ཉོན་མོངས་ཟེར་བ་དེ་གང་ཡིན་ནམ།

02:11
ང་ཚོའི་སེམས་འདི་ཁོང་ཁྲོ་དང་། འདོད་ཆགས། རང་འདོད་དོན་གཉེར། འདོད་རྔམས་སོགས་ཀྱིས་དཀྲོག་རྐྱེན་ཐེབས་པའི་སྐབས། དེ་དང་མཉམ་དུ་ང་ཚོའི་ནུས་ཤུགས་ལ་ཡང་དཀྲོག་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ང་ཚོའི་སེམས་མ་བདེ་བ་དང་། ཞི་འཇམ་མེད་པ། བསམ་བློ་གང་སར་རྒོད་ཅིང་འཕྲོ་འགྲོ་གི་ཡོད། དེས་རྐྱེན་བྱས་ནས་ང་ཚོས་རྗེས་སུ་འགྱོད་པ་སྐྱེ་རུང་གི་བྱ་བ་བྱེད་པ་དང་། སྐད་ཆ་ཤོད་ཀྱི་ཡོད། གལ་སྲིད་ང་ཚོའི་སེམས་དང་རང་གི་ནུས་ཤུགས་ལ་གློ་བུར་དཀྲོག་རྐྱེན་ཐེབས་ཀྱི་ཡོད་ན། དེ་ནི་ཉོན་མོངས་ཁ་ཤས་ཀྱི་བྱེད་ལས་ཡིན་པ་ངེས་ཐུབ་པ་དགོས། འདི་འདྲའི་སྐབས་སུ་ཐབས་བྱུས་ཡག་ཤོས་ཞིག་ནི། ཉོན་མོངས་སྐྱེ་བ་དང་ལམ་སེང་ངོས་བཟུང་རྒྱུ་དང་། དེ་ལ་སེམས་ཀྱི་གནས་བབས་བྱམས་པ་དང་སྙིང་རྗེ་ལྟ་བུས་གཉེན་པོ་བསྟེན་དགོས་ཤིང་། གལ་སྲིད་ང་ཚོས་དཀའ་ངལ་བཟོ་མཁན་གྱི་སེམས་ཚོར་གྱི་དབང་དུ་ཤོར་ནས་བྱ་སྤྱོད་སྤེལ་གྱི་ཡོད་ན། ང་ཚོས་བཟོ་ངེས་པའི་དཀའ་ངལ་རྣམས་སྤོང་དགོས་ཀྱི་ཡོད།

ཉོན་མོངས་ཟེར་བ་དེ་གང་ཡིན་ནམ།

ཉོན་མོངས་ཟེར་བ་ནི། ང་ཚོས་སེམས་ཀྱི་གནས་བབས་ཤིག་སྐྱེད་པའི་སྐབས་སུ། དེས་སེམས་ཀྱི་ཞི་བདེ་དང་རང་ཚུགས་བརླགས་པའི་རྒྱུ་བྱེད་མཁན་ཞིག་ལ་འགྲེལ་བཤད་རྒྱག་ཡོད།

ང་ཚོའི་སེམས་ཀྱི་ཞི་བདེ་བརླགས་པར་བྱེད་པ་སོང་ཙང་། དེ་ནི་བསུན་འཚེར་ཅན་ཞིག་ཡིན། དེས་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་ཀྱི་ཡོད། སེམས་ཀྱི་ཞི་བདེ་བརླགས་དུས་ང་ཚོའི་སེམས་ནང་དཀྲོག་རྐྱེན་ཐེབས་ཀྱི་ཡོད། དེ་ལ་བརྟེན་ནས་རང་གི་བསམ་བློ་དང་ཚོར་བ་གསལ་ཆ་མེད་པ་ཆགས་འགྲོ་གི་ཡོད། དེ་ལྟར་གསལ་ཆ་མེད་པ་སོང་ཙང་། རང་ཚུགས་མ་ཤོར་བ་ལ་དགོས་ངེས་ཀྱི་རྣམ་པར་འབྱེད་པའི་ཚུལ་དེ་བརླག་འགྲོ་གི་ཡོད། བྱས་ཙང་། གང་ཞིག་ཕན་ཐོགས་ལྡན་པ་དང་མི་ལྡན་པ། གང་འོས་པ་དང་མི་འོས་པའི་ཐད་ལ་རྣམ་པར་འབྱེད་ཐུབ་པ་དགོས།  

Top