སྒོམ་མ་རྒྱག་པའི་སྔོན་ལ་ག་རེ་ཤེས་དགོས་པ།

རང་གི་ནུས་པ་ཤེས་དགོས་པ།

ང་ཚོས་དེ་ཚོ་ཚང་མ་དངོས་གནས་སྒྲུབ་ཐུབ་ཀྱི་ཡོད་མེད་ཐོག་གཏམ་བཤད་མང་པོ་བྱས་མེད་པ་རེད། ངས་དེ་སྒྱུབ་ཐུབ་ཀྱི་རེད་དམ། གནད་དོན་འདིས་སྤྱིར་བཏང་ང་ཚོ་ཚང་མ་ལ་ཡོད་པའི་རྒྱུ་དེ་གཤེགས་སྙིང་པོ་ཡོད་པའི་སྐོར་དང་། ང་ཚོ་ཚང་མར་ཡོད་པའི་སངས་རྒྱས་རུང་གི་གཞི་རྩའི་ཆ་རྐྱེན་ཐོག་གཏམ་བཤད་བྱེད་དགོས་པ་ཆགས་ཀྱི་ཡོད། དེ་ཡང་གཙོ་བོ་སེམས་ཀྱི་ཁྱད་ཆོས་དང་འབྲེལ་བ་ཆགས་ཀྱི་ཡོད།

ང་ཚོ་དངོས་པོ་ཤེས་རྟོགས་ཀྱི་ནུས་པ་ཡོད་རེད་དམ་ཞེ་ན། ཡོད་པ་རེད། ང་ཚོ་གནད་དོན་གཅིག་གི་སྒང་ལ་རྟག་པར་དྲན་ཤེས་ལྡན་པའི་ཐོག་གནས་ཐུབ་ཀྱི་ཡོད་དམ། ང་ཚོས་དུས་ཚོད་གང་འཚམས་བར་གནད་དོན་གཅིག་གི་སྒང་དྲན་པ་གཏད་ཐུབ་ཀྱི་ཡོད་པས། དུས་ཚོད་དེ་རིང་དུ་གཏོང་ཐུབ་བམ་ཞེ་ན། གཏོང་ཐུབ་ཀྱི་རེད། དེ་ཡང་དུས་ཚོད་འདི་སྒོམ་གྱི་ཉམས་ལེན་དང་གོམས་འདྲིས་བརྒྱུད་རིང་དུ་གཏོང་ཐུབ་ཀྱི་ཡོད། དེ་སྒྱུབ་པའི་གཞི་རྩའི་ཆ་རྐྱེན་ནི་སོ་སོ་དེ་ལ་དབྱིངས་ཡོད་མེད་དང་ཀུན་སློང་ལ་རག་ལས་ཤིང་། དེ་གལ་ཆེན་པོ་དང་ང་ཚོ་ལ་འབྲེལ་བ་ཡོད་པ་ཞིག་དགོས་ཡོད།

དེ་ནི་སོ་སོ་ཁྲོམ་ལ་ཉོ་ཆ་རྒྱག་ག་འགྲོ་དུས་སོ་སོ་ལ་དངུལ་ག་ཚོད་ཡོད་མེད་ཤེས་པ་བྱས་པ་ནང་བཞིན་གཅིག་པ་རེད། གང་ཡིན་ཟེར་ན། སོ་སོས་དངུལ་དེ་ལས་ལྷག་ག་འགྲོ་སོང་གཏོང་གི་མ་རེད། ཡང་སོ་སོ་ནང་ལ་བསྡད་སྐབས་སོ་སོའི་སྦ་ཁུག་ནང་དངུལ་ག་ཚོད་ཡོད་ནའང་འབྲེལ་བ་མེད་ལ་སེམས་འཁྲེལ་མེད། དེ་ག་ནང་བཞིན་ནང་པའི་ཆོས་ལ་བསམ་བློ་གཏོང་དུས་དེ་དང་འདྲ་བ་རེད། ནང་པའི་ཆོས་དེ་སོ་སོ་དང་འབྲེལ་བ་ཡོད་པ་ཞིག་དགོས། ནང་ཆོས་དེ་སོ་སོ་དང་འབྲེལ་བ་ཡོད་པ་ཚོར་བ་ལ་དེའི་བྱེད་ལས་དང་རྒྱུ་མཚན་ག་རེ་བྱས་ནས་གལ་ཆེན་པོ་ཡིན་པ་ཤེས་དགོས། གནད་དོན་འདི་སེམས་ཀྱི་གནས་བབས་དོན་སྙིང་པོ་ཞིག་གི་ནང་མར་བསྡུས་ན། “གཅེས་སྐྱོང་གི་བསམ་ཕྱོགས།” ཤེས་པ་དེ་དགོས་ཀྱི་ཡོད། དེ་ནི་སོ་སོ་ལ་སེམས་འཁུར་ཡོད་པ་དང་། སོ་སོ་ལ་གང་ཡོང་གི་ཡོད་པ། དེ་བཞིན་སོ་སོས་གང་མྱོང་གི་ཡོད་པ་བཅས་ལ་གཅེས་སྐྱོང་དགོས་ཀྱི་ཡོད།

Top