རྒྱུ་འབྲས་མན་ངག་བདུན་སྒོམ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ།

བྱང་ཆུབ་ཀྱི་སེམས་ཞེས་པ་ནི། སེམས་ཅན་གྱི་དོན་ཡང་དག་པ་སྒྲུབ་ཐུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དམིགས་པ་ཞིག་ཡིན། དེ་འདྲའི་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་སྐྱེ་བ་དང་སྐྱེས་ནས་ནུས་ཤུགས་ཆེ་རུ་གཏོང་བ་ལ་རྒྱུ་འབྲས་མན་ངག་བདུན་གྱི་ཐབས་ལམ་ལ་བརྟེན་དགོས། དེ་ཡང་སྐྱེ་བའི་རིམ་པ་ལ་སེམས་ཚོར་དང་གོ་རྟོགས་ཀྱི་རྒྱུད་རིམ་ཞིག་འགྲོ་དགོས་ཤིང་། དེ་ཡང་ཐོག་མར་འགྲོ་བ་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་ཀྱི་བློ་བསྐྱེད་པ་ནས་མགོ་བཙུགས་ཏེ་ཐམས་ཅད་རང་གི་མ་བྱས་མི་མྱོང་བ་མེད་པས་མར་ཤེས་པ་དང་། མའི་བྱམས་བརྩེ་དྲན་པས་དྲིན་དྲན་པ། བཀའ་དྲིན་དྲན་པ་ལ་བརྟེན་ནས་དྲིན་ལན་འཇལ་དགོས་པས་དྲིན་གཟོ་བ། འདིས་སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་སུ་བྱམས་པ་དང་སྙིང་རྗེ་བསྐྱེད་པར་བྱེད་པས་ཡིད་འོང་གི་བྱམས་པ་དང་སྙིང་རྗེ། དེ་ནས་སེམས་ཅན་གྱི་དོན་རང་གིས་བྱེད་ཀྱི་ཡིན་བསམ་པ་ཙམ་མ་ཡིན་པར། དེའི་འགན་དེ་རང་ཉིད་ཀྱིས་འཁུར་གྱི་ཡིན་ཞེས་སེམས་ཐག་བཅད་པའི་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་བསམ་བསྐྱེད་པ་དང་། རྒྱུའི་རིམ་པ་འདིའི་འབྲས་བུ་ནི་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་དེ་འབྱུང་བ་ཡིན།

ངོ་སྤྲོད།

དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ང་ཚོ་ལ་ཐོབ་ཡོད་པ་སོང་ཙང། ང་ཚོས་འདི་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ལམ་ལ་འཇུག་ཐུབ་ཀྱི་ཡོད། ཡིན་ནའང་ང་ཚོ་ལ་ཡོད་པའི་རང་དབང་དང་གོ་སྐབས་འདི་དག་དུས་གཏན་དུ་གནས་ཀྱི་མ་རེད། དེར་བརྟེན་ད་ལྟ་ང་ཚོ་ལ་དལ་འབྱོར་གྱི་མི་ལུས་ཞིག་ཡོད་པའི་སྐབས་འདིར་ང་ཚོས་གོ་སྐབས་ཆ་ཚང་ལེན་དགོས་ཀྱི་ཡོད། 

ང་ཚོའི་མི་ལུས་རིན་པོ་ཆེ་འདི་ལས་གོ་སྐབས་ལེན་ཡག་གི་ཐབས་ཤེས་ཡག་ཤོས་ནི། ང་ཚོའི་མི་ལུས་འདི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆེད་དུ་བེད་སྤྱོད་བྱེད་རྒྱུ་དེ་ཡིན། བྱང་ཆུབ་སེམས་ཀྱི་དམིགས་ཡུལ་ཞེས་པ་ནི་ད་ལྟ་སངས་རྒྱས་ཀྱི་གོ་འཕང་ཐོབ་མེད་ཀྱང་སོ་སོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་སེམས་གཏིང་ནས་དམིགས་པ་གཏད་པ་དེ་ཡིན། འོན་ཀྱང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བྱེད་པའི་རྒྱུ་བདེ་གཤེགས་སྙིང་པོ་གཞི་རྟེན་དུ་བྱས་ནས་རྗེས་མ་རང་གི་སེམས་རྒྱུན་ལ་ཆ་འཇོག་བྱེད་ཆོག་པ་ཡིན། དེ་འདྲའི་གོ་འཕང་ཐོབ་ཆེད་ཀྱི་ཆ་རྐྱེན་ནང་དགེ་བའི་ནུས་ཤུགས་དང་གཏིང་ཟབ་ཀྱི་རིག་པའི་མ་ལག། ང་ཚོའི་ཁྱད་ཆོས་བཟང་པོ་སྣ་ཚོགས་པ་རྣམས་དང་སེམས་དག་པའམ་གཙང་བའི་རང་བཞིན་སོགས་ཡོད། འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་དམིགས་འདུན་གཉིས་ཀྱི་གྲོགས་བྱེད་ཀྱི་ཡོད་པ་ནི། དང་པོ། སངས་རྒྱས་ཀྱི་གོ་འཕང་གང་མགྱོགས་མགྱོགས་འཐོབ་རྒྱུ་དང་། གཉིས་པ། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་དེ་ལ་བརྟེན་ནས་སེམས་ཅན་གྱི་དོན་སྒྲུབ་རྒྱུ་དེ་ཡིན།

ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐབས་སུ་གོང་ཞུས་ཀྱི་དམིགས་འདུན་གཉིས་པོ་གོ་རིམ་ལྡོག་ནས་བསྐྱེད་ཀྱི་ཡོད། དེ་ཡང་ཐོག་མར་ང་ཚོས་འགྲོ་བ་མིའི་རིགས་ཙམ་མ་ཡིན་པར། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་འདོད་ཀྱི་འདུན་པ་ཆ་ཚང་བ་ཞིག་སྐྱེད་ཀྱི་ཡོད། འདི་ནི་ང་ཚོའི་སེམས་ཅན་ལ་དམིགས་པའི་བྱམས་པ་དང་། སྙིང་རྗེ། ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཡོང་གི་ཡོད་ཅིང་། འདི་དག་གི་སྐོར་ལ་ཞིབ་ཕྲའི་གནད་དོན་རྣམས་གཏམ་བཤད་འདིའི་གཤམ་དུ་བགྲོ་གླེང་བྱ་རྒྱུ་ཡིན། དེ་ནས་སེམས་ཅན་རྣམས་ལ་ཆེས་ནུས་པ་དང་ལྡན་པའི་སྒོ་ནས་ཕན་འདོགས་པའི་ཆེད་དུ་ང་ཚོར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་ཡོང་གི་ཡོད། ང་ཚོར་ཡོད་པའི་སྐྱོན་གྱི་ཆ་དང་ལྡེང་མིན་གྱི་ཆ་ཚང་མ་མེད་པ་བཟོ་བའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ཀྱི་ཡོད། དེ་གང་ཡིན་ཞེ་ན། སྐྱོན་གྱི་ཆ་དེ་དག་གིས་ང་ཚོས་གཞན་དོན་ཡག་ཤོས་སུ་སྒྲུབ་ཐུབ་པ་ལ་འགོག་རྐྱེན་བྱེད་ཀྱི་ཡོད། དཔེར་ན། ང་ཚོ་མི་གཞན་ལ་ཁོང་ཁྲོ་ཟ་བའི་སྐབས་ང་ཚོས་ག་འདྲ་བྱས་ནས་ཁོ་ཚོ་ལ་རོགས་པ་བྱེད་ཐུབ་བམ། དེ་ག་ནང་བཞིན་རང་གི་ནུས་པ་ཡོངས་རྫོགས་རྟོགས་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་ཀྱི་ཡོད་ལ། ང་ཚོས་ནུས་པ་དེ་དག་ཆ་ཚང་བ་རྟོགས་ནས་སེམས་ཅན་གྱི་དོན་ཡང་དག་པ་སྒྲུབ་པ་ལ་བེད་སྤྱོད་བྱེད་ཐུབ་པ་དགོས། བྱས་ཙང། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྐབས་སུ། དང་པོ་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་གོང་འཕང་མཐོ་ཤོས་སམ་མཆོག་ཏུ་གྱུར་བ་དེ་ཡིན་པ་དང། དེ་ནས་གཞུང་ལ་ཁྲལ་ཡིན་གཅིག་སྤྲོད་དགོས་པ་ལྟ་བུ་གཞི་ནས་སེམས་ཅན་གྱི་དོན་སྒྲུབ་དགོས་པ་ཞིག་མ་ཡིན།

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ལམ་ལ་གཉིས་ཡོད། གཅིག་ནི་རྒྱུ་འབྲས་མན་ངག་བདུན་ལས་བྱང་ཆུབ་སེམས་བསྐྱེད་ཚུལ་དང་། གཞན་དེ་ནི་བདག་དང་གཞན་གྱི་བསམ་ཕྱོགས་མཉམ་པ་དང་བརྗེ་བ་༼བདག་གཞན་མཉམ་བརྗེ་༽ཡི་སྒོ་ནས་བྱང་ཆུབ་སེམས་བསྐྱེད་པ་དེ་ཡིན། འདི་གཉིས་ལས་ཐབས་ལམ་དང་པོ་རྒྱུ་འབྲས་མན་ངག་བདུན་གྱི་སྐོར་སྐབས་འདིར་བགྲོ་གླེང་བྱ་རྒྱུ་ཡིན། 

Top