ཐེག་པ་ཆེན་པོའི་བློ་སྦྱོང་མཚོན་ཆ་འཁོར་ལོ།
༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ། ཁྲོ་བོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། ༡༽བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ན། །སྨན་གྱི་ལྡུམ་ར་ལེགས་པར་མཛེས་གྱུར་ཀྱང་། །རྨ་བྱའི་ཚོགས་རྣམས་དགའ་བར་མི་འགྱུར་གྱི། །བཙན་དུག་བཅུད་ཀྱིས་རྨ་བྱ་འཚོ་བ་ལྟར། །...