འཇིགས་པ་ཞེས་བྱ་བའི་འདྲེ་འདུལ་ཞིང་གསོལ་མཆོད་བྱེད་པ།

ཐབས་ལམ་འདི་ནི་ཚུལ་ཁྲིམས་ཨེ་ལྱིན་ Tsultrim Allione ལགས་ཀྱི་དཔེ་དེབ་ལས་སེམས་འགུལ་ཐེབས་ཏེ་ཆོས་སྐྱོང་སྲུང་མའི་བསྐང་གསོའི་སྒྲོམ་གཞི་དང་རན་འཚམས་སུ་ལེགས་བཅོས་བྱས་པ་ཞིག་ཡིན།

  • རང་ལ་འཇིགས་སྣང་དང་སེམས་འཚབ་མང་ཤོས་བྱུང་བའི་རྐྱེན་རྩ་ངོས་འཛིན་བྱེད་ཐབས་བྱེད་དགོས། དཔེར་ན། རང་ཉིད་ཁེར་རྐྱང་ཡིན་པ་ཚོར་ནས་སུ་གཅིག་གིས་ཀྱང་རང་ལ་དགའ་པོ་མེད་པ་དང་། དེ་འདྲེ་ཞིག་གི་གཟུགས་སུ་བསམས་ནས་རང་ཉིད་ལ་དཀའ་སྡུག་སྤྲད་པ་དང་འཇིགས་སྣང་སྐུལ་བར་བསམ་དགོས།
  • འདྲེ་དེ་སོ་སོའི་རྒྱུད་ནས་ཐོན་ཏེ་རང་གི་མདུན་དུ་ཡོད་པར་སྙམ་ནས་ག་རེ་དགོས་ཞེས་སྐད་ཆ་འདྲི་དགོས།
  • འདྲེ་དེར་གང་དགོས་པ་དེ་ལྟར་སྦྱིན་གྱི་ཡོད་པར་བསམ་བློ་གཏོང་དགོས། སྐབས་འདིར་སྦྱིན་པ་ཟེར་དུས་བྱམས་དང་བརྩེ་བ་སྦྱིན་པར་གོ་དགོས།
  • འདྲེ་དེ་དང་འབྲེལ་བ་བཟོས་ནས་མ་འོངས་པར་རང་ལ་གཞན་གྱིས་མི་དགའ་བ་བྱེད་པ་ལས་སྐྱོབ་མཁན་ཞིག་ཏུ་བསྐོ་དགོས།
  • གལ་སྲིད་འདྲེ་དེར་འཆར་ཅན་གྱི་གསོལ་མཆོད་དང་སྦྱིན་པ་གཏོང་རྒྱུར་ལྷོད་གཡེངས་ཤོར་ན། དེས་རང་ལ་སླར་ཡང་གནོད་འཚེ་གཏོང་བར་ངོས་འཛིན་དགོས། དེར་བརྟེན་མ་འོངས་པར་འདྲེ་དེར་འཆར་ཅན་གསོལ་མཆོད་བྱེད་རྒྱུར་མོས་མཐུན་བྱེད་དགོས། གསོལ་མཆོད་ཀྱི་ཁོངས་སུ།
    • དྲན་པ་གསོ་བ་དང་།
    • རང་ངོས་ནས་ལྷོད་གཡེངས་ཤོར་ཡོད་ན། ཐད་ཀར་ངོས་ལེན་དང་འགྱོད་པ་བྱེད་པ་དང་འབྱུང་འགྱུར་དེ་ལྟར་མི་བྱ་རྒྱུའི་ཁས་ལེན་བྱེད་པ།
    • དེ་ལ་བརྟེན་ནས་རང་གི་འབྲེལ་བ་བསྐྱར་གསོ་བྱེད་པ།
    • བསྐྱར་དུ་སྦྱིན་པའམ་གསོལ་མཆོད་བྱེད་པ།
    • དེ་ལ་རང་ཉིད་སྲུང་སྐྱོབ་བྱ་རྒྱུའི་ཐད་དྲན་གསོ་གཏོང་བ་བཅས་སོ།།
Top