བརྩོན་འགྲུས་བསྟན་པའི་ལེའུ་བདུན་པ།
༡༽དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། ། ༢༽བརྩོན་གང་དགེ་ལ་སྤྲོ་བ་འོ། །དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། ། ༣༽སྙོམ་ལས་བདེ་བའི་རོ་མྱངས་དང་།...