ཆ་ཚང་བའི་ནང་པའི་མི་ཚེ། འཕགས་ལམ་ཡན་ལག་བརྒྱད།

ནང་པ་སངས་རྒྱས་པའི་ཆོས་ཀྱིས་ང་ཚོར། སེམས་རྩེ་གཅིག་ཏུ་གནས་ཡག་དང་། བླང་འདོར་གྱི་གནས་ལ་དབྱེ་བ་འབྱེད་པའི་ཤེས་རབ་གོང་འཕེལ་དུ་གཏོང་ཡག དེ་བཞིན་བཟང་སྤྱོད་དང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུ་བཅས་ལ་ཧ་ལས་པའི་ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་སྦྱིན་གྱི་ཡོད། འོན་ཀྱང་མི་ཚང་མ་ཆོས་ཕྱོགས་ཀྱི་གནད་དོན་འདིའི་ནང་ཐུམ་ནས་བསྡད་འདོད་མེད་པས། འདིར་ང་རང་ཚོའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཕན་ཐོགས་ཆེ་བའི་ལམ་སྟོན་ལྟ་བུའི་བསླབ་པ་གསུམ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་སྐོར་ལ་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་འབྲེལ་ཆགས་ཀྱི་ཐོག་ནས་ངོ་སྤྲོད་བྱེད་ཀྱི་ཡིན།
Top