ཉིན་རེའི་བློ་སྦྱོང་། དམིགས་བསལ་གང་ཡང་མེད་པའི་ལྟ་སྟངས་།

ང་ཚོ་ཚང་མར་ཞོགས་པ་ཡར་ལངས་བ་དང་། དགོང་མོ་མར་ཉལ་བ། དེའི་བར་ལ་སེམས་ཚོར་གྱི་མྱོང་བ་མི་འདྲ་བ་སྣ་ཚོགས་པ་མྱོང་མཁན་གྱི་ “ང་་” ཞེས་ལྷན་སྐྱེས་སུ་ཡོད་པའི་འཇིག་རྟེན་གྱི་ལྟེ་བའམ་གཙོ་བོ་ལྟ་བུའི་འཛིན་པ་ཞིག་ཡོད། “ང་” དེས་ག་དུས་ཡིན་ནའང་བདེ་བ་འཚོལ་ཞིབ་བྱེད་པ་དང་དཀའ་སྡུག་ལས་གཡོལ་ཐབས་བྱེད་ཀྱང་། མི་ཚེ་ཞེས་པ་འདི་ང་ཚོས་འདོད་པ་ནང་བཞིན་ནམ་ཡང་ཡོང་གི་མེད། དེར་བརྟེན། “ང་” ཞེས་པ་འདི་ “གཞན་” མཉམ་དུ་ཡོད་པའི་འབྲེལ་བ་དེར་བསྐྱར་ཞིབ་བྱས་ནས་སྦྱངས་ན་དཀའ་ངལ་སོགས་ལ་གདོང་ལེན་བྱེད་སྐབས་ཁོག་པ་ཆེ་ཙམ་དང་། གུ་ཡངས་པ། སེམས་ལྷོད་ཙམ། བདེ་སྐྱིད་ཆེ་ཙམ་ཡོང་ཐུབ།
Top