བཟང་སྤྱོད་ཀྱི་ཚུལ་ཁྲིམས། ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་ལས་ཐར་བ།

ལས་ཟེར་བ་དེ་ནི་དབང་མེད་ཀྱིས་ལུས་ཀྱི་སྒོ་ནས་བྱ་བ་རྩོམ་པ་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བ་བཅས་སྒོ་གསུམ་གྱི་སྤྱོད་པ་བྱེད་དུ་འཇུག་པའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ལ་གོ་གི་ཡོད། ང་ཚོས་དེ་རྟོགས་པའི་སྐབས།ལས་ཀྱི་བྱེད་ལས་ནི་སྡུག་བསྔལ་དང་དཀའ་ངལ་རྣམས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་པ་རྟོགས་ཀྱི་ཡོད། ངང་ངམ་ཤུགས་ཀྱི་སྒོ་ནས་བྱ་སྤྱོད་སྤེལ་བ་ལས་ང་ཚོར་སྡུག་བསྔལ་འབྱུང་བ་དང་། མི་ཚེའི་ནང་དཀའ་ངལ་ཡང་ནས་ཡང་དུ་འབྱུང་བར་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་གཞན་ལ་ཕན་ཆེ་ཤོས་འདོགས་པར་འགོག་རྐྱེན་བྱེད་ཀྱི་ཡོད། ང་ཚོས་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དང་དེ་ལས་སྐྱེད་པའི་དཀའ་ངལ་གྱི་རིགས་རྣམས་སྤོང་བར། ང་ཚོར་སྡིག་པ་མི་དགེ་བའི་སྤྱོད་ལམ་དང་། རང་གིས་རང་ལ་ཡོད་པའི་རྟོག་པའི་འཆར་སྣང་། དེ་བཞིན་རང་གཅེས་འཛིན་གྱི་བློ་བཅས་སྤོང་བའི་ཆེད་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས།
Top