ཀུན་སློང་གི་རིམ་པ་བར་མ་དང་གོང་མ།

བསྐྱར་ཞིབ།

ང་ཚོས་ཆོས་ཀྱི་ལམ་གྱི་རིམ་པའི་སྐོར་ཤོད་བཞིན་ཡོད། དེའི་ནང་ང་ཚོའི་ཀུན་སློང་གི་རིམ་པ་ཆུང་ངུ་ནས་འགོ་བཙུག་སྟེ་ཆེན་པོའི་བར་དུ་རྒྱ་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད། དེ་འདྲ་བྱས་ནས་རིམ་པ་ཕྱི་མ་དེ་སྔ་མའི་སྒང་ལ་གོང་འཕེལ་གཏོང་དགོས་ཀྱི་ཡོད།

འདི་གོང་འཕེལ་གཏོང་སྟངས་ལ་ཐབས་ལམ་གཉིས་བརྒྱུད་ནས་འགྲོ་དགོས་པ་ང་ཚོས་མཐོངཡོད་པ་རེད། ང་ཚོས་ཚེ་འདི་རང་ཡར་རྒྱས་གཏོང་རྒྱུ་ལ་སེམས་འཁུར་བྱེད་པའི་ཆོས་ཡངས་པའིལམ་གྱི་རྗེས་སུ་འབྲངས་ནས་མི་ཚེ་ཏོག་ཙམ་བཟང་དུ་གཏོང་ཆོག་ལ། ང་ཚོ་མང་ཆེ་བ་ལ་འདིནས་འགོ་བཙུག་དགོས་པ་རེད། འོན་ཀྱང་སྲོལ་རྒྱུན་གྱི་ལུགས་ལྟར་ན། རིམ་པ་འདི་ལ་བརྩིའཇོག་ཀྱང་བྱེད་ཀྱི་མེད། གང་ཡིན་ཟེར་ན། འདིས་སྐྱེ་བ་ཐོག་མ་དང་མཐའ་མ་མེད་པ་ལ་ཡིདཆེས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། བཏུང་བ་གྲང་མོ་ཀོ་ཀ་ཀོ་ལ་ངོ་མ་ནང་བཞིན་གྱི་ཆོས་ངོ་མསསྐྱེ་བ་སྔ་ཕྱི་དང་འབྲེལ་བའི་སྒོ་ནས་གོང་འཕེལ་གཏོང་ཚུལ་འདིའི་སྐོར་སྐད་ཆ་ཤོད་ཀྱི་ཡོད།

ཐོག་མའི་ཀུན་སློང་གི་རིམ་པ་འདི་ཀུན་སློང་གི་རིམ་པ་གཞན་ཚང་མ་དང་མཉམ་དུ་དམིགས་ཡུལ་གཅིག་ཡོད་པ་དང་། དམིགས་ཡུལ་དེ་སྒྲུབ་པའི་རྒྱུ་མཚན་དང་དམིགས་ཡུལ་དེ་སྒྲུབ་པར་བྱེདཔའི་དེའི་རྒྱབ་ཀྱི་སེམས་ཚོར་དང་བཅས་པ་ང་ཚོས་མཐོང་ཟིན་པ་རེད། ཐོག་པའི་ཀུན་སློང་གི་རིམཔའི་སྐབས་སུ་ང་ཚོས་སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་ཐབས་བྱེད་ཅིང་། མ་འོངས་པར་མུ་མཐུད་མིལུས་རིན་ཆེན་ཐོབ་པ་དང་། དེ་ལ་བརྟེན་ནས་དམིགས་ཡུལ་ཆེན་པོ་དེ་དག་འཐོབ་པའི་ཆེད་དུ་སོསོ་རང་ཉིད་མུ་མཐུད་ཡར་རྒྱས་གཏོང་ཐུབ་པར་བྱེད་ཀྱི་ཡོད། ང་ཚོས་མཐར་ཐུག་གི་དམིགས་ཡུལ་དེ་མི་ཚེ་འདི་རང་ལ་འཐོབ་རྒྱུ་ཁག་པོ་ཡིན་པ་ཤེས་ཀྱི་ཡོད། དེ་ནི་དུས་ཡུན་རིང་པོ་འགོར་བ་དངདཀའ་ལས་མང་པོ་བརྒྱག་དགོས་ཀྱི་ཡོད། ང་ཚོ་མུ་མཐུད་སྐྱེ་བ་བཟང་པོ་ཞིག་འཐོབ་པར་ཐབསཤེས་བྱེད་དགོས་པའི་རྒྱུ་མཚན་ནི། ང་ཚོ་མུ་མཐུད་ཆོས་ཀྱི་ལམ་ལ་འཇུག་པའི་ཆེད་དུ་ཡིན།

དེ་ནི་ང་ཚོས་མི་ལུས་རིན་ཆེན་གྱི་དམིགས་ཡུལ་དེ་བསྒྲུབ་རྗེས་ག་རེ་བྱེད་དགོས་པའི་འཆར་གཞིདེ་རེད། ང་ཚོས་སྐྱེ་བ་ཕྱི་མ་ལྷ་ཡུལ་ལ་འགྲོ་རྒྱུ་དང་དུས་ཚོད་སྐྱིད་པོ་ཞིག་ཡོང་བའི་སྐད་ཆ་ཤོད་ཀྱིམེད། རིམ་པ་འདིའི་ནང་ང་ཚོ་སྐྱེ་བ་བཟང་པོ་འཐོབ་པའི་སེམས་ཚོར་དེ་ནི་ཕྱི་མ་ངན་སོང་དུ་སྐྱེ་བའིདངངས་སྐྲག་དེ་ཡིན་པ་རེད། ངན་སོང་གི་སྐྱེ་གནས་ནང་སོ་སོ་ཡར་རྒྱས་གཏོང་རྒྱུའི་གོ་སྐབསམེད། ཡིན་ནའང་ང་ཚོ་ངན་སོང་ལ་སྐྱེ་མི་དགོས་པའི་ཐབས་ལམ་ཡོད་པའི་ཡིད་ཆེས་ཡོད། ངཚོས་དེ་ལ་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའི་སྒོ་ནས་གཏམ་གླེང་བྱས་ཡོད། ཉེནམེད་ཀྱི་ཁ་ཕྱོགས་དེ་ནི་གཞི་རྩའི་ང་ཚོའི་སེམས་ཀྱི་བྱེད་ལས་དང་མཉམ་དུ་ཡོད་པའི་ཞན་ཆ་དང་མི་དགེ་བའི་ཆ་རྣམས་རྩ་བ་ནས་འགོག་ཐབས་བྱ་རྒྱུ་དང་། ལྷག་པར་དུ་ང་ཚོའི་སྤྱོད་ལམ་གྱི་ཐོགནས་དེ་དག་རྩ་མེད་བཟོ་དགོས་པ་དེ་ཡིན། དེའི་སྒང་ལ་ང་ཚོས་དགེ་བའི་ལམ་ནས་ལས་ཀ་བྱེདའདོད་ཡོད། དེ་ནི་ང་ཚོར་མི་ལུས་བཟང་པོ་འདི་ཐོབ་པའི་དགའ་སྣང་དང་ཡི་རངས། ང་ཚོ་ཤི་བའིསྐབས་གོ་སྐབས་འདི་བརླག་རྒྱུ་ངེས་པ་ཡིན་པ་ཤེས་པའི་ཐོག་ནས་བྱེད་ཀྱི་ཡོད། འཆི་བ་ནི་ཡོངརྒྱུ་ངེས་ལ་ག་དུས་ཡོང་གི་ཡོད་མེད་ནི་ངེས་པ་མེད།

སྐྱེ་བ་བཟང་ཤོས་ཤིག་ཐོབ་པ་ཡིན་ནའང་སྡུག་བསྔལ་རེད།

ཀུན་སློང་གི་རིམ་པ་བར་མ་ནས་ང་ཚོས་ད་དུང་གཏིང་ཟབ་ཏུ་དཔྱད་པ་བྱེད་ཀྱི་ཡོད། ང་ཚོ་ལ་སྐྱེ་བབཟང་པོའམ་མི་ལུས་རིན་པོ་ཆེ་ཐོབ་ཡོད་ནའང་། དེ་ལྟར་མུ་མཐུད་འགྲོ་བསྡད་པ་ཡིན་ན། དེ་ནིཚིམ་རྒྱུ་མེད་པའི་སྡུག་བསྔལ་རང་རེད། མི་ཚེ་ནི་མུ་མཐུད་དེ་འགྲོ་བ་དང་དེའི་རང་བཞིན་ནི་སྐྱིདསྡུག་མི་འདྲ་བ་ཡར་མར་འཕེལ་འགྲིབ་འགྲོ་བའི་སྐད་ཅིག་ཕྱི་མ་ལ་ག་རེ་ཡོང་གི་ཡོད་པ་ངེས་པ་མེད་པ་རེད། ང་ཚོ་ད་ལྟ་སྐྱིད་པོ་ཡོད་ཀྱང་སྐད་ཅིག་ཕྱི་མ་ལ་གློ་བུར་དུ་འདོད་པ་མི་ཚིམ་པ་དང་། སེམས་སྐྱོ་པོ། ཡང་ན་སེམས་ཞུམ་པ་དེ་འདྲའང་ཡོང་གི་ཡོད། གནས་ཚུལ་ཆུང་ཙག་རིགས་ཀྱིསཀྱང་ང་ཚོར་སེམས་སྡུག་བཟོ་གི་ཡོད། དེ་བཞིན་ང་ཚོ་སྐྱེ་བ་རེ་རེའི་ནང་སོ་སོའི་ལུས་ཀྱི་བྱེད་ལསལ་རང་དབང་མེད་པར་ཐོག་མར་སྐྱེས་ནས་ཕྲུ་གུ་མ་འབྱར་བརྒྱུད་དེ་ཡང་ནས་ཡང་དུ་འབྱུང་བའི་དཀའ་ངལ་ཡོད་པ་རེད། ང་ཚོས་གོམ་པ་སྤོ་སྟངས་དང་སྐད་ཆ་ཤོད་སྟངས་སྦྱོང་དགོས་ཤིང་། དེ་དགཡང་ནས་ཡང་དུ་བྱ་རྒྱུ་ཧ་ཅང་ཉོབ་ཏོ་ཡོད། ང་ཚོ་ཚང་མ་སློབ་གྲྭར་འགྲོ་དགོས་པ་དང་། དེ་འདྲཡང་ཡང་བྱེད་འདོད་སུ་ལ་ཡོད་དམ། ང་ཚོས་སོ་སོའི་བཟའ་ཟླ་འཚོལ་དགོས་པ་དང་ལས་ཀའཚོལ་དགོས་པ་དང་། ཡང་བསྐྱར་ང་ཚོ་ན་བ་དང་རྒ་བ་འཆི་བ་བཅས་ཀྱི་སྡུག་བསྔལ་མྱོང་གིཡོད་པ་ནི་སོ་སོ་ཙམ་མིན་པར། སོ་སོའི་དགའ་ས་དང་ཉེ་སའི་གྲོགས་པོ་སོགས་ལའང་ཡོང་གིཡོད།

མི་ལུས་རིན་པོ་ཆེ་འདི་ལའང་འདོད་བློ་མི་ཁེངས་པའི་གནས་སྟངས་མང་པོ་ཡོད་པ་རེད། ང་ཚོའིསེམས་ཚོར་གྱི་དཀའ་ངལ་ཡང་དེ་ལ་ཡོད་པ་རེད། ང་ཚོ་རླུང་ལངས་ནས་སེམས་སྡུག་བྱེད་པ་དངའདོད་རྔམ་ཅན་ཆགས་ཀྱི་ཡོད་པ་རེད། མི་དང་དངོས་པོ་ལ་ཧ་ཅང་ཆགས་འགྲོ་གི་ཡོད། རྒྱུ་དངའབྲས་བུ་དེ་བཞིན་དངོས་པོའི་གནས་ལུགས་ཐོག་ལ་རྨོངས་བསྡད་ཀྱི་ཡོད། དེ་འདྲ་སོང་ཙང་། ངཚོས་བྱབ་ཆུང་གི་ལས་ཀ་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་བྱ་བ་བྱེད་པ་དང་སྐད་ཆ་བཤད་པ་དེ་ཚོགཞན་ལ་ཕན་གནོད་མེད་པ་བསམ་ཀྱི་ཡོད། ང་ཚོས་མི་གཞན་དངོས་གནས་མེད་པ་དང་ཁོ་ཚོ་ལཚོར་བ་མེད་པ་ནང་བཞིན་བྱ་སྤྱོད་སྤེལ་གྱི་ཡོད། དེ་ནི་རྨོངས་པ་རང་རེད། མ་རེད་དམ།

དཀའ་ངལ་དེ་ཚོ་མུ་མཐུད་ནས་ཡོང་གི་ཡོད་པ་རེད། སྐྱེ་བ་བཟང་པོ་གང་འདྲ་ཞིག་ལེན་ནའངཡག་ག་དང་སྡུག་ག་ཡོད་པ་རེད། ང་ཚོ་སྐྱེ་བ་བཟང་པོ་ནས་ངན་པ་ལ་འགྲོ་རྒྱུའི་དུས་ཚོད་ཡངསླེབ་ཀྱི་རེད། དེ་ནི་མུ་མཐུད་ནས་འགྲོ་གི་རེད། འདི་ལ་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུངབའམ་སྐྱེ་བ་ཞེས་ལེགས་སྦྱར་གྱི་སྐད་ནང་སཾ་སཱ་ར་ཟེར་བ་དེ་རེད།

ངེས་འབྱུང་། འཁོར་བ་ལས་ཐར་བའི་ཆོད་སེམས་དང་བཅས་ཐར་པ་དོན་དུ་གཉེར་བ།

སྐྱེས་བུ་འབྲིང་གི་སྐབས་སུ་ང་ཚོའི་དམིགས་ཡུལ་ནི་དཀའ་ངལ་འདི་དག་ཚང་མ་ལས་ཐར་པ་དེརེད། ང་ཚོའི་སེམས་ཀྱི་རྒྱུན་ལ་ཐོག་མ་དང་མཐའ་མ་མེད་པ་དང་། ང་ཚོ་དབང་མེད་ཀྱིས་ཡང་ནསཡང་དུ་འབྱུང་ཞིང་ནམ་ཡང་རྫོགས་མཐའ་མེད་པའི་སྣང་ཚུལ་གྱི་འཁོར་བའི་ནང་མུ་མཐུད་སྐྱེ་བལེན་འདོད་མེད། “ནམ་ཡང་རྫོགས་མཐའ་མེད་པའི་སྣང་ཚུལ་” ཞེས་བརྗོད་པའི་སྐབས་འདིའིདོན་དག་ནི། གལ་སྲིད་ང་ཚོས་བཅོས་བསྒྱུར་ཞིག་མ་བྱེད་པ་ཡིན་ན། དེ་ནི་མུ་མཐུད་དེ་རྫོགས་རྒྱུམེད་པ་འགྲོ་གི་རེད་ཟེར་གྱི་ཡོད། ང་ཚོས་དེ་མཚམས་བཅད་ནས་འཁོར་བ་ལས་ཐར་བའི་འགོགཔ་དངོས་ཤིག་མྱོང་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོ་སྡུག་བསྔལ་མེད་པ་བཟོ་འདོད་ཡོད། དཀའ་ངལ་འཕྲད་པ་དེ་ཚོ་ཚབས་ཆེན་པོ་མེད་ནའང་། ད་དུང་ང་ཚོས་དཀའ་ངལ་ཕྲ་བའི་རིགསམེད་པ་བཟོ་འདོད་ཡོད། འདི་ནི་ང་ཚོར་ཐར་པ་འཐོབ་པར་འདོད་་པའི་རྒྱུ་མཚན་དེ་ཡིན།

ལེགས་སྦྱར་སྐད་ནང་ཐར་པ་ལ་ “ནིར་ཝཱཎ་” ཞེས་བརྗོད་ཀྱི་ཡོད་པ་དང་། ཐར་པའི་ཕྱོགས་སུ་ཁྲིདཔར་བྱེད་པའི་སེམས་ཚོར་དེ་ལ་ནམ་རྒྱུན་ང་ཚོས་ཨིན་སྐད་དུ་ “renunciation” ངེས་འབྱུང་ཟེར་གྱི་ཡོད། འདི་ནི་བསྒྱུར་ཡག་ཤོས་དེ་མ་རེད། ཡིན་ནའང་གཞི་རྩའི་གོ་དོན་ནི་འཁོར་བ་ལས་ཐར་བའིའདུན་པ་ཤུགས་དྲག་པོའམ་ཆོད་སེམས་བརྟན་པོ་ཡོད་པ་ཞིག་ལ་གོ་བ་ཡིན། ངེས་འབྱུང་ལབརྟེན་ནས་ང་ཚོར་སྡུག་བསྔལ་མང་དྲག་ཡག་ཡོད་ཅེས་ཐག་གཅོད་བྱེད་པ་དང་། སྡུག་བསྔལལ་ཞེན་པ་ལོག་པ། ད་དུང་གཏིང་རིང་པོའི་ཐོག་ནས་བསམ་བློ་གཏོང་ན། ང་ཚོ་དངོས་གནས་དེདག་ལ་སེམས་གཏིང་ནས་ཉོབ་སྣང་སྐྱེས་ཏེ། ད་འགྲིག་སོང་། མང་དྲགས་སོང་བསམས་ནས་ངཚོ་སྡུག་བསྔལ་ལས་ཐར་འདོད་ཡོང་གི་ཡོད།

ཉོན་མོངས་སྤོང་བ་ལ་འདོད་པ་དང་འདུན་སེམས་ཡོད་པ།

ང་ཚོས་དཀའ་ངལ་དང་སྡུག་བསྔལ་དེ་དག་མེད་པ་བཟོ་བ་ལ། དེའི་རྒྱུ་མེད་པ་བཟོ་དགོས་པ་ཤེསཀྱི་ཡོད། ང་ཚོས་སྡུག་བསྔལ་མེད་པ་བཟོ་བར་འདུན་སེམས་ཡོད་པ་ཙམ་དུ་མ་ཟད་དེའི་རྒྱུ་ཡང་ཐགཅིག་ཏུ་མེད་པ་བཟོ་འདོད་ཡོད། ང་ཚོས་འཁྱགས་པ་བྱི་རིལ་དང་མངར་ཟས་ཀྱི་རིགས་སྤོངདགོས་པའི་སྐོར་ཤོད་ཀྱི་མེད། དེ་ནི་ངེས་འབྱུང་གི་གོ་རྟོགས་ཆུང་ཆུང་ཞིག་རེད། ང་ཚོ་ལ་དགོསཔའི་ཆོད་སེམས་བརྟན་པོ་དེ་ནི། ཁོང་ཁྲོ་དང་། འདོད་ཆགས། འདོད་རྔམ་ལ་སོགས་པ་ལས་ཐརབ་ཞིག་དགོས། འཁྱགས་པ་བྱི་རིལ་ལྟ་བུ་ལ་མཚོན་ན། ང་ཚོས་འཁྱགས་པ་བྱི་རིལ་གྱི་ཁྱདཆོས་ལ་སྒྲོ་བཏགས་ནས་དེ་ལ་ཆགས་པ་སྐྱེ་བ་དེ་མེད་པ་བཟོ་དགོས། དཔེར་ན། ང་ཚོས“འཁྱགས་པ་བྱི་རིལ་འདི་ནི་འཇ༹མ་གླིང་ནང་ཡག་ཤོས་དང་ཞིམ་ཤོས་ཡིན་པ་དང་། ངས་འདིཟས་ན་ང་ལ་བདེ་བ་སྤྲོད་ཀྱི་རེད་”བསམ་གྱི་ཡོད། གལ་སྲིད་འཁྱགས་པ་བྱི་རིལ་དང་ཅོག་ལེཊ་སོགས་ཀྱིས་དངོས་གནས་དེ་འདྲའི་བདེ་བ་ཞིག་སྤྲོད་ཐུབ་ཀྱི་ཡོད་ན། ང་ཚོས་དེ་ག་ཚོད་མང་བ་ཟས་པ་དེ་ཚོད་ཀྱིས་བདེ་བ་མང་བ་སྤྲོད་དགོས་ཀྱི་ཡོད། ཡིན་ནའང་ང་ཚོས་དེ་ག་ཚོད་མང་པོ་ཟས་ནའང་མི་རིང་བར་ནད་པ་ཆགས་ནས་ཕྱིས་སུ་དེ་ནམ་ཡང་བཟའ་འདོད་ཡོང་གི་མེད།

ང་ཚོ་འདོད་ཆགས་དང་ཁོང་ཁྲོ་སོགས་སྤོང་བར་འདོད་པ་ལ་དྲང་པོ་བྱ་རྒྱུ་དེ་ཧ་ཅང་གི་གཏིངཚུགས་པོ་དང་དཀའ་ལས་ཁག་པོ་ཡོད། དེ་གལ་གནད་མེད་པ་བཟོ་རྒྱུ་མེད། འདི་ནི་མི་ཞིགགིས་སོ་སོའི་མགོ་གྱང་ལ་བརྡབ་པའི་དགོད་བྲོའི་གཏམ་ནང་བཞིན་རེད། ཁོང་ཚོར་གྱང་ལ་མགོབརྡབ་རྒྱུ་མཚམས་འཇོག་བྱེད་པར་ཞེད་སྣང་ཡོང་གི་ཡོད། གང་ཡིན་ཟེར་ན། གལ་སྲིད་ཁོང་ཚོསམགོ་བརྡབ་རྒྱུ་དེ་མཚམས་བཞག་ན། དེ་ལས་སྡུག་ག་ཡོང་གི་ཡོད་མེད་ཤེས་ཀྱི་མེད་པ་རེད། དེནི་ང་ཚོ་རྦད་དེ་གོམས་པའི་དབང་གིས་གྱང་ལ་མགོ་བརྡབ་བརྡབ་སྡོད་ཀྱི་ཡོད། དཔེ་མཚོན་འདི་ལྟབུ་ནི་ཧ་ཅང་ཐལ་དྲགས་པ་ཞིག་རེད། དེ་ལས་ཆུང་བ་སྤྱི་ཡོངས་ཀྱི་དཔེ་ཞིག་བཞག་ན། སོ་སོ་མིཞིག་མཉམ་དུ་འབྲེལ་བ་བཟང་པོ་མེད་པ་ནང་བཞིན་རེད། ང་ཚོ་ཁོང་དང་འབྲེལ་བ་བཟང་པོ་མེདནའང་འབྲེལ་བ་དེ་མེད་པ་བཟོ་འདོད་མེད། གང་ཡིན་ཟེར་ན། ང་ཚོས་ཁོང་དང་འབྲེལ་བ་མེད་པབཟོས་ན། སོ་སོ་ཁྱེར་རྐྱང་ལུས་ཀྱི་རེད་བསམ་པའི་ཞེད་སྣང་ཡོང་གི་ཡོད། དེ་ལ་བརྟེན་ནས་ངཚོས་འབྲེལ་བ་བཟང་པོ་མེད་པ་འདི་མུ་མཐུད་ཉར་ནས་སྡུག་བསྔལ་ཡོང་གི་ཡོད།

དེ་ནི་གང་ལ་གང་འཚམས་ཀྱི་ཡོངས་གྲགས་རེད། རེད་དམ་མ་རེད། ང་ཚོས་མི་བྱེ་བྲག་པ་ཞིགལ་སྐད་ཆ་བྱེ་བྲག་པ་ཞིག་ཤོད་འདོད་མེད། གང་ཡིན་ཟེར་ན། ཁོང་ཚོས་རང་ཉིད་གཡུག་ཡོངབསམ་པའི་དྭོགས་པ་ཡོད་པས་ཡིན། འདིར་ང་ཚོས་ཡ་མཚན་ཅན་གྱི་ཉམས་མྱོང་དེ་འདྲ་གངཡང་ཤོད་ཀྱི་མེད། ང་ཚོར་དུས་རྟག་ཏུ་མྱོང་སྡོད་ཀྱི་ཡོད་པའི་གནས་ཚུལ་ཤོད་ཀྱི་ཡོད།

དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་འཁོར་བ་ལས་ཐར་སྲིད་དམ། དེ་ལས་ཐར་བ་ངས་བྱེད་ཐུབ་བམ།

ང་ཚོའི་དམིགས་ཡུལ་ཐར་པ་དང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ལ། དངཔོ་ང་ཚོས་དེ་འཐོབ་ཐུབ་ཀྱི་ཡོད་པ་དང་དེ་ཇི་ལྟར་འཐོབ་ཐུབ་ཀྱི་ཡོད་པ་ཤེས་དགོས། དེའི་རིགསནི་བརྗོད་གཞི་རྙོག་འཛིངས་ཅན་རེད། དེ་དག་ང་ཚོ་ཚང་མར་འཐོབ་རུང་གི་དམིགས་ཡུལ་ཡིན་པམིག་སྟོན་ར་སྤྲོད་བྱ་རྒྱུ་ཁག་པོ་ཡོད་པ་སོང་ཙང་། མི་མང་པོས་གནད་དོན་དེ་ལས་གཡོལ་གྱི་ཡོད། འདི་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་དམིགས་ཡུལ་དེ་དག་སྒྲུབ་ཐུབ་ཀྱིཡོད་པའི་ཡིད་ཆེས་རྙེད་མེད་ན། ང་ཚོས་དེ་ལ་དཀའ་ལས་རྒྱག་ནས་འབད་བརྩོན་བྱེད་དགོས་དོནག་རེ་ཡོད་དམ། ང་ཚོས་རྩེད་མོ་རྩེ་ནས་མཐའ་མ་རྩེད་མོ་དེ་ཆོ་མི་འདུག་ཟེར་ནས་གཡུག་བཞགགི་ཡོད་པ་འདྲ་པོ་རེད།

ང་ཚོས་རྒྱུ་བདེ་གཤེགས་སྙིང་པོའི་ ༼ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་ཆ་རྐྱེན་༽ ཐོག་ལ་གཏིང་ཟབ་པོའི་དཔྱད་པ་བྱེད་དགོས། དེ་ནི་ང་ཚོའི་སེམས་ཀྱི་དག་པའི་རང་བཞིན་ལ་སོགས་པརྣམས་ཡིན། ང་ཚོའི་ཉོན་མོངས་པ་དང་རྨོངས་པ་དེ་དག་ང་ཚོའི་སེམས་ཀྱི་གཞི་རྩའི་ཆ་ཤས་ཤིགཡིན་ནམ། གལ་སྲིད་དེ་འདྲ་ཡིན་ན། དེ་སྐད་ཅིག་རེ་རེ་ལ་དེར་ཡོད་དགོས་ཀྱི་ཡོད། གལ་སྲིད་དེའདྲ་མིན་ན། དེ་ཚོ་གནས་སྐབས་ཙམ་ཡིན་ནམ། ཡང་ན་དེ་ཚོ་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུམེད་པ་བཟོ་ཐུབ་བམ།

དེའི་ཐོག་ལ་དྲི་བ་འདོན་རྒྱུ་དང་བགྲོ་གླེང་བྱ་རྒྱུ་ནི་དངོས་གནས་དགོས་ངེས་ཅན་ཞིག་རེད། དེ་ནིང་ཚོས་རྨོངས་དད་ཀྱི་སྒོ་ནས་ངོས་ལེན་བྱེད་མི་རུང་བར། དོན་དངོས་ལ་ང་ཚོས་ག་ཚོད་ཀྱིས་དྲི་བའདོན་པ་དེ་ཚོད་ཀྱིས་ཡག་ག་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོའི་དྭོགས་པ་ཚང་མ་མེད་པ་བཟོདགོས་པ་དང་། སོ་སོས་གང་བྱེད་ཀྱི་ཡོད་པ་དེ་ལ་ཡིད་ཆེས་བརྟན་པོ་ཞིག་དགོས། ང་ཚོ་བརྒྱ་ཆབརྒྱ་ཐམ་པ་ཡིད་ཆེས་མ་སླེབ་བར་དུ་བསྒུག་དགོས་སམ། དྲི་བ་འདི་ལས་སླ་པོ་ཞིག་མིན། ང་ཚོཡིད་ཆེས་ཆ་ཚང་རྙེད་པ་དེ་གང་འདྲ་བྱས་ནས་ཧ་གོ་གི་ཡོད་དམ། དེ་ནི་དུས་ཡུན་མང་པོ་འགོརསྲིད་པ་རེད།

གལ་སྲིད་ང་ཚོས་དེ་ནི་བེད་སྤྱོད་མེད་པ་ཙམ་རེད་བསམ་ན། དེའི་ཐོག་འབད་བརྩོན་བྱེད་མི་ཐུབ་པགསལ་པོ་རེད། ཡིན་ནའང་ང་ཚོས་དེ་ཕལ་ཆེར་སྒྲུབ་ཐུབ་པ་ཞིག་ཡིན་བསམ་པའི་ཕྱོཌ་སུ་འགྲོན། ང་ཚོས་དེའི་ཐོག་ལ་མུ་མཐུད་འབད་བརྩོན་བྱེད་ཆོག དེ་བདེན་པ་ཡིན་པ་བསམ་པ་དེ་རྒྱུམཚན་ལ་གཞིར་བྱས་པ་ཞིག་དགོས་པ་ལས་རྨོངས་དད་ཙམ་དང་། ཡང་ན་ངའི་ “རྒན་ལགསཀྱིས་གསུངས་སོང་” ཞེས་ཟེར་ན་འགྲིག་གི་མེད། སངས་རྒྱས་རང་ཉིད་ཀྱིས། “ང་ལ་དད་པཡོད་པ་ཙམ་གྱིས་ངས་གང་བཤད་པ་དེ་ལ་ཡིད་ཆེས་བྱེད་མི་རུང་། ཁྱེད་རང་གིས་གསེར་ཉོ་སྐབསདཔྱད་པ་ཡག་པོ་བྱེད་ནས་ཉོ་གི་ཡོད་པ་ནང་བཞིན་ངས་གང་བཤད་པ་ལ་དཔྱད་པ་བྱེད་དགོས་” ཞེས་གསུངས་ཡོད། བྱས་ཙང་། དེ་དངོས་གནས་བདེན་པ་ཡིན་མིན་ང་ཚོས་དཔྱད་པ་བྱེད་དགོས།

སྐྱེ་བ་ཕྱི་མ་ལ་ཡིད་ཆེས་རྙེད་པ། སེར་ཀོང་རིན་པོ་ཆེའི་སྐུ་ཐོག་གཉིས་ཀྱི་གནས་ཚུལ།

སྐྱེ་བ་ཕྱི་མ་དེ་དངོས་བདེན་ཡིན་པ་ལ་ཡིད་ཆེས་བརྟན་པོ་ཞིག་རྙེད་པ་དེ་ཧ་ཅང་གི་ཡུན་རིང་པོའིརྒྱུད་ལམ་ཞིག་ཆགས་སྲིད་པ་རེད། ངས་ང་རང་རང་གི་ཉམས་མྱོང་ཁྱེད་ཚོར་ཤོད་ཆོག གང་ཡིནཟེར་ན། ངས་འདིའི་ཐོག་ལ་ལོ་མང་པོ་ལས་ཀ་བྱས་པ་ཡིན། ངས་ནང་ཆོས་ལོ་ངོ་ ༤༥ ལྷག་ཙམསྦྱངས་ནས་སྐབས་སྐབས་ལ་ང་རང་རྒྱུ་མཚན་གྱི་གཞི་རྟེན་བྱས་པའི་བློ་གྲོས་ཀྱི་ཤེས་རྟོགས་ངེས་ཅན་ཞིག་ལ་སླེབས་ནས་སྐྱེ་བ་ཕྱི་མ་ཡོད་པའི་རྒྱུ་མཚན་ཤེས་སོང་། ང་རང་ལ་དངོས་སུ་སྐྱེ་བ་ཕྱིམར་བསམ་བློ་གཏོང་བའི་ནུས་པ་དང་སེམས་ཚོར་བློ་སྟོབས་ཀྱི་རིམ་པའི་ཐོག་ལ་ཡིད་ཆེས་བརྟན་པོ་རྙེད་པ་ནི་ང་རང་གི་དགེ་རྒན་དང་སྐྱེ་བ་གཉིས་ཀྱི་རིང་འབྲེལ་བ་ཡོད་པ་ལས་བྱུང་སོང་། ངའིདགེ་རྒན་གྱི་མཚན་ལ་སེར་ཀོང་རིན་པོ་ཆེ་ཞུ་གི་ཡོད། ཁོང་ནི་༧གོང་ས་མཆོག་གི་མཚན་ཞབསནང་ནས་གཅིག་རེད། ང་རང་ཁོང་གི་སློབ་མ་ཉེ་པོ་ཞིག་ཡིན་པ་ཧ་ཅང་སྐལ་བ་བཟང་པོ་ཡིན། ངསཁོང་དང་མཉམ་དུ་ལོ་ངོ་དགུའི་རིང་བསྡད་པ་དང་། ཁོང་གི་སྐད་བསྒྱུར་དང་སྒེར་དྲུང་གཅིག་ཅོགབྱས་པ་ཡིན། ངས་ཁོང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཕྱོགས་བསྐྱོད་གནང་བའི་སྐབས་དེ་དག་གོསྒྲིག་བྱས་པ་དང་། ཁོང་དང་མཉམ་བསྐྱོད་བྱས་ཤིང་། ཧ་ཅང་བློ་ཐག་ཉེ་པོའི་ལས་ཀ་མཉམ་དུབྱས་པ་ཡིན། ཁོང་ཕྱི་ལོ༡༩༨༣ ལོར་སྐུ་གཤེགས་ནས་བོད་པའི་ལུགས་སྲོལ་ལྟར་ཡང་སྲིདའཁྲུངས་ནས་སྤྲུལ་སྐུ་རྙེད་སོན་བྱུང་བ་རེད།

ད་ལྟ་ཁོང་དགུང་ལོ་༢༥རེད། ད་དུངའང་ང་རང་ཁོང་དང་སྐུ་ཐོག་གོང་མ་ནང་བཞིན་འབྲེལ་བ་བཟངཔོ་ཡོད། རེད། ལོ་ཚད་ཀྱི་ཆ་ནས་ཁོང་དགུང་ལོ་ཆུང་ཆུང་ཡིན་པས་ང་དང་མི་འདྲ་བ་ཆེན་པོ་ཡོད་པརེད། སེར་ཀོང་རིན་པོ་ཆེའི་ཡང་སྲིད་ཁོང་དགུང་ལོ་བཞི་ཡིན་སྐབས་ང་རང་ཐོག་མར་མཇལ་འཕྲདབྱུང་སོང་། དེ་དུས་ངས་ཁོང་གི་གཟིམ་ཤག་ནང་འཛུལ་བའི་སྐབས་ཁོང་གི་ཞབས་ཕྱིས། རིན་པོཆེ་ལ། “ཁོང་སུ་ཡིན་པ་མཁྱེན་གྱི་ཡོད་དམ་” ཞེས་ཞུས་སོང་། རིན་པོ་ཆེས། “ལོས་ཤེས། ངསཁོང་སུ་ཡིན་མིན་ཤེས་ཀྱི་ཡོད་” ཅེས་གསུངས་སོང་། ངས་ཁོང་ཐུག་མ་ཐག་ཁོང་དགུང་ལོ་བཞིནས་ང་ལ་མི་གཞན་ལས་ལྷག་པའི་ཐུགས་ཐག་ཉེ་པོ་དང་བརྩེ་བ་ཆེན་པོ་གནང་གི་འདུག དེ་ལྟབུའི་འབྲེལ་བ་དེ་ཁོང་སྐུ་ནར་སོན་ནས་མུ་མཐུད་གནས་ཡོད།

ཐེངས་མང་པོ་ངས་ཁོང་མཉམ་དུ་ཁོང་གི་སྐུ་ཐོག་གོང་མའི་བརྙན་ཕྲིན་བལྟས་པ་ཡིན། དེ་དུས་ཁོངགིས་ང་ལ་ཆོ་མེད་པའི་བཀའ་མོལ་རྩ་ནས་གནང་གི་མ་རེད། ཁོང་གིས་ “ཨོ། ངས་དེ་ལབ་པདྲན་གྱི་འདུག་” གསུངས་ཀྱི་རེད། རྒྱུ་མཚན་དང་རིག་པ་ཚང་མའི་སྒང་ལ་རིན་པོ་ཆེ་དང་མཉམ་དུབཀའ་མོལ་བྱུང་བའི་ཉམས་མྱོང་འདིས་ང་རང་ལ་ “ཕལ་ཆེར་ཡོད་ས་རེད་” ཀྱི་བསམ་བློ་ལསབརྒལ་ནས་སྐྱེ་བ་ཕྱི་མའི་སྐོར་ལ་ངེས་ཤེས་ཤིག་སླེབས་པ་ཆགས་སོང་།

གནས་ཚུལ་འདི་ཚོ་ལས་སླ་པོ་མ་རེད། ང་ཚོས་དངོས་གནས་ཐར་པ་འཐོབ་ཐུབ་བམ། སེམས་ཀྱིརང་བཞིན་དངོས་གནས་ཀྱི་དག་པ་ཞིག་ཡིན་ནམ། ང་ཚོས་རྒྱུ་མཚན་གྱི་སྒོ་ནས་དེ་ཤེས་ཀྱི་ཡོདཀྱང་། སེམས་ཚོར་གྱི་སྒོ་ནས་ཤེས་པ་ལ་དེའི་སྐོར་ཧ་ཅང་གཏིང་ཟབ་པ་འགྲོ་དགོས་ཀྱི་ཡོད། ཡིནནའང་དེ་ལ་ང་ཚོས་ག་ལེར་ག་ལེར་འབད་བརྩོན་གྱིས་ཡར་རྒྱས་གཏོང་ཐུབ།

དངོས་པོའི་གནས་ལུཌ་ལ་རྨོངས་པ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བའི་རྒྱུ་ཡིན།

ལམ་རིམ་ནང་ཀུན་སློང་གྱི་རིམ་པ་བར་མའི་སྐབས་སྐྱེ་བ་སྔ་ཕྱི་གྲུབ་ཚུལ་གྱི་སྐོར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཐོག་ནས་འགྲེལ་བཤད་རྒྱས་པོ་ཡོད་པ་རེད། འདི་ནི་ལས་ཀྱི་གནད་དོན་ཡོངསསུ་རྫོགས་པ་དང་ལས་དེའི་རྗེས་འབྲས་ཀྱི་རྣམ་གཞག་དང་འབྲེལ་བའི་དཀའ་རྙོག་ཅན་གྱི་རྒྱུདརིམ་གྱི་མིང་ཙམ་རེད། ང་ཚོས་ཉོན་མོངས་རིགས་མི་འདྲ་བ་ཁོང་ཁྲོ་དང་། འདོད་ཆགས། ཞེ་སྡངའདོད་རྔམ་ལ་སོགས་པ་གང་འདྲ་བྱས་ནས་འབྱུང་གི་ཡོད་པ་དང་དེ་ཚོའི་རྒྱུ་ག་རེ་ལ་བརྟེན་ནསཡོད་པ་བཅས་གཏིང་ཟབ་པོའི་སྒོ་ནས་ཤེས་དགོས། ངས་ལས་སླ་པོའི་ཐོག་ནས་དེ་དག་གི་རྒྱུ་ལ་ “རྨོངས་པ་” ཞེས་བརྗོད་ཀྱི་ཡོད། དེ་ཡང་ང་རང་ཚོའི་སྤྱོད་ལམ་གྱིས་གཞན་ལ་ཕན་གནོད་བྱེད་པདང་སོ་སོ་རང་ཉིད་ལ་ཕན་གནོད་གང་ཡོང་གི་ཡོད་པའི་སྐོར་ལ་རྨོངས་པ་དེ་ཡིན། དེ་ལས་གཏིངཟབ་པར་བསམ་བློ་གཏོང་ན། ང་རང་ཚོ་དངོས་གནས་ཇི་ལྟར་གནས་ཡོད་པ་དང་། གཞན་ཇི་ལྟརགནས་ཡོད་པ། དེ་བཞིན་དངོས་པོ་ཚང་མ་ཇི་ལྟར་གནས་ཡོད་པ་ལ་རྨོངས་ནས་ཡོད་པ་ཡིན།

སྤྱིར་བཏང་ང་ཚོས་དངོས་པོ་ཚང་མ་སོ་སོ་རང་ངོས་ནས་སམ་རང་དབང་གིས་གནས་ཡོད་པ་དངདངོས་པོ་གཞན་ཚང་མ་ལས་ལོགས་སུ་ཡོད་པ། འགྱིག་ཤོག་ནང་འཐུམ་བརྒྱབ་ཡོད་པ་ནངབཞིན་ཡོད་པའི་བསམ་ཕྱོགས་འཛིན་གྱི་ཡོད། ང་ཚོས་དངོས་པོ་ཐམས་ཅད་ཕན་ཚུན་གཅིག་གིསགཅིག་ལ་བརྟེན་ནས་ཡོད་པ་བསམ་སྲིད། འོན་ཀྱང་ད་དུང་དེ་ཚོ་འགྱིག་ཤོག་ནང་འཐུམ་རྒྱག་སྟེཕན་ཚུན་དབྱུག་པས་མཐུད་ནས་ཡོད་པ་བསམ་གྱི་ཡོད། ཐབས་ལམ་ཡོད་པ་མི་སྲིད་པ་དངའབྲེལ་བའི་སྐོར་ལ་ཕྲ་བའི་རིམ་པ་མང་པོ་ཡོད་པ་དེ་ཚོའི་ཐོག་ང་ཚོས་ཤེས་དགོས། མི་སྲིད་པ་དེགང་ཡིན་པ་དང་། ང་རང་ཚོའི་རྨོངས་པ་གང་ཞིག་གིས་ཚང་མ་རྟོག་པའི་འཆར་སྣང་བསྐྲུན་གྱིཡོད་པ་དེ་ཏག་ཏག་ཅིག་ཤེས་དགོས།

སྟོང་པ་ཉིད། ཐབས་ལམ་གང་གི་ཆ་ནས་ཡོད་པ་མི་སྲིད་པ།

ང་ཚོས་སྟོང་ཉིད་ཟེར་བ་དེ་ཤེས་པར་བྱེད་དགོས། སྟོང་པ་ཉིད་གྱི་གོ་དོན་ནི། མཐའ་ཅིག་ཏུ་མེད་པདང་གང་ཞིག་རྩ་བ་ཉིད་ནས་མེད་པ་ལ་གོ་དགོས། གང་མེད་པ་དེ་ནི་ཡོད་པ་མི་སྲིད་པའི་བློའིའཆར་སྣང་འདི་དག་གི་བསྟན་དོན་ངོ་མ་དེ་ཡིན། དེ་དག་ནི་དངོས་ཡོད་གང་དང་ཡང་མཐུན་གྱིམེད།

ང་ཚོས་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྟོན་སྐབས་ཀྱི་པཱ་ལགས་ (Santa Claus) ལ་དཔེ་མཚོན་བཞགཆོག མི་ཞིག་གོས་དམར་པོ་གཞི་འགྲིག་གྱོན་ཡོད་པ་དང་ཨ་ཚོམ་དཀར་པོ་རིང་པོ་ཡོད་པ་ཞིགམཐོང་ན། དེ་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྟོན་སྐབས་ཀྱི་པཱ་ལགས་དེ་འདྲ་པོ་ཡོད་པས། ང་ཚོས་ཁོངཔཱ་ལགས་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ཁོང་པཱ་ལགས་དེ་དང་འདྲ་པོ་ཡོད་པ་སོང་ཙངརེད། ཡིན་ནའང་པཱ་ལགས་ཡིན་པའི་སྣང་བ་དེ་དངོས་ཡོད་གནས་ཚུལ་གང་དང་ཡང་མཐུན་གྱིཡོད་མ་རེད། དེའི་རྒྱུ་མཚན་ནི་པཱ་ལགས་ཁོ་རང་དོན་ངོ་མར་མེད་པ་རེད། སྟོང་པ་ཉིད་ཀྱང་དེ་འདྲཞིག་གི་སྐོར་ལ་བཤད་ཀྱི་ཡོད། དེ་ཡང་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྟོན་གྱི་པཱ་ལགས་དེ་དོན་ངོ་མར་མེད། འོན་ཀྱང་མི་དེ་དེ་ལྟར་སྣང་བ་དང་མཐུན་གྱི་ཡོད། ང་ཚོས་ཤེས་དགོས་པ་ཞིག་ལ་མི་ཡོད་པཁས་མི་ལེན་པའི་དོན་མ་རེད། མི་དེ་པཱ་ལགས་དང་འདྲ་པོ་ཡོད་པའི་དོན་རེད། མི་དེ་ང་ཚོའི་སྣངངོར་སྣང་ཚུལ་དེ་འཁྲུལ་བ་ཡིན་པ་དེ་གསལ་བཤད་བྱེད་ཀྱི་ཡོད་པ་རེད། མི་དེ་ཡེ་ཤུ་མ་ཤི་ཀའིའཁྲུངས་སྟོན་གྱི་པཱ་ལགས་འདྲ་པོ་ཡོད་པ་ལས་དངོས་གནས་མ་རེད། གང་ཡིན་ཟེར་ན། དེ་འདྲབའི་པཱ་ལགས་དངོས་གནས་ཤིག་མེད་པ་རེད།

ང་ཚོའི་སེམས་དུས་སྟག་ཏུ་འདི་འདྲའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད། ང་ཚོས་ཆོ་མེད་པའིའཆར་སྣང་འདྲ་མིན་བཟོ་གི་ཡོད། དཔེར་ན། མི་འདི་འཇ༹མ་གླིང་ནང་གི་མི་ཡག་ཤོས་རེད་ཟེརབའམ། ཡང་ན་མི་ཕ་གི་དེ་ཞེད་སྣང་ཚ་ཤོས་དང་སྡུག་ཤོས་རེད་ཟེར་བ། དེ་བཞིན་ང་ཚོ་དཀོནམཆོག་གིས་འཇ༹མ་གླིང་ནང་གསོལ་རས་གནང་བ་རེད་ཟེར་བའམ། ཡང་ན་དེ་ལས་ལྡོག་སྟེ་ང་ཚོདངོས་གནས་སྡུག་ཤོས་དང་ཕན་ཐོགས་མེད་མཁན་ཡིན་པ་ཚོར་གྱི་ཡོད། ང་ཚོས་ཁོང་ཚོ་དང་ངཚོ་ཚང་མ་རང་དབང་གིས་སུ་གཅིག་ལ་བརྟེན་མི་དགོས་པ་བདེན་པ་དང་འགྱུར་བ་མེད་པའི་ངངགནས་ཡོད་པ་འདྲ་པོ་བློ་ལ་འཆར་གྱི་ཡོད།

དོན་ངོ་མར་སུ་གཅིག་ཀྱང་དེ་འདྲ་བྱས་ནས་གནས་ཡོད་པ་མ་རེད། དེ་ནི་མི་སྲིད་པ་རེད། གང་ཡིནཟེར་ན། དངོས་པོ་ཚང་མ་དངོས་པོ་གཞན་ལ་བརྟེན་ནས་གནས་ཡོད་པ་རེད། ༧གོང་ས་མཆོགགིས། དུས་རྟག་ཏུ་དེའི་སྐོར་གསུང་སྐབས་ང་ཚོའི་མཛུབ་མོ་ལ་དཔེ་བཞག་གནང་གི་ཡོད། ང་ཚོའིམཛུབ་མོ་བཞི་པ་དེ་རིང་པོ་རེད་ཐུང་ཐུང་རེད། མཛུབ་མོ་ལྔ་པ་ལ་བརྟེན་ནས་རིང་པོ་རེད། ཡིནནའང་མཛུབ་མོ་དཀྱིལ་དེ་ལ་བརྟེན་ན་ཐུང་ཐུང་རེད། དེ་འདྲ་ཡིན་དུས་སོ་སོ་རང་གི་ཆ་ནས་དང་རངགི་ངོས་ནས་དེ་རིང་པོ་རེད་དམ་ཐུང་ཐུང་རེད། དེ་ལ་ལན་ཡོད་པ་མ་རེད། གང་ཡིན་ཟེར་ན། དེགཞན་ལ་བརྟེན་ནས་རིང་པོ་དང་ཐུང་ཐུང་ཞེས་བཞག་དགོས་ཀྱི་ཡོད། བྱས་ཙང་། དངོས་པོགཞན་ཞིག་ལ་ཡོངས་སུ་བརྟེན་དགོས་པ་མ་ཟད། ང་ཚོའི་རིང་པོ་གང་ཡིན་པ་དང་ཐུང་ཐུང་གངཡིན་པའི་ལྟ་ཚུལ་དེ་ལའང་བརྟེན་ནས་ཡོད། ངའི་བསམ་པར་ཁྱེད་ཀྱིས་དེའི་སྐོར་ཤེས་ཡོད་ས་རེད།

ཀུན་སློང་གི་རིམ་པ་བར་མ་འདིའི་སྐབས། ང་ཚོས་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལ་བརྟེན་ནས་མིཤེས་པའི་གཞི་རྩའི་རྨོངས་པ་དེ་མེད་པ་བཟོ་བར་འབད་ཀྱི་ཡོད། དེ་ནི་དབང་མེད་ཀྱིས་ཡང་ནངཡང་དུ་སྐྱེ་བ་ལེན་པར་བྱེད་འཇུག་མཁན་གྱི་རྨོངས་པ་འདི་རེད། གང་ཡིན་ཟེར་ན། དེས་ལས་དངལས་ཀྱི་མཇུག་འབྲས་ལ་ནུས་ལྡན་བཟོ་གི་ཡོད་པ་དེ་དཀའ་རྙོག་ཅན་གྱི་ཐབས་ལམ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་འགྲེལ་བཤད་བྱས་པ་ནང་བཞིན་རེད།

ཏིང་ངེ་འཇི༹ན་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས་པ།

སྟོང་པ་ཉིད་རྟོགས་པ་ལ་ཏིང་ངེ་འཇི༹ན་དགོས་ཀྱི་ཡོད། ཏིང་ངེ་འཇི༹ན་གོང་འཕེལ་དུ་གཏོང་བ་ལཚུལ་ཁྲིམས་དགོས་ཀྱི་ཡོད། དེ་ལ་དཔེ་མཚོན་བཞག་ཡོད་པ་ནི། ཤིང་སྡོང་གཅོད་པ་ལྟ་བུ་རེད། རྟོགས་པའམ་ཤེས་རབ་དེ་སྟ་རེ་རྣོན་པོ་འདྲ་པོ་རེད། ཡིན་ནའང་ཤིང་སྡོང་དེ་དངོས་སུ་གཅོད་པ་ལང་ཚོས་སྟ་རེ་གཞུ་ས་གཅིག་རང་ལ་མུ་མཐུད་གཞུ་དགོས་ཀྱི་ཡོད། དེ་ལྟ་བུའི་གཞུ་ས་གཅིག་རངལ་མུ་མཐུད་དེ་གཞུ་རྒྱུ་དེ་ནི་ཏིང་ངེ་འཇི༹ན་ལྟ་བུ་རེད། སྟ་རེ་ཡར་ལེན་ནས་གཞུ་ས་གཅིག་རང་ལཤུགས་ཀྱིས་རྡེག་འཇོག་བྱེད་པ་ལ་ནུས་ཤུགས་དགོས་ཀྱི་ཡོད། དེ་ལྟ་བུའི་ནུས་ཤུགས་དེ་ཚུལཁྲིམས་ནས་ཡོང་གི་ཡོད། དེར་ང་ཚོས་གནོད་གཞི་ཅན་གྱི་ལས་སྤོང་གི་ཡོད།

གནས་རིམ་བར་མའི་སྐབས་སུ་སྡོམ་པ་མི་འདྲ་བ་མང་པོ་ལེན་ཆོག་པ་བསྟན་ཡོད། དེ་དག་ནི་གྲྭབཙུན་གྱི་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ། དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་བཅས་ཡིན། དགེ་བསྙེན་ནི་གྲྭ་བཙུན་ལྟར་དགོན་པའི་ནང་མི་ཚེ་སྐྱེལ་མི་དགོས་པའི་ཚངས་པར་སྤྱོད་པ་རྣམས་ལ་གོ་བ་ཡིན། དེ་ནི་ཡིན་གཅིག་མིན་གཅིག་ཁྱིམ་ཐབ་ཡོད་དགོས་པའི་ཁྱབ་པ་མེད། ཆུང་མའམཁྱིམ་ཐབ་མེད་པའི་ཕོ་ཧྲེང་མོ་ཧྲེང་རྣམས་ལའང་གོ་གི་ཡོད། གནའ་སྔ་མོ་རྒྱ་གར་ལ་དེ་འདྲདཀོན་པོ་ཡོད་པ་རེད། དེའི་དུས་སུ་ཁྱིམ་པ་ཡིན་ན་མང་ཆེ་བ་ལ་ཆུང་མ་ཡོད་པ་རེད། རབ་བྱུངདང་ཁྱིམ་པའི་སྡོམ་པ་དེ་དག་ཐུན་མོང་ལ་ “སོ་སོ་ཐར་པའི་སྡོམ་པ་” ཟེར་གྱི་ཡོད། གང་ཡིནཟེར་ན། དེ་དག་སོ་སོ་གཅིག་པོ་ཐར་པ་དོན་དུ་གཉེར་གྱི་ཡོད་པས་ཡིན། སྡོམ་པ་དེ་ཚོས་ང་ཚོའིསྒོམ་ཉམས་ལེན་དང་བཟང་ཕྱོགས་ཀྱི་བསམ་བློ་སོགས་ལ་བར་ཆད་བྱེད་མཁན་ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་སྤྱོད་ལམ་གྱི་རིགས་སྣ་ཚོགས་པ་སྤོང་བར་རོགས་རམ་བྱེད་ཀྱི་ཡོད།

སྡོམ་པ་ལེན་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། སྡོམ་པ་ལེན་དུས་ང་ཚོས་ལས་ཀགང་ཡང་རུང་བ་ཞིག་ཡང་བསྐྱར་ནམ་ཡང་བྱེད་ཀྱི་མིན་ཞེས་དམ་བཅའ་བྱེད་ཀྱི་ཡོད། དེས་ང་ཚོ་ཐག་གཅོད་བྱེད་མི་ཐུབ་པའི་ཐེ་ཚོམ་ལས་ཐར་བར་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་ཆངདང་ཨ་རག་ཡང་ན་ཐ་མག་སྤོང་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད་པ་ལ་བསམ་བློ་གཏོང་དང་། ངཚོ་ཆང་འཐུང་མཁན་དང་ཐ་མག་འཐུང་མཁན་མཉམ་དུ་ག་དུས་ཡོད་པའི་སྐབས། ང་ཚོ་ལ་ཆངའཐུང་དགོས་ཡོད་དང་མེད་བསམ་པའི་་ཐག་གཅོད་བྱེད་མི་ཐུབ་པའི་ཐེ་ཚོམ་ཞིག་ཡོད་པ་རེད། ངཚོས་དངོས་གནས་ཆང་འཐུང་རྒྱུ་སྤོང་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད་ན། གནས་སྟངས་དེ་འདྲག་དུས་ཡོང་བ་ཡིན་ནའང་ང་ཚོས་ཐག་གཅོད་ཅིག་བྱེད་དགོས་ཀྱི་ཡོད། དེ་ནི་སེམས་ངལ་ཅནཞིག་མིན་ནའང་དཀའ་ལས་ཁག་པོ་ཞིག་ཡོང་སྲིད་པ་རེད།

གལ་སྲིད་ང་ཚོས་སྡོམ་པ་ཞིག་སླངས་ཡོད་ན། དེ་ནི་སེམས་ཐག་གཅོད་པའི་གནས་ཚུལ་མཐའམ་དེ་རེད། ང་ཚོས་ “ཆང་རག་འཐུང་གི་མིན། ཐ་མག་འཐུང་གི་མིན་” ཞེས་དང་། གནས་སྟངསགཞན་གང་འདྲ་ཞིག་ཡིན་ནའང་དམ་བཅའ་བཞག་ཟིན་པ་རེད། དེ་ནས་ང་ཚོའི་གཡས་གཡོན་ལཡོད་པ་ཚང་མས་ཆང་འཐུང་གི་ཡོད་ནའང་ཁྱད་པར་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན། ངཚོས་སེམས་ཐག་བཅད་ཚར་བ་རེད། དེ་ཚོ་ཉེས་པ་དང་དམ་བསྒྲགས་མ་ཡིན་པར། སྡོམ་པ་ལེནཔ་དེས་དངོས་གནས་ང་ཚོ་ལ་ནུས་ཤུགས་ཆེན་པོ་སྦྱིན་པ་དང་ཐག་གཅོད་མི་ཐུབ་པའི་ཐེ་ཚོམ་དེལས་ཐར་བར་བྱེད་ཀྱི་ཡོད། དམིགས་བསལ་གྱིས་ང་ཚོའི་མཐར་ཐུག་གི་ཐར་པ་ཐོབ་པ་ལ་བརཆད་བྱེད་མཁན་ལས་ཐར་བར་བྱེད་ཀྱི་ཡོད།

ནང་ཆོས་ནང་སྡོམ་པ་གང་ཡང་རུང་བ་ཞིག་ཡིན་གཅིག་མིན་གཅིག་ལེན་དགོས་པའི་ངེས་པ་རྩནས་མེད་པ་རེད། དེ་ང་ཚོས་ངེས་པར་དུ་ཧ་གོ་བར་བྱེད་དགོས། སུ་གཅིག་གིས་ཁྱེད་རང་སྡོམ་པའདི་དང་ཕ་གི་ལེན་དགོས་ཟེར་བ་དང་། ཁྱེད་རང་གྲྭ་བ་ཡང་ན་ཨ་ནི་བྱས་ནས་དགོན་པའི་ནང་སྡོདདགོས་རེད་ཅེས་བརྗོད་མཁན་མེད། ཡིན་ནའང་ཁྱེད་རང་འཁོར་བ་ལས་ཐར་ནས་ཐར་པ་འཐོབརྒྱུའི་འདོད་པ་ཤུགས་དྲག་ཅིག་དང་། སོ་སོ་རང་ཉིད་ཀྱི་ཁོང་ཁྲོ་དང་། འདོད་ཆགས། ཞེ་སྡང་། རྔམ་སེམས་སོགས་མེད་པ་བཟོ་དགོས་ཀྱི་ཡོད་ན། སྡོམ་པ་བྱེ་བྲག་པ་ཞིག་སླངས་པས་ཕནཐོགས་ཆེན་པོ་ཡོད། གཅིག་བྱེད་ན། ང་ཚོ་ད་ལྟ་གྲ་སྒྲིག་མེད་པ་ཡིན་སྲིད། དེ་ནི་གང་ཡང་ཡོད་པམ་རེད། ང་ཚོས་སོ་སོ་དང་སོ་སོ་རང་ཉིད་ཀྱི་གནས་སྟངས་ལ་དྲང་བདེན་གྱི་ཐོག་ནས་ཚོད་དཔགབྱེད་དགོས།

འདི་ནི་ཀུན་སློང་གི་རིམ་པ་བར་མའི་གནས་སྐབས་རེད། སྤྱིར་བཏང་ཏིང་ངེ་འཇི༹ན་དང་སྟོང་ཉིདགཉིས་ནི་འདིའི་ཆ་ཤས་ཤིག་ཡིན་ནའང་། སྐབས་འདིར་དེ་ཚོའི་སྐོར་ལ་ཆ་ཚང་བ་བཤད་མེད། བརྗོད་གཞི་དེ་ཚོ་གནས་རིམ་མམ་ཀུན་སློང་གི་རིམ་པ་གོང་མའི་སྐབས་ཤོད་ཀྱི་རེད།

ཀུན་སློང་གི་རིམ་པ་གོང་མ། གཞན་ཐམས་ཅད་ཀྱི་དོན་དུ་བསམ་པ།

ཀུན་སློང་གི་རིམ་པ་གོང་མའི་སྐབས་ང་ཚོས་འཇ༹མ་གླིང་ནང་སོ་སོ་གཅིག་པོ་མིན་བསམ་གྱི་ཡོད།གཞན་སེམས་ཅན་ཐམས་ཅད་ཡོད་པ་དང་། དེ་དག་གི་གནས་སྟངས་སོ་སོ་རང་ཉིད་དང་གཅིགཔ་གཅིག་རྐྱང་ཡིན་པ་རེད། གཞན་དག་ཚང་མ་སྡུག་བསྔལ་མྱོང་བ་དང་དབང་མེད་ཀྱིས་ཡངཡང་སྐྱེ་བ་ལེན་གྱི་ཡོད་པ་གཅིག་པ་རེད། ང་ཚོ་ལ་གཏན་ཏུ་བདེ་བ་དགོས་པ་དང་སྡུག་བསྔལ་མིའདོད་པ་ནང་བཞིན་གཞན་སེམས་ཅན་རྣམས་ཀྱང་དེ་ལྟར་འདོད་ཀྱི་ཡོད། དེ་ལྟར་ང་ཚོ་ཚང་མའིགནས་སྟངས་གཅིག་པ་གཅིག་རྐྱང་རེད། དེ་ནི་སོ་སོ་རང་ཉིད་དང་འདེམས་སྒྲུག་བྱས་པའི་མི་ཁཤས་ཙམ་མིན་པར། འགྲོ་བ་གཅིག་ཀྱང་མ་ལུས་པ་གཅིག་པ་རེད། ང་ཚོ་ཚང་མ་གཅིག་ལགཅིག་བརྟེན་དང་གཅིག་ལ་གཅིག་ལྟོས་ཡིན་པ་རེད། ང་ཚོ་གཞན་ལ་བརྟེན་མི་དགོས་པར་རངངོས་ནས་གྲུབ་པའམ་གནས་པ་ཞིག་མིན། དོན་ངོ་མར་དེ་འདྲ་བྱས་ནས་འཚོ་ཐུབ་ཀྱི་ཡོད་མ་རེད།

ང་ཚོས་གཞན་སེམས་ཅན་ཐམས་ཅད་སོ་སོ་རང་ཉིད་དང་གཅིག་པ་ཡིན་པའི་བསམ་བློ་རྒྱ་ཆེ་རུགཏོང་བ་ལ་ཏོག་ཙམ་མགོ་རྙོག་ཅན་གྱི་ཐབས་ལམ་ཁ་ཤས་ཡོད་པ་རེད། དེའི་སྐོར་གོང་དུསེམས་ཅན་ཐམས་ཅད་སྐྱེ་བ་སྔོན་མ་སོ་སོའི་ཨ་མ་བྱས་མ་མྱོང་བ་མེད་པར་ངོས་འཛིན་བྱེད་པདང་། ཁོང་ཚོ་ང་ཚོ་ལ་ཧ་ཅང་གིས་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་བཤད་སྐབས་ཏོག་ཙམ་བཤདཟིན་པ་རེད། ཆོས་ཡངས་པའི་དབང་དུ་བྱས་ནས་གཞན་སེམས་ཅན་རྣམས་སོ་སོ་ལ་ཨ་མ་བཞིནལྟ་སྐྱོངས་བྱེད་པའི་ནུས་པ་ཇི་ལྟར་ཡོད་པ་ཤེས་ཐུབ་ཀྱི་རེད། ཡིན་ནའང་དེ་ལ་བཅད་མཚམས་ཤིགཡོད་པ་རེད། གང་ཡིན་ཟེར་ན། ང་ཚོའི་གྲོགས་པོ་དུག་སྦྲང་ལྟ་བུ་ལ་དེ་འདྲ་བསམ་རྒྱུ་ཁག་པོ་ཡོདཔ་རེད།

བྱམས་པ།

ང་ཚོའི་བསམ་པ་རྒྱ་ཆེ་རུ་གཏོང་བ་ལ་དང་པོ་ “བྱམས་པ་” ནས་འགོ་བཙུགས་ཏེ་གོང་འཕེལ་གཏོང་དགོས། དེ་ལྟ་བུའི་བྱ་བའི་རྒྱུད་རིམ་དེ་དངོས་གནས་བྱས་ན་བཏང་སྙོམས་ནས་འགོ་བཙུག་གིཡོད། དེ་ཡང་མི་ཁ་ཤས་ལ་དགའ་བ་དང་། ཁ་ཤས་ལ་ཞེ་ལོག་པ། གཞན་ལྷག་མ་རྣམས་ལཚོར་བ་བར་མའི་སྒོ་ནས་བསམ་གྱི་ཡོད། ང་ཚོས་ཚང་མ་གཅིག་པ་ཡིན་པའི་ཐོག་ནས་ཕན་ཚུནའབྲེལ་བ་ཡོད་པ་ཤེས་པར་བྱེད་དགོས། བསམ་པ་འདི་གཞན་སེམས་ཅན་རྣམས་སྐྱེ་བ་སྔོན་མརང་ཉིད་ཀྱི་ཨ་མ་བྱས་མྱོང་ཡོད་པ་དང་། ཁོང་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་བསམ་པའམ། ཡང་ན་ང་ཚོས་དངོས་པོ་གང་ཞིག་ལོངས་སུ་སྤྱོད་ཀྱི་ཡོད་པ་དེ་དག་ཚང་མ་གཞན་གྱིས་དཀའལས་བརྒྱབ་ནས་ཡོང་བ་ཞིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་གོང་འཕེལ་གཏོང་ཐུབ། དཔེར་ན། ད་ལྟ་ཁྱེད་རང་སྡོད་སའི་ཁང་པའི་ཐོག་རྩེག་འོག་མ་དང་། ཁྱེད་སྡོད་བཞིན་པའི་ཁང་པ་དང་། དེའིནང་གི་འཐུང་རྒྱུའི་ཆུ་དེ་དག་ག་ནས་ཡོང་གི་ཡོད་པ་ཁྱེད་ཀྱིས་བསམ་བློ་གཏོང་གི་ཡོད་དམ། ངཚོས་ཟ་རྒྱུ་ཁ་ལག་དང་འཐུང་རྒྱུ་ཆུ་རྣམས་འདིར་ཇི་ལྟར་སླེབས་པ་ཡིན་ནམ། དེ་ཚོ་ཚང་མ་ང་ཚོའིཉེ་འཁོར་དུ་ཡོད་པའི་མི་གཞན་ཚང་མའི་འབད་བརྩོན་གྱིས་དཀའ་ལས་རྒྱག་པ་ལས་བྱུང་བ་རེད། ང་ཚོ་ཚང་མ་གཅིག་པ་རེད། དེ་འདྲ་ཡིན་དུས། ང་ཚོ་སོ་སོ་གཅིག་པོའི་ཆེད་དུ་ལས་ཀ་བྱེད་ན་རྒྱུམཚན་དང་མི་ལྡན་པ་རེད། གང་ཡིན་ཟེར་ན། དོན་ངོ་མར་སོ་སོ་རང་ཉིད་ལ་ཕན་ཐོགས་ཡོང་བ་ལ། གཞན་ཚང་མ་ལ་ཕན་འདོགས་དགོས་ཀྱི་ཡོད།

གཞི་འདི་ལ་བརྟེན་ནས་ང་ཚོས་བྱམས་པ་གཅིག་མཚུངས་ཀྱིས་གཞན་ཚང་མ་ལ་སྐྱེད་ཐུབ་པཞིག་ཡིན། བྱམས་པ་འདི་ནི་གཞན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའིཡིད་སྨོན་ཞིག་ལ་འགྲེལ་བཤད་རྒྱག་གི་ཡོད། འདི་ནི་བརྩེ་དགའི་ངང་གི་བརྩེ་གདུང་ཞིག་མ་རེད། བརྩེ་དགའི་ངང་གི་བྱམས་པ་དེ་ནི་ནམ་རྒྱུན་འདོད་ཆགས་ཤུགས་ཆེན་དང་འདྲེས་ནས་ཡོད། ངཚོས“ང་ཁྱེད་ལ་དགའ་གི་འདུག” ཅེས་བཤད་དུས། དེའི་གོ་དོན་ནི། “ང་ལ་ཁྱེད་རང་དགོསཀྱི་འདུག ང་ནམ་ཡང་མ་གཡུག་རོགས། ང་ཁྱེད་རང་མེད་ན་སྡོད་ཐུབ་ཀྱི་མི་འདུག་” ཅེས་པ་ལགོ་གི་ཡོད། ཁྱེད་རང་གི་དགའ་སའི་གང་ཟག་དེས་ཁྱེད་རང་ལ་ཡ་མ་བྱེད་པ་དང་ཚིག་ངན་ཞིགལབ་པའི་སྐབས་“ད་ང་ཁྱེད་རང་ལ་དགའ་གི་མི་འདུག་”ཅེས་ཁྱེད་རང་འགྱུར་བ་འགྲོ་སྲིད་པཡིན།

ནང་ཆོས་ནང་བྱམས་པ་བཤད་པ་དེ་གཞན་གྱི་རང་ཉིད་ལ་ཚུར་གང་བྱེད་ཡོང་དང་ག་འདྲ་བྱེདཡོང་བསམ་པ་དང་འབྲེལ་བ་གང་ཡང་མེད། དེ་ནི་ཁྱེད་རང་ལ་བདེ་སྐྱིད་ཡོང་བར་ཤོག་ཅེས་པའིཡིད་སྨོན་ཙམ་ཞིག་དང་། གཞན་དག་ཚང་སོ་སོའི་ལུས་ཀྱི་ཆ་ཤས་ཡིན་པ་འདྲ་པོ་སྟེ། ང་ཚོ་སོསོའི་རྐང་པའི་མཛུབ་མོ་ཁ་ཤས་ཙམ་མ་ཡིན་པར་། མཛུབ་མོ་ཚང་མ་བདེ་པོ་འདོད་པ་ནང་བཞིནརེད། དེ་ལ་རྐང་པའི་མཛུབ་མོས་ང་ཚོ་ལ་ག་རེ་བྱེད་ཀྱི་ཡོད་པ་ལ་ཁྱད་པར་གང་ཡང་མེད་པ་རེད།

སྙིང་རྗེ།

བྱམས་པ་ཡོད་པའི་ཐོག་ནས་ང་ཚོས་མུ་མཐུད་སྙིང་རྗེ་གོང་འཕེལ་གཏོང་དགོས། སྙིང་རྗེ་ནི་གཞནསེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་འདོད་ཀྱི་བློ་ཞིག་ལ་ཟེར། དེ་ནི་སྡུག་བསྔལ་རགས་པ་ནམ་རྒྱུན་མི་ཚེའི་ནང་ཡོང་སྡོད་པའི་དགའ་སྡུག་གི་དཀའ་ངལ་ཙམམིན་པར། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་སྡུག་བསྔལ་ཕྲ་བ་དེ་ཚོ་ལའང་གོ་གིཡོད། སྙིང་རྗེ་དགོས་པ་ཟེར་དུས། གཞན་ལ་མཐོང་ཆུང་བྱས་ནས་གཞན་རྣམས་ཐབས་སྡུག་པོརབལྟས་ནས། “སྙིང་རྗེ། ཁྱེད་རང་ཐབས་སྡུག་པ་ལ་”ཟེར་བ་འདྲ་པོ་ལ་གོ་གི་མེད། ནང་ཆོས་ནངབཤད་པའི་སྙིང་རྗེ་ནི་གཞན་ལ་གུས་བརྩི་ལ་གཞིར་བཞག་པའི་ཐོག་ནས་གཞན་སེམས་ཅནཐམས་ཅད་ཀྱིས་སྡུག་བསྔལ་དང་དེའི་རྒྱུ་ལས་ཐར་པའི་ནུས་པ་ཡོད་པ་ཤེས་པ་དེ་ལ་གོ་གི་ཡོད། དེ་ནི་ཚིག་སྙན་པོ་ཞིག་དང་འདྲ་ཆགས་པོ་ཙམ་མིན་པར། སྙིང་རྗེས་དབང་གིས་ང་ཚོས་གཞན་གྱིསྡུག་བསྔལ་མེད་པ་བཟོ་ཐབས་ཀྱི་འགན་དེ་ལེན་གྱི་ཡོད། བྱས་ཙང་། འདི་ལ་སྙིང་སྟོབས་ཧ་ཅངཆེན་པོ་ཡོད་པ་རེད།

ང་ཚོས། “སྙིང་རྗེ་ཆེན་པོ་”ཞེས་ཟེར་བ་དེ་གོང་འཕེལ་གཏོང་བའི་སྐབས་ང་ཚོའི་སྙིང་རྗེ་ནི་འགྲོ་བཡོངས་ལ་ཆ་སྙོམས་དང་ཨ་མས་རང་གི་བུ་གཅིག་ལས་མེད་པ་དེ་ལ་བྱམས་སྐྱོང་བྱེད་པ་ནངབཞིན་ཡོད། ང་ཚོའི་སྙིང་རྗེ་ཆེན་པོ་ནང་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབས་པ་དང་སྡུགབསྔལ་དེ་ལས་མང་བ་མི་ཡོང་བའི་རེ་བ་དང་འདོད་པ་དེ་ཡོད་པ་རེད།

ཆོད་སེམས་ཁྱད་པར་ཅན། ༼ལྷག་བསམ།༽

སྙིང་རྗེའི་རྗེས་ལ་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་བསམ་ཞེས་པའི་སེམས་ཀྱི་གནསབབས་དེ་སྐྱེད་པར་བྱེད་དགོས། དེ་ནི་གཞན་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཀྱི་ཕན་ཐོཌབྱེད་པ་ཙམ་མིན་པར། མཐར་ཐུག་ལའང་ཕན་ཐོགས་པའི་འགན་དེ་ངས་འཁུར་གི་ཡིན་ཞེས་ཐག་གཅོད་བརྟན་པོ་བྱེད་པ་དེ་ཡིན། ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་འགན་འཁྲི་ལེན་གྱི་ཡིན་ཞེས་ཆོད་སེམས་བཞག་གི་ཡོད། ང་ཚོས་དེ་ལྟར་བྱེད་རྒྱུའི་བསམབློ་ཡོད་པ་ཙམ་མ་ཡིན་པར། ང་ཚོས་ངེས་པར་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་ཡིན་ཞེས་སེམས་ཐག་ཆོད་པ་ཞིག་ཡིན།

བྱང་ཆུབ་ཀྱི་སེམས་ནི་། གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དམིགས་ཡུལ་དེ་ཡིན།

བྱུང་རིམ་འདིའི་མཐའ་མའི་རིམ་པ་ནི་ “བྱང་ཆུབ་ཀྱི་སེམས་” ཟེར་བ་དེ་སྐྱེད་རྒྱུ་རེད། འདི་ཡི་གཞིརྟེན་ནི་བྱམས་པ་དང་། སྙིང་རྗེ། ལྷག་བསམ་བཅས་རེད། གཞན་སེམས་ཅན་ལ་ཕན་ཐོགས་ཡགཤོས་བྱེད་ཐུབ་པའི་ཐབས་ལམ་གཅིག་རང་ཡོད་པ་ནི། ང་རང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབཔར་བྱ་རྒྱུ་དེ་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་འདི་འདྲ་བའི་མངོན་འདོད་དེ་དངོས་གནས་ཆགསཔ་ལ་སངས་རྒྱས་ཀྱི་གོ་དོན་དང་། སངས་རྒྱས་ཀྱིས་ཐབས་ལམ་གང་གི་སྒོ་ནས་གཞན་ལ་ཕནཐོགས་བྱེད་ཐུབ་ཀྱི་ཡོད་མེད་པ་དེ་ཤེས་དགོས། སངས་རྒྱས་ནི་མཐུ་དང་ནུས་སྟོབས་ལྡན་པའི་བྱེདཔོ་དཀོན་མཆོག་ཡིན་པ་དང་ཁོང་གིས་སེ་གོལ་བརྡབ་པ་ཙམ་གྱིས་སེམས་ཅན་རྣམས་ཀྱི་སྡུགབསྔལ་མེད་པ་བཟོ་ཐུབ་ཀྱི་མེད་པ་དེ་ང་ཚོས་དྲན་དགོས། སངས་རྒྱས་ཀྱིས་གཞན་སྡུག་བསྔལལས་ཐར་པའི་ལམ་སྟོན་ཐུབ་པ་དང་སེམས་སྐུལ་གནང་ཐུབ་ངེས་རེད། ཡིན་ནའང་ལས་ཀ་ཚངམ་ང་ཚོ་རང་གིས་དཀའ་ལས་རྒྱག་ནས་བྱེད་དགོས་ཀྱི་ཡོད་པ་མ་གཏོགས། གཞན་སུ་གང་གིསཀྱང་ང་ཚོའི་ཆེད་དུ་དངོས་པོའི་གནས་ལུགས་ཤེས་མི་ཐུབ། དངོས་པོའི་གནས་ལུགས་གང་ཡིནཔ་དེ་སོ་སོ་རང་གིས་ཤེས་པར་བྱེད་དགོས།

དེ་འདྲ་སོང་ཙང་།བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་དེས་ང་ཚོའིམ་འོངས་པ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ་བྱེད་ཀྱི་ཡོད། དེ་ནི་སོ་སོ་རང་གི་སངསརྒྱས་གོ་འཕང་ཡིན་པ་ལས་སངས་རྒྱས་ཤཱཀྱ་ཐུབ་པ་དང་། སྤྱིར་བཏང་གི་སངས་ཀྱི་གོ་འཕང་ལགོ་གི་མེད། ང་ཚོའི་སངས་རྒྱས་ཀྱི་གོ་འཕང་དེ་ད་ལྟ་ཐོབ་མེད། ཡིན་ནའང་ང་ཚོ་ལ་རྒྱུ་དེ་གཤེཌསྙིང་པོའི་ཆ་རྐྱེན་དང་། དེའི་ནུས་པ། འཐོབ་རུང་གི་ཆ་རྣམས་ཡོད་པ་ལ་བརྟེན་ནས་ང་ཚོས་འཐོབཐུབ་ལ་འཐོབ་པར་བྱེད་ཀྱི་རེད། ང་ཚོས་ཐོབ་མེད་ཀྱང་འཐོབ་རུང་ཡིན་པའི་སངས་ཀྱི་གོ་འཕངའཐོབ་པའི་ཀུན་སློང་དང་བཅས་དེ་ལ་དམིཌ་ནས་དེ་འཐོབ་ན་ང་ཚོས་གཞན་སེམས་ཅན་ལ་གངཐུབ་ཅི་ཐུབ་ཀྱིས་ཕན་པ་བྱེད་ཐུབ་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པའི་ལམ་གྱི་གནསསྐབས་སུའང་ང་ཚོས་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཀྱིས་ཕན་འདོགས་རྒྱུའི་བསམ་བློ་གཏོང་གི་རེད།

འདི་ནི་བྱང་ཆུབ་ཀྱི་སེམས་ཤེས་བྱ་བ་བསམ་པ་ཧ་ཅང་གི་རྒྱ་ཆེ་བ་དེ་རེད། ང་ཚོས་འདི་དང་བྱམསཔ་སྙིང་རྗེ་སྒོམ་པ་ཙམ་དང་ནོར་རྒྱུ་ཡོད་མ་རེད། དེ་ནི་དེ་ཙམ་མ་རེད། བྱམས་དང་སྙིང་རྗེ་ནི་གཞིརྟེན་རེད། བྱང་ཆུབ་ཀྱི་སེམས་ནི་དེ་ལས་ཆེས་ཁྱད་པར་དུ་འཕགས་པ་རེད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག ༼ཕར་ཕྱིན་དྲུག༽

ང་ཚོས་ཤེས་གསལ་ལྟར། ཀུན་སློང་གི་རིམ་པ་གོང་མའི་ནང་གི་དམིགས་ཡུལ་ནི། སངས་རྒྱསཀྱི་གོ་འཕང་ཐོབ་ནས་གཞན་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་ཐུབ་པར་བྱ་རྒྱུ་དེ་རེད། ང་ཚོ་ནིབྱམས་པ་དང་སྙིང་རྗེ། ལྷག་བསམ་གྱིས་བསམ་པ་དེ་ཚོས་ཀུན་ནས་བསླངས་ཡོད་པ་རེད། ཡིནནའང་ང་ཚོས་གང་འདྲ་བྱས་ནས་སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་ཀྱི་རེད་དམ་ཞེས་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐོར་སླེབས་ཀྱི་ཡོད། ཕ་རོལ་ཏུ་ཕྱིན་པ་ལ་ལེགས་སྦྱར་སྐད་ནང་ “པཱར་མི་ཏཱ་” ཞེས་བརྗོད་པ་དང་ནམ་རྒྱུན་ངས་ “རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་” ཅེས་བསྒྱུར་གྱི་ཡོད། ང་རང་ཐ་སྙད་འདི་དགའ་འདེམས་བྱེད་དགོས་པའི་རྒྱུ་མཚན་ནི། དེ་དགགིས་ང་ཚོ་ཕུགས་རྒྱང་རིང་པོར་ཁྲིད་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་ཡོད་པས་ཡིན། མི་ཁ་ཤས་ལ་ཨིན་སྐད་ནང་གི་ཚིག་ “perfections” ཟེར་བ་དེས་སོ་སོ་མཐར་ཕྱིན་པ་ཞིག་དང་ཡང་དག་པ་ཞིག་དགོས་ཀྱི་ཡོད་ཀྱང་རང་ཉིད་ལ་དེ་ལྟར་མེད་སྟབས་མི་བདེ་བའམ་གཅིག་ཚང་མེད་པ་འདྲ་པོ་ཚོར་འཇུག་གི་ཡོད། དེ་ནི་ཚིག་འདི་ལས་བྱུང་དགོས་ངེས་ཀྱི་གོ་དོན་དེ་མ་རེད།

སྦྱིན་པ།

དང་པོ་ང་ཚོས་གོང་འཕེལ་གཏོང་དགོས་པའི་བསམ་ཕྱོགས་ནི་སྦྱིན་པ་རེད། འདིའི་སྐབས་སུ་ངཚོས་གཞན་ལ་དངོས་པོ་ཙམ་སྦྱིན་པ་མིན་པར། གཞན་ལ་བསླབ་བྱ་ལམ་སྟོན་བྱེད་པ་དང་། ཆོསཁྲིད་སློབ་སྟོན་བྱེད་པ།  དེ་བཞིན་ཞེད་སྣང་ལས་ཐར་བར་བྱེད་ཀྱི་ཡོད། ང་ཚོ་ལ་དངོས་པོ་སྤྲོད་རྒྱུགང་ཡང་མེད་ནའང་ང་ཚོས་གང་འོས་པ་དང་དགོས་པ་རྣམས་སྦྱིན་པ་གཏོང་རྒྱུའི་འདུན་སེམསཤིག་སྐྱེད་དགོས། གཞན་ལ་སྤྲོད་རྒྱུ་ཡོད་པ་གཞན་ཞིག་ནི། ང་ཚོས་གཞན་ལ་ལྟ་ཚུལ་འཛིནསྟངས་དང་ལྟ་སྐྱོང་བྱེད་སྟངས་དེ་རེད། གང་ཡིན་ཟེར་ན། ང་ཚོས་བཏང་སྙོམས་བསྐྱེད་ཡོད་པ་རེད། དེའི་དོན་དག་ནི་གཞན་གྱིས་སོ་སོ་རང་ཉིད་ལ་ཞེད་སྣང་བྱེད་དགོས་ཡག་རྩ་ནས་མེད། ང་ཚོསགཞན་ལ་རླུང་མི་ལངས་པ་དང་འཇི༹ན་པ་མེད་པ། དེ་བཞིན་ཁོང་ཚོ་ནས་གཅིག་འཐོབ་པའི་རེ་བཡང་བྱེད་ཀྱི་མེད། གཞན་གྱིས་སོ་སོ་མི་དགའ་བའི་ལས་ཀ་བྱེད་པ་ཡིན་ནའང་། ཁོང་ཚོ་ལ་སྣངམེད་ཀྱིས་མ་འདོར་བར། དེའི་སྒང་ལ་ཁོང་ཚོ་ལ་དངོས་གནས་ལྷག་བསམ་རྣམ་དག་གིས་རོཌ་རམ་བྱ་རྒྱུ་དེ་རེད། དེ་ནི་དངོས་གནས་གཞན་ལ་ང་ཚོས་སྤྲོད་ཐུབ་པའི་ལེགས་སྐྱེས་དཔེ་མི་སྲིདཔའི་ཡག་པོ་ཞིག་དང་། དེ་ནི་ང་ཚོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་ལེན་བྱས་པ་ལ་བརྟེན་ནསབྱུང་བ་ཞིག་ཡིན།

ཚུལ་ཁྲིམས།

ང་ཚོས་སྐྱེད་དགོས་པའི་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་གཉིས་པ་འདི་ནི་ཚུལཁྲིམས་ཀྱི་ཕར་ཕྱིན་རེད། འདིའི་སྐབས་སུ་ང་ཚོས་གཞན་ལ་མི་དགེ་བ་གནོད་པའི་ལས་མི་བྱེདརྒྱུ་འབད་བརྩོན་བྱེད་དགོས་པ་དང་། གཞན་ལ་ཕན་པའི་དགེ་བའི་ལས་ལ་གང་ཐུབ་ཅི་ཐུབ་ཀྱིསའཇུག་དགོས། ང་ཚོས་གཞན་ལ་དངོས་གནས་ཀྱིས་ཕན་ཐོགས་བྱེད་པ་ལ། བསླབ་པ་སློབགཉེར་བྱ་རྒྱུ་དང་སྒོམ་སྒྲུབ་ཉམས་ལེན་བྱ་རྒྱུ་ལ་སྒྲིག་ཁྲིམས་ཤིག་ཡོད་པ་རེད། ང་ཚོས་གཞན་ལརོགས་རམ་བྱེད་དུས་དཀའ་ལས་ཞེ་དྲགས་མི་ཁ་བ་དང་། ཁོང་ཚོ་ལ་རོགས་རམ་བྱེད་འདོད་མེདཔ་ཙམ་གྱིས་གཡུག་བཞག་རྒྱུ་མེད།

བཟོད་པ།

བཟོད་པ་ནི་ཁོང་ཁྲོ་མི་ཟ་བའམ་སྤྲོ་མི་ལངས་བའི་སྒོ་ནས་དཀའ་ངལ་དང་སྡུག་བསྔལ་ལ་བཟོདསྒོམ་གྱིས་གདོང་ལེན་བྱེད་ཐུབ་པ་དེ་ཡིན། སོ་སོ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་གཞན་ལ་ཕནའདོཌ་རྒྱུ་དེ་ལས་སླ་པོ་ཞིག་མིན་པ་དང་། མི་མང་པོ་ཞིག་ལ་ཕན་འདོགས་རྒྱུ་དེ་རྩ་བ་ཉིད་ནསལས་སླ་པོ་ཞིག་མེད། ཁོང་ཚོས་ང་ཚོ་ལ་དཀའ་ངལ་ཆེན་པོ་སྤྲོད་པའི་སྐབས་ང་ཚོ་ཁོང་ཁྲོ་མི་ཟབའི་ཆེད་དུ་བཟོད་པ་དགོས་ཀྱི་ཡོད། བཟོད་པ་གོང་འཕེལ་གཏོང་བ་ལ་ཕར་ཕྱིན་གཞན་ཚང་མནང་བཞིན་ཐབས་ལམ་མང་པོ་ཡོད་རེད།

བརྩོན་འགྲུས།

དེ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རེད། སྐབས་འདིར་ང་ཚོ་ལ་དཀའ་ངལ་ཆེན་པོ་གང་འདྲ་ཞིག་བྱུང་ཡང་སེམས་ཤུགས་མི་ཆག་པ་དེ་རེད། བརྩོན་འགྲུས་ནི་དཔའ་བོའི་བློ་ཁོག་ལྟ་བུ་རེད། ང་ཚོ་སེམས་ཤུགས་མ་ཆག་པ་ཙམ་མ་ཟད། ང་ཚོས་གཞན་ལ་ཕན་ཐོགས་བྱ་རྒྱུར་དགའ་པོ་བྱེད་པ་དང་། ཕན་ཐོགས་བྱ་རྒྱུའི་གོ་སྐབས་བྱུང་བ་ལ་དངོས་གནས་དགའ་པོ་ཡོང་བ་དེ་རེད། འདིགོང་འཕེལ་ཇི་ལྟར་གཏོང་དགོས་པའི་ཐད་ལ་གདམས་ངག་དང་ལམ་སྟོན་མང་པོ་ཞིག་ཡོད་པརེད། དེའི་ནང་ག་དུས་བར་གསེང་ལེན་དགོས་པ་དང་ངལ་གསོ་དགོས་པ་བཤད་ཡོད། གལ་ཏེ་ངཚོས་བཙན་ཤེད་དང་ཨུ་ཚུགས་ཆེ་དྲག་པ་ཡིན་ན། གཞན་སུ་གཅིག་ལའང་ཕན་ཐོགས་ཐུབ་ཀྱི་མརེད། དེ་དང་འབྲེལ་བའི་ཐོག་ནས་ང་རང་ཚོ་སོ་སོ་ཡར་རྒྱས་གཏོང་རྒྱུ་དང་གཞན་ལ་ཕན་འདོགསརྒྱུ་ལ་འགོག་རྐྱེན་བྱེད་པའི་ལེ་ལོའི་རིགས་མི་འདྲ་བ་དེ་ཚོ་མེད་པ་བཟོ་བའི་ཐབས་ལམ་མང་པོཡོད་རེད།

བསམ་གཏན།

འདིའི་རྗེས་སུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གོང་འཕེལ་གཏོང་རྒྱུ་དེ་རེད། འདི་ནི་རྩེ་གཅིགཔའི་ཏིང་ངེ་འཛིན་ཙམ་མིན་པར། དེ་ལས་ལྷག་པའི་སེམས་ཚོར་གྱི་བརྟན་ཆའི་རང་བཞིན་དེ་ཡངཚུད་ཡོད། ང་ཚོ་ལ་གང་དགོས་ཀྱི་ཡོད་ཟེར་ན། སེམས་ཀྱི་གནས་བབས་བརྟན་པོ་ཞིག་དགོས་པདང་། སེམས་དེ་ཡང་རྣམ་གཡེང་གི་དབང་དུ་མི་འགྲོ་བ་དང་། ཡིད་དུ་འོང་བའི་ཡུལ་ལ་དེ་མ་ཐགཡིད་མི་འཕྲོག་པའམ། ཡང་ན་དེ་ཉོབ་སྣང་མེད་པ་དང་གཉིད་མི་བྲོ་བ་དགོས་ཡོད། སེམས་དེ་ལྟབུ་ནི་ང་ཚོས་དམིགས་པ་གང་ལ་དམིགས་འདོད་ཡོད་པ་དེ་ལ་གནས་ཐུབ་པ་ཞིག་ཡོད། དཔེར་ན། མི་ཞིག་གིས་ང་ཚོ་ལ་སྐད་ཆ་ཤོད་ཀྱི་ཡོད་ན། ང་ཚོ་རྣམ་གཡེང་མེད་པའི་སྒོ་ནས་ཁོང་གིས་གངཤོད་ཀྱི་ཡོད་པ་དེ་ལ་དོ་སྣང་སྤྲོད་ཀྱི་ཡོད། ངཚོ་བརྟན་པོ་ཡོད་པའི་དོན་ནི། སེམས་ཀྱི་གནསབབས་ཀྱི་བརྟན་ཆའི་རང་བཞིན་ལ་བར་ཆད་བྱེད་པའི་བློ་ཕམ་གྱི་སེམས་ཚོར་དེ་མེད་པ་དང་། ང་ཚོསེམས་ཁམས་ཀྱི་ཉམས་འགྱུར་རྐྱེན་པོ་ཆགས་ཀྱི་མེད། དེས་གང་སྟོན་གྱི་ཡོད་རེད་ཟེར་ན། ང་ཚོཚད་ལས་བརྒལ་བའི་ཚོར་བ་སྐྱེན་པོ་དང་ཚོར་བ་མེད་པ་ལྟ་བུ་མ་ཡིན་པར། ང་ཚོའི་སེམས་ཚོར་གྱིགནས་བབས་དེ་ཆ་སྙོམ་པོ་དང་བརྟན་པོ་ཞིག་ཡིན་པ་རེད།

ཤེས་རབ།

འདི་ནི་ཨིན་སྐད་དུ་ཡང་སེ་ “wisdom” ཞེས་པའི་ཚིག་དེ་ལ་བསྒྱུར་གྱི་ཡོད་པ་དང་ལེགས་སྦྱར་སྐད་ནང་པྲཉྫཱ་པཱར་མིཏཱ་ཟེར་གྱི་ཡོད། ཕར་ཕྱིན་དྲུག་གི་ནང་ནས་མཐའ་མ་ཤེས་རབ་ནི། དངོས་པོ་རྣམས་གང་འདྲ་བྱས་ནས་གནས་ཡོད་པ་དང་མི་སྲིད་པའི་ཆོས་གང་ཡིན་པའི་དབར་ལ་རྣམ་པར་འབྱེད་པའི་ནུས་པ་དེ་ལ་གོ་གི་ཡོད། དེ་ནི་ཤེས་པ་དམིགས་བསལ་ཞིག་རེད། དེ་འདྲ་ཡིན་དུས་ཨིན་ཚིག་ “wisdom,” ཞེས་པ་འདིའི་གོ་དོན་ཏོག་ཙམ་གསལ་ཁ་མེད་པ་ཞིག་རེད། ང་ཚོས་མི་སྲིད་པ་གང་ཡིན་པ་དེ་རྟོགས་པའི་ཤེས་པའི་སྐོར་བཤད་ཀྱི་ཡོད་པ་དང་། དེའི་ནང་དམིགས་བསལ་སྟོང་པ་ཉིད་རྟོགས་པ་དེ་འཚུད་ཀྱི་ཡོད། ང་ཚོས་དངོས་པོ་ཁ་ཤས་མི་སྲིད་པ་དང་བྱབ་མེད་པ། དོན་དག་གང་ཞིག་ལའང་གོ་གི་མེད་པ་རྣམ་པར་འབྱེད་ཀྱི་ཡོད།

དེ་ལྟར་ང་ཚོས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དམིགས་ཡུལ། ཀུན་སློང་། ཆོད་སེམས། དེ་བཞིནབྱང་ཆུབ་ཀྱི་སེམས་བཅས་གོང་འཕེལ་གཏོང་ཆེད་ཉམས་ལེན་དང་ཐབས་ལམ་དེ་དག་ལ་འབདབརྩོན་བྱེད་ཀྱི་ཡོད། དེ་ཚོ་ཚང་མ་ཀུན་སློང་གི་རིམ་པ་གོང་མའི་ནང་ཚང་ཡོད་པ་རེད།

ཕྱོགས་བསྡོམས།

ཀུན་སློང་གི་རིམ་དང་པོ་སྒང་ལ་ཀུན་སློང་གི་རིམ་པ་བར་མ་བཞག་པའི་ཐོག་ནས་ང་ཚོས་སྐྱེ་བབཟང་པོ་བདེ་འགྲོའི་གནས་སུ་སྐྱེ་བ་ཡིན་ནའང་། ད་དུང་ང་ཚོས་སྡུག་བསྔལ་མྱོང་གི་ཡོད་པ་དང་། དཀའ་ངལ་འཕྲད་རྒྱུ་ཡིན་པ། ན་དགོས་པ་དང་འཆི་དགོས་པ་དེ་ཚོ་ཚང་མ་ཡང་ནས་ཡང་དུ་ཡོངགི་ཡོད་པ་དེ་ཤེས་ཀྱི་ཡོད། སླར་ཡང་དེ་དག་ལ་ཉོབ་སྣང་སྐྱེས་ནས་དབང་མེད་ཀྱིས་ཡང་ནས་ཡངདུ་སྐྱེ་བ་ལེན་པ་དེ་ལ་དམིགས་བསལ་གྱི་སྙིང་པོ་གང་ཡང་མེད་པ་མཐོང་ནས་དེ་ལས་ཐར་འདོདཀྱི་དམིགས་པ་བྱེད་ཀྱི་ཡོད།

དེ་ནས་ང་ཚོས་མུ་མཐུད་ཀུན་སློང་གི་རིམ་པ་གོང་མ་ལ་བསྐྱོད་པའི་སྐབས་སུ། ང་ཚོས་སོ་སོ་རངཉིད་འཇིག་རྟེན་ནང་གི་མི་གལ་ཆེ་ཤོས་དེ་ཡིན་བསམ་རྒྱུ་དེ་མཚམས་འཇོག་བྱེད་ཀྱི་ཡོད། ང་ཚོསསེམས་ཅན་ཐམས་ཅད་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ང་ཚོ་དང་གཅིག་པ་ཡིན་པ་ཤེས་ཀྱི་ཡོད། དེར་མ་ཟད། སྐྱེ་བ་སྔ་མ་དང་སྐྱེ་བ་འདི་གཉིས་ཀའི་སེམས་ཅན་ཐམས་ཅད་ང་ཚོལ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཁོང་ཚོ་མེད་ན་ང་ཚོ་ལ་ཟ་རྒྱུ་དང་འཐུང་རྒྱུ། དེབ་སོགསཀློག་རྒྱུ། གློག་བརྙན་ལྟ་རྒྱུ། ཉོ་ཆ་རྒྱག་རྒྱུ་སོགས་གང་ཡང་བྱེད་མི་ཐུབ་པ་དེ་ཤེས་ནས་ང་ཚོསཁོང་ཚོའི་བཀའ་དྲིན་ལ་སྣང་མེད་གཏོང་བ་ནི་ངོ་ཚའི་གཞི་ཡིན་པ་དང་། ང་ཚོ་ཁོང་ཚོ་ལ་བྱམས་པདང་སྙིང་རྗེས་སེམས་འགུལ་ཐེབས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཆབས་ཅིག་གཞནསེམས་ཅན་ཐམས་ཅད་ལ་དངོས་གནས་མཐར་ཐུག་གི་ཕན་ཐོགས་པའི་ཆེད་དུ་རང་ཉིད་སངསརྒྱས་ཀྱི་གོ་འཕང་འཐོབ་པར་ཡིད་སྨིན་བྱེད་ཀྱི་ཡོད།།

Top