ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན།
སྤྱི་དོན། ང་ཚོས་འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་པའི་སྒོ་ནས་བསླབ་པ་གསུམ་དང་། དེས་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་སྟངས་ཐད་བལྟ་བཞིན་པའི་སྐབས་ཡིན། དེ་ཡང་བསླབ་པ་གསུམ་ནི། བཟང་སྤྱོད་ཀྱི་ཚུལ་ཁྲིམས་རང་སྲུང། རྩེ་གཅིག་པའི་ཏིང་ངེ་འཛིན། རྣམ་པར་འབྱེད་པའི་ཤེས་རབ། ...