ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ནང་བོད་དང་ཁ་ཆེའི་ཆོས་ལུགས་ཀྱི་གནས་བབས།

སྤྱིར་རྒྱ་ནག་ནང་ཆོས་ལུགས་ཀྱི་གནས་བབས།

ཕྱི་ལོ་ ༡༩༩༤ ནས་བཟུང་འདས་པའི་ལོ་ངོ་གཉིས་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཆོས་ལུགས་ཀྱི་གནས་བབས་ནི་ཉམས་རྒུད་དུ་ཕྱིན་ཡོད། སྤྱིའི་ཆ་ནས་སྔ་མ་ལས་དམ་དྲག་ཆེ་རུ་གྱུར་ཡོད་ཅིང། ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་ཆོས་ཁྲིད་གསུང་བཤད་ཁག་ནི་ཆོས་ལུགས་སོ་སོའི་དགོན་སྡེ་དང་ཆོས་ཀྱི་སློབ་གཉེར་ཁང་ཉིད་མ་གཏོགས་གནང་མི་ཆོག་པ་དང། དེ་ལས་གཞན་པའི་མང་ཚོགས་སམ་སྒེར་ལ་ཆོས་བཤད་བྱེད་མི་ཆོག་པའི་དམ་དྲག་ནན་པོ་བྱས་ཡོད། ཇི་ཀོང་ (qigong) ཞེས་པའི་ལུས་སྦྱོང་གི་རྣམ་པ་དེ་ཁོ་ན་ཉིད་མི་དམངས་ཁྲོད་དུ་གཏམ་བཤད་བྱེད་ཆོག་པས་ལུས་སྦྱོང་གི་རྣམ་པ་དེ་ཧ་ཅང་གི་སྙན་གྲགས་ཆེན་པོ་ཆགས་ཡོད། དེས་སྲོལ་རྒྱུན་གི་རིག་གཞུང་དང་ཆོས་ལ་སྐོམ་པ་ཆུ་འདོད་ལྟར་འདུན་པ་ཆེན་པོ་ཡོད་པར་སྟོན་གྱི་ཡོད།

Top