བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། དྷྱཱ་ན་པཱ་ར་མི་ཏཱ།

00:29
ང་ཚོའི་སེམས་ནི་ས་ཕྱོགས་གང་སར་འཁྱམ་གྱི་ཡོད་པས། ཡུལ་གང་རུང་ཞིག་ལ་དམིགས་པ་གཏད་ཐབས་བྱེད་པ་ཡིན་ནའང་། རང་གི་སྤྱོད་བདེའི་ཁ་པར་གྱི་མཚམས་མེད་པའི་སྐད་བརྡས་སྣང་བ་དཀྲོག་པའམ། མ་འོངས་པའི་འཆར་གཞིར་རྨི་ལམ་གཏོང་བ་སོགས་སེམས་རྒྱུན་ཆད་མེད་པར་གཡེང་འཇུག་གི་ཡོད། ལྷག་པར་དུ་ང་ཚོའི་སེམས་ནང་ཞེད་སྣང་དང་། སེམས་འཚབ། སེམས་ཁྲལ་སོགས་ཀྱིས་ཁེངས་པའི་སྐབས་སུ། སེམས་ཚོར་མི་བརྟན་པར་འཁྲུགས་པ་ལ་བརྟེན་ནས་སེམས་མི་གཡོ་བ་བརྟན་པོའི་སྒོ་ནས་དམིགས་པ་གཅིག་ལ་གཏད་པར་འགོག་རྐྱེན་བྱེད་ཀྱི་ཡོད། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་ཐབས་ལ་བརྟེན་ནས་སེམས་དང་སེམས་ཚོར་གཉིས་མི་གཡོ་བ་ཆགས་ནས། དགེ་བའི་ལས་གང་ཞིག་ལེགས་པར་སྒྲུབ་པ་ལ་ང་ཚོས་ནུས་པ་དང་འཇོན་ཐང་ཡོངས་སུ་རྫོགས་པ་བེད་སྤྱོད་བྱེད་ཐུབ་པ་ཆགས་ཀྱི་ཡོད།

ངོ་སྤྲོད།

ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ལྔ་པ་ནི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའམ་སེམས་བརྟན་ཆའི་རང་བཞིན་དེ་ཡིན། འདི་ལ་བརྟེན་ནས་ང་ཚོས་ཡུལ་གང་ཡང་རུང་བར་རང་གི་དགེ་བའི་སེམས་ཚོར་དང་གཏིང་ཟབ་པའི་རྟོགས་པ་གང་འདོད་འདོད་དུ་དམིགས་པ་ཡང་དག་པར་གཏད་ཐུབ་པ་དང་། ང་ཚོའི་སེམས་འདི་ ༼འདོད་པའི་ཡུལ་ལ་ཆགས་པ་གཙོ་བྱས་པའི་༽ རྣམ་གཡེང་དང་། ཉོན་མོངས་དབང་གིས་སེམས་བྱིང་བ་དང་རྒོད་པའི་མཐར་མི་ལྷུང་བ་ལས་ཡོངས་སུ་བྲལ་བ་ཞིག་ཡིན། སེམས་གྲུང་ཤ་དོད་པོའི་སྒོ་ནས་ང་ཚོའི་ནུས་པ་ཡོངས་སུ་རྫོགས་པ་རྩེ་གཅིག་པའི་བསམ་གཏན་དང་ཞི་དུལ་དུ་གྱུར་ནས་སོ་སོའི་སེམས་གང་བྱུང་འཕྲོ་གི་མ་རེད། གནས་སྐབས་དེར་ལུས་སེམས་གཉིས་ཀར་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིན་སྦྱངས་ཀྱི་བདེ་བ་དང་ཞི་བ་བླ་ན་མེད་པ་ཞིག་མྱོང་གི་ཡོད། རྣམ་གཡེང་གྱི་བསམ་བློ་དང་ལྷན་སྐྱེས་མིན་པའི་སེམས་ཚོར་གང་ཡོད་པ་ཐམས་ཅད་མེད་པ་ཆགས་ནས། རབ་ཏུ་དྭངས་ཤིང་གསལ་བའི་སེམས་ཤིག་ཉམས་སུ་མྱོང་བ་ཡིན། དེ་ལྟ་བུའི་གསལ་ཞིང་རིག་པའི་སེམས་ཀྱི་ངོ་བོ་རྗེན་པ་དང་བདེ་བའི་གནས་བབས་ལ་ཆགས་ཞེན་མེད་པར། དེ་རང་ཉིད་ཀྱི་འདོད་པའི་དགེ་བའི་དམིགས་འདུན་ལ་ཡོངས་སུ་བཀོལ་ཐུབ་ཀྱི་ཡོད།

བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་དབྱེ་བ་འབྱེད་ཚུལ་ཁ་ཤས་ཡོད་པ་ནི། ངོ་བོ་དང་། རིགས། བྱེད་ལས་བཅས་ཀྱི་སྒོ་ནས་དབྱེ་བ་གསུམ་ཡོད་པ་ནི།

Top