ལམ་རིམ་ལ་བརྟེན་ནས་རང་ཉིད་ཀྱི་བདག་གི་བཟང་ཕྱོགས་ཀྱི་ཡར་རྒྱས།

དངོས་པོའི་གནས་ལུགས་གང་ཡིན་པ་ལ་གོ་རྟོགས་ཡང་དག་པ་ཞིག་བསླེབ་པར་བྱེད་པར་བདག་གམ་ང་ཞེས་པའི་གནད་དོན་ཐད་ལ་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད། དེ་ཡང་ནང་པའི་ཆོས་ལྟ་བུར་མཚོན་ན། ང་ཚོའི་ལམ་རིམ་ཉམས་ལེན་གྱི་ཀུན་སློང་གི་དམིགས་ཡུལ་སྒྲུབ་པར་བར་ཆད་ངོ་མ་དེ་ནི་ང་ཚོ་དོན་ངོ་མར་ཇི་ལྟར་གྲུབ་པའི་ཚུལ་ལ་རྨོངས་པའི་མ་རིག་པ་དེ་ཡིན་པ་རེད། ཕྱིའི་སྣང་ཚུལ་ཀུན་རྫོབ་བདེན་པའི་ཆ་ནས་སོ་སོ་རང་ཉིད་དང་གཏིང་ཟབ་པ་དོན་དམ་བདེན་པའི་ཆ་ནས་ང་ཚོ་ཇི་ལྟར་གྲུབ་པ་བཅས་དེ་གཉིས་ཀའི་ཆ་ནས་ཚུལ་བཅས་དང་ཚུལ་མིན་ཡིད་བྱེད་གང་རུང་ང་ཚོ་ལ་ཡོད། འོན་ཀྱང་། ཀུན་རྫོབ་ཀྱི་བདག་གམ་ཡང་ན་བདག་རྫུས་མ་གང་ཡིན་རུང་དེ་གཉིས་ཀ་བདག་མཚོན་པར་བྱེད་པའི་གདག་གཞི་ཡིན།
Top