས་སྐལ་འདྲ་པོ་ཞིག་ལ་གོ་ནོར་ཐེབས་པ་ཡོད། མི་ཁ་ཤས་རྨས་སྐྱོན་ཐེབས་པའམ། ཡང་ན་དངུལ་འབོར་ཆེན་པོ་བོར་བརླགས་ཤོར་བའི་སྐབས་ལ་མི་ཚོས། འོ། བསོད་བདེ་ཉམས་པ་རེད། དེ་ནི་ཁོ་ཚོའི་ལས་རེད་ཅེས་བཤད་སྲིད་པ་ཡིན། དེ་ནི་ང་ཚོས་ཤེས་མི་ཐུབ་པའམ་ང་ཚོ་ལ་སྟངས་འཛིན་གྱི་རང་དབང་མེད་པའི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་འདོད་པ་འདྲ་པོ་ཆགས་པ་རེད། དེ་ནི་སངས་རྒྱས་པའི་ཆོས་ནས་གསུངས་པའི་ལས་ཀྱི་བསམ་ཚུལ་དེ་རྩ་བ་ཉིད་ནས་མ་རེད། ལས་ཞེས་པ་དེ་བྱ་བར་འཇུག་པར་འདོད་པའི་སེམས་ཀྱི་ངར་ཤུགས་སམ་སྐུལ་སློང་ཞིག་སྟེ། དེས་རང་ཉིད་ལ་ཁོང་ཁྲོ་སློང་མཁན་གྱི་མི་རྣམས་ལ་ཚིག་རྩུབ་དང་སྐད་ངན་རྒྱག་པའམ། ཡང་ན་དཀའ་ངལ་དེ་གསལ་པོར་བཤད་པ་ལ་རྦད་དེ་ཞི་ལྷོད་མ་ཆགས་བར་དུ་བསོད་བསྲན་གྱིས་སྒུག་བཅུག་པ་ཡིན། ༼ཞི་ལྷོད་དགོས་པ་ཞེས་པའི་སྒོམ་གྱི་ལམ་སྟོན་ལ་གཟིགས།༽ ལས་ཞེས་པ་དེ་དུས་རྒྱུན་ང་ཚོ་སྐས་འཛེགས་ནས་མར་བབས་པའི་སྐབས། ང་ཚོའི་རྐང་པའི་ལུང་བུ་གཅུ་སྒྲིམ་བྱེད་པའམ། ཡང་ན་དུས་རྒྱུན་གཟབ་གཟབ་ཀྱིས་སྐས་འཛེགས་ནས་མར་བབས་པའི་ངར་ཤུགས་སམ་སྐུལ་སློང་ཞིག་ལའང་གོ་བ་ཡིན།
ལས་ཀྱིས་བྱ་བ་གང་འདྲ་སེ་བྱེད་པའི་དཔེ་ཡག་པོ་ཞིག་ནི་ཐ་མ་ཁ་ཡིན། དེའི་རྒྱུ་མཚན་ནི། ང་ཚོས་ག་དུས་ཡིན་ནའང་ཐ་མག་གཅིག་འཐེན་པའི་སྐབས་སུ། དེས་ཐ་མག་གཉིས་པ་དེ་འཐེན་པ་ལ་ནུས་པ་སྦྱིན་པ་ཡིན། ཐ་མག་ག་ཚོད་མང་པོ་འཐེན་པ་དེའི་ཚོད་ཀྱི་མུ་མཐུད་དེ་འཐེན་འདོད་ཤུགས་ཆེ་རུ་འགྲོ་བ་དེའི་བར་དུ་བསམ་བློ་ཙམ་ཡང་མ་བཏང་བར། ལས་ཀྱི་ངར་ཤུགས་དེས་དབང་མེད་ཀྱི་སྒོ་ནས་ང་ཚོ་ལ་མེ་སྤར་ཅི་ཐུབ་བྱེད་པའི་གནས་སྟངས་ནང་དུ་འཐེན་འགྲོ་བ་ཡིན། སྔོན་མ་ནས་བསགས་པའི་གོམས་གཤིས་ལས་བྱུང་བའི་ཐ་མག་འཐེན་ཡག་གི་ཚོར་བ་དང་ངར་ཤུགས་དེ་གང་ནས་བྱུང་བ་ཡིན་པ་ལས་ཀྱིས་འགྲེལ་བརྗོད་བྱེད་པ་ཡིན། ཐ་མ་ཁས། བྱ་བ་དེ་ཡང་ནས་ཡང་དུ་བྱེད་ཡག་གི་ངར་ཤུགས་དེ་བསྐྲུན་པ་མ་ཟད། ལུས་ཕུང་ཀྱི་ནུས་པ་ལའང་ཤུགས་གནོན་བྱེད་པ་ཡིན། དཔེར་ན། ཐ་མག་འཐེན་པ་ལས་འབྲས་ནད་ན་བ་ལྟ་བུའོ། །འདིར་ངར་ཤུགས་དང་འབྲས་ནད་གཉིས་ཀ་སྔོན་ལས་ཀྱིས་དབང་མེད་དུ་སྐུལ་བའི་འབྲས་བུ་སྟེ། ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བའོ།།
ང་རང་ཚོའི་གོམས་གཤིས་ལ་འགྱུར་བཅོས། །
ལས་ཞེས་བྱ་བ་ལ་གོ་རྒྱུ་ཡོད། གང་ཡིན་ཞེ་ན། ལས་ཀྱིས་ང་ཚོའི་ཚོར་བ་དང་ངར་ཤུགས་དེ་ག་ནས་བྱུང་བ་དང་། ང་ཚོ་མཚམས་རེར་སྐྱིད་པོ་དང་མཚམས་རེར་སྐྱིད་པོ་མེད་པའི་ཚོར་སྣང་དེ་འདྲ་ག་རེ་བྱས་ནས་ཡོང་གི་ཡོད་པ་འགྲེལ་བརྗོད་བྱེད་པ་ཡིན། དེ་ཐམས་ཅད་སོ་སོ་རང་ཉིད་ཀྱི་གཤིས་གོམས་བག་ཆགས་ཀྱི་འབྲས་བུ་ཞིག་ལས་བྱུང་བ་ཡིན། དེ་འདྲ་ཡིན་པ་སོང་ཙང་། ང་རང་ཚོས་ག་རེ་བྱེད་པ་དང་ག་རེ་འབྱུང་བ་རྣམས་སྔོན་ཚུད་ནས་ཐག་ཆོད་བཞག་པ་ཞིག་མ་ཡིན། བསོད་བདེ་རླུང་རྟ་དང་ལས་ཀྱི་བསྐོས་བཞག་པ་ཞིག་ནི་མེད།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས། ལས་ཞེས་བྱ་བ་ནི། མ་འོངས་པའི་གནས་སྟངས་བྱུང་རྐྱེན་རྣམས་ང་རང་ཚོ་སོ་སོའི་ལག་ཏུ་ཡོད་པར་སྟོན་པའི་ཐ་སྙད་ནུས་ལྡན་ཞིག་ཡིན་ཞེས་གསུངས་སོ།།
གང་ལྟར་ཡང་། དུས་རྒྱུན་ང་ཚོ་གོམས་གཤིས་ཀྱི་བྲན་གཡོག་ལྟ་བུ་ཞིག་ཡིན་པར་ཚོར་བའི་སྐབས། ང་ཚོའི་གཤིས་ཀའི་བག་ཆགས་ནི། ལེགས་པར་གཏན་ལ་ཕབ་པའི་དབང་རྩའི་བགྲོད་ལམ་ལ་གཞིར་བཞག་ཡོད། དེ་ཡང་སངས་རྒྱས་པའི་ཆོས་ནས་དེ་དག་ལས་ཐར་རྒྱུ་ཡོད་ཅེས་གསུངས་པ་ཡིན། ང་ཚོའི་མི་ཚེ་གང་པོར་དབང་རྩའི་བགྲོད་ལམ་གསར་པ་གསར་རྐྱང་བརྗེ་འགྱུར་དང་བཅོས་བགྱུར་བྱེད་ཐུབ་པའི་འཇོན་ནུས་ཡོད་པ་ཡིན།
ང་ཚོའི་སེམས་ནང་གཅིག་བྱེད་དགོས་བསམ་པའི་ཚོར་སྣང་ཞིག་ཤར་ཡོང་དུས། ལས་ཀྱི་ངར་ཤུགས་དེས་ང་ཚོ་ལ་སྦྱོར་བ་བརྩམས་མ་བཅུག་གོང་ལ་བར་སྟོང་ཞིག་ཡོད། ཚོར་བ་ག་རེ་བྱུང་བ་ཡིན་ནའང་ང་ཚོས་ལམ་སང་སྦྱོར་བ་མི་རྩོམ་པར། གང་ལྟར་ང་ཚོས་གསང་སྤྱོད་བེད་སྤྱོད་གཏོང་སྟངས་ཀྱི་སྦྱོང་བརྡར་བྱས་ཟིན་པ་འདྲ་པོ་ཡིན། དེ་ནང་བཞིན་གཞན་ལ་གནོད་པའི་སྐད་ཆ་བཤད་ཡག་གི་ཚོར་སྣང་བྱུང་དུས། ང་ཚོས་དེ་བཤད་དགོས་དང་མི་དགོས་ཀྱི་འདམ་ག་བྱེད་ཆོག་པ་ཡིན། ང་རང་ཚོའི་ཁོང་ཁྲོ་དང་རྙོག་དྲ་རྣམས་ངར་པོའི་སྒོ་ནས་གཞན་ལ་བཏོན་པས། རང་ཉིད་ལ་དུས་ཡུན་ཐུང་ཐུང་ཞིག་གི་ནང་ངལ་གསོས་པ་ཞིག་ཚོར་སྲིད་ཀྱང་། གཞན་ལ་ངར་པོའི་སྒོ་ནས་སྐད་ངན་རྒྱག་པའི་གོམས་གཤིས་དེ་ནི་སེམས་མི་སྐྱིད་པའི་གནས་སྟངས་ཤིག་ཡིན། རྩོད་རྙོག་གང་འདྲ་ཞིག་ཡིན་ནའང་ཕན་ཚུན་བགྲོ་གླེང་གི་སྒོ་ནས་སེལ་བ་དེ་སྐྱིད་པ་དང་ཞི་བའི་གནས་སྟངས་ཤིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། ཕན་པ་དང་གནོད་པའི་ལས་ཀྱི་དབར་ཤན་འབྱེད་ནུས་པ་ནི་དངོས་གནས་འགྲོ་བ་མི་རྣམས་དུད་འགྲོ་ལས་ཁྱད་པར་ཕྱེ་བ་ཡིན་ལ། དེ་ནི་ང་ཚོའི་ཁེ་ཕན་ཆེན་པོ་ཞིག་ཡིན།
དེ་ལྟར་བཤད་པའི་སྒོ་ནས། ག་དུས་ཡིན་ན་སྤོང་བྱར་གྱུར་བའི་གནོད་པའི་ལས་རྣམས་གདམ་ཀ་བྱ་རྒྱུ་དེ་ལས་སླ་པོ་ཞིག་མེད། འབྱུང་བཞིན་པའི་ཚོར་བ་ལ་དྲན་ཤེས་ཐུབ་པ་ལ་ང་ཚོའི་སེམས་ནང་ཤོང་ཚད་འདང་ངེས་ཞིག་ཡོད་པའི་སྐབས་སུ། དེ་ལས་སླ་རུ་འགྲོ་བ་ཡིན། དེ་འདྲ་སོང་ཙང་། སངས་རྒྱས་པའི་ཆོས་ནས་ང་ཚོ་ལ་དྲན་ཤེས་ཡར་རྒྱས་གཏོང་དགོས་པའི་སེམས་སྐུལ་བྱེད་པ་ཡིན། ༼སྒོམ་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིཌ།༽ ང་རང་ཚོ་ལྷོད་ལྷོད་བྱེད་པའི་སྐབས་སུ། ག་རེ་བསམ་བཞིན་པ་དང་། ག་རེ་བཤད་རྩིས་ཡོད་པ། ག་རེ་བྱེད་རྩིས་ཡོད་པའི་ཐད་ལ་ཤེས་རྟོགས་ཇེ་མང་དུ་འགྲོ་བ་ཡིན། དེ་ནས་ང་ཚོས། གཞན་ཁ་ཅིག་ལ་གནོད་པའི་སྐད་ཆ་ཞིག་ང་རང་བཤད་འདོད་འདུག གལ་ཏེ་ངས་བཤད་ན། དེས་དཀའ་ངལ་བཟོ་གི་རེད། དེ་འདྲ་ཡིན་དུས། ད་ངས་བཤད་ཀྱི་མིན་ཞེས་བརྟག་ཞིབ་བྱེད་འགོ་བཙུགས་པ་ཡིན། འདི་ལྟ་བུ་སྒོ་ནས་ང་ཚོས་གདམ་ག་བྱེད་ཆོག་པ་ཡིན། ང་རང་ཚོ་དྲན་ཤེས་དང་མི་ལྡན་པའི་སྐབས། ནམ་རྒྱུན་སེམས་ནང་བྲེལ་འཚུབ་ཀྱི་རྣམ་རྟོག་དང་ཚོར་བ་མང་པོ་ཞིག་ཡོང་གི་ཡོད་པ་དང་། སེམས་ནང་ག་རེ་དྲན་པ་དེ་དབང་མེད་ངམ་ཤུགས་ཀྱིས་བྱེད་དུས། དེ་ཡིས་དཀའ་ངལ་གྱི་ཐ་སེལ་བ་མིན།
སོ་སོའི་མ་འོངས་པ་ལ་སྔོན་དཔགས་བྱེད་དགོས། །
ང་རང་ཚོའི་སྔོན་དང་ད་ལྟའི་ལས་ཀྱི་གོམས་གཤིས་ལ་བརྟེན་ནས་མ་འོངས་པར་གང་མྱོང་སྲིད་པ་དེ་ལ་སྔོན་ཚུད་ནས་དཔོག་ཐུབ་པ་ཡིན། ཕུགས་རྒྱང་རིང་པོ་ལ། ཕན་པའི་ལས་ཀྱིས་འབྲས་བུ་བདེ་སྐྱིད་སྦྱིན་པ་དང་། གནོད་པའི་ལས་ཀྱིས་མཇུག་འབྲས་ནི་མི་འདོད་པ་སྦྱིན་པ་ཡིན།
ལས་བྱེ་བྲག་པ་གཅིག་གང་འདྲ་སེ་འབྲས་བུ་སྨིན་གྱི་ཡོད་པ་དེ་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་དགོས་པ་ཡིན། དཔེར་ན། གལ་ཏེ་ང་ཚོས་ནམ་མཁར་པོ་ལོ་ཞིག་ཡར་གཡུག་ན། དེ་མར་རང་འཇགས་སའི་སྟེང་དུ་ཟག་ཡོང་བ་དེ་ང་ཚོས་སྔོན་དཔོག་བྱེད་ཐུབ་པ་ཡིན། གང་ལྟར་ཡང་། གལ་སྲིད་ང་ཚོས་པོ་ལོ་དེ་བཟུང་ན། དེ་སའི་སྟེང་དུ་མི་ཟག དེ་བཞིན་དུ་ང་ཚོས་མ་འོངས་པར་ག་རེ་ཡོང་བ་དེ་སྔོན་གྱི་ལས་ལ་བརྟེན་ནས་སྔོན་དཔོག་བྱེད་ཐུབ་པ་དེ་ནི། གཞན་ལ་ལྟོས་མི་དགོས་པའི་རང་རྐྱ་ཐུབ་པ་དང་། ལས་ལ་བསྐོས་ཟིན་པའམ། རྡོའི་ནང་དུ་རྐོས་ཟིན་པ་དེ་འདྲ་ཞིག་ནི་མ་ཡིན། ལས་སྨིན་པར་བྱེད་པ་ལ་ང་རང་ཚོའི་བྱ་བ་དང་བག་ཆགས་སོགས་གནས་སྟངས་གཞན་གྱིས་ཤུགས་རྐྱེན་བྱེད་པ་ཡིན། གལ་ཏེ་ང་ཚོ་ཤ་རྒྱགས་པ་ཡོད་པའི་ཐོག་ལ་ད་དུང་མུ་མཐུད་དེ་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་མང་པོ་ཟ་ནས་བསྡད་ན། མ་འོངས་པར་གཅིན་སྙིའམ་ཀ་རའི་ནད་ན་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་སྔོན་དཔོག་བྱེད་ཐུབ་པ་ཡིན། འོན་ཀྱང་གལ་ཏེ་ང་ཚོས་སྒྲིག་ལམ་ལྡན་པའི་ཚད་ངེས་ཅན་གྱི་ཟས་བསྟེན་ཏེ། ལུས་ཀྱི་ལྗིད་ཚད་ཇེ་ཉུང་དུ་ཕྱིན་པ་ཡིན་ན། ང་ཚོ་ནམ་ཡང་མི་ན་བ་ཆགས་སྲིད་པ་ལྟ་བུའོ།།
ང་ཚོས་རང་ཉིད་ཀྱི་རྐང་པ་བརྡབ་པའི་སྐབས། ན་ཟུག་དེ་མྱོང་བ་ལ་ལས་རྒྱུ་འབྲས་ལ་ཡིད་ཆེས་མི་དགོས་པར་དེ་རང་བཞིན་གྱིས་ཡོང་བསྡད་ཀྱི་ཡོད། གལ་ཏེ་ང་ཚོས་གོམས་གཤིས་དེ་འགྱུར་བཅོས་བཏང་ནས་ཕན་ཡོན་གང་ཡིན་པ་དེ་གོང་འཕེལ་བཏང་ན། དེའི་མཇུག་འབྲས་ནི་རང་ཉིད་ཀྱི་དད་པ་དང་ཡིད་ཆེས་ལ་ལྟོས་མི་དགོས་པར་བཟང་པོ་ཞིག་ཡོང་ངེས་རེད།