སངས་རྒྱས་བྱམས་པ་མགོན་པོ་བྱོན་དུས།

སངས་རྒྱས་བྱམས་པ་མགོན་པོ་བྱོན་དུས་ནི་མ་འོངས་པར་འབྱུང་རྒྱུ་ཞིག་རེད། སྔོན་ལ་དུས་ཚོད་ཐུང་ངུ་ཞིག་ལྷག་ཡོད། འཛམ་གླིང་འདིའི་ནང་སངས་རྒྱས་སྟོང་གཅིག་བྱོན་ཞེས་ལུང་བསྟན་ཡོད་པ་དང་དེ་དག་ཐམས་ཅད་ནི་འགྲོ་བ་མིའི་ཚེ་ཚད་ཉམས་པའི་དུས་སྐབས་སུ་འབྱུང་གི་རེད། འཛམ་གླིང་གི་ལོ་ཚད་ཅིག་གི་དུས་སྐབས་སུ་འགྲོ་བ་མིའི་ཚེ་ཚད་དེ་འཁོར་ཡུན་བཞིན་འགྲོ་ཞིང་། དུས་ཡུན་ཉམས་པའི་གནས་སྐབས་ཀྱི་ནང་བདག་ཅག་གི་སྟོན་ཤཱཀྱ་ཐུབ་པ་ནི་མི་རྣམས་ཀྱི་ལོ་ཚད་བརྒྱ་ཡིན་པའི་སྐབས་བྱོན་ཡོད། ད་ལྟའི་དུས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་དུས་སྐབས་རེད། བསྐལ་པ་འདིའི་སངས་རྒྱས་སྟོང་ལས་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ་ནི་རྣམ་འདྲེན་བཞི་པའམ་སངས་རྒྱས་བཞི་པ་དེ་ཡིན་ཞིང་། ཁོང་གི་སྔོན་ལ་སངས་རྒྱས་འོད་སྲུང་དང་དེའི་སྔོན་དུ་སངས་རྒྱས་དང་པོ་དང་གཉིས་པ་གཉིས་བྱོན་ཟིན་པ་རེད། སངས་རྒྱས་བྱམས་པ་མགོན་པོ་ནི་དེ་དག་ལས་ལྔ་པ་སྟེ། སངས་རྒྱས་སྟོང་ལས་རྣམ་འདྲེན་ལྔ་པ་ཆགས་ཀྱི་རེད།

མ་འོངས་པའི་མིའི་ལོ་ཚད་ནི་ཉམས་ཏེ་ཚེ་ལོ་བཅུའི་བར་དུ་ཆགས་རྒྱུ་ཡིན་པས། དུས་ཚོད་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། མི་རྣམས་ཀྱི་ཚེ་ཚད་ནི་ཐུང་དུ་ཐུང་དུ་འགྲོ་བ་དང་ཁོང་ཚོ་ཚེའི་འཁོར་ཡུན་གྱི་ནང་ཚེ་ཚད་ཇེ་ཐུང་དུ་ཕྱིན་ཏེ། མཐར་མི་ཚེ་ཧྲིལ་པོ་ནི་ལོ་བཅུ་ལས་མི་གནས་པའི་དུས་སྐབས་འཆར་རྒྱུ་ཡིན་པ་དང་། དེ་ག་ནང་བཞིན་མི་རྣམས་ཀྱང་གཟུགས་ཆུང་བ་དང་འཛམ་གླིང་ནང་གནས་སྟངས་ཧ་ཅང་འཇིགས་སུ་རུང་བ་ཆགས་རྒྱུ་རེད། མ་འོངས་པའི་དུས་སྐབས་ཀྱི་ནང་མི་རྣམས་ཧ་ཅང་དྲག་ཤུལ་ཅན་དང་དམག་སར་ཞུགས་པ་ལྟར་གྱི་སྡང་བ་ཅན་ཡིན་པས། རྟག་ཏུ་ཕན་ཚུན་འཐབ་འཛིང་བྱེད་ཀྱི་རེད། མི་ཚང་མ་གཟུགས་པོའི་རིང་ཚད་ནི་ཧ་ཅང་ཐུང་ཐུང་ཆགས་ཀྱི་རེད།

འོན་ཀྱང་། དུས་སྐབས་འཇིགས་སུ་རུང་བ་དེའི་རྗེས་སུ་དུས་རྣམས་གྱུར་ནས་མིའི་ཚེ་ཚད་དེ་འཕེལ་འགོ་བཙུག་གི་རེད། གལ་ཏེ་ཁྱེད་ཀྱིས་དེའི་ཚེ་ན་དུས་ཚོད་འགྱུར་བ་ཇི་ལྟར་འགྲོ་གི་རེད་ཅེས་དྲིས་ན། དེ་གང་ཡིན་ཞེ་ན། སངས་རྒྱས་བྱམས་པ་མགོན་པོའི་སྤྲུལ་པ་ཞིག་འབྱོན་པར་འགྱུར་ཞིང་། དེའང་ཆེས་ཤིན་ཏུ་ཡིད་དབང་འཕྲོག་ལ་ལྟ་ན་སྡུག་པའི་མི་ཞིག་གི་གཟུགས་སུ་སྤྲུལ་གྱི་རེད། མི་ཚང་མས་བྱམས་པ་མགོན་པོ་མཇལ་བ་དང་ཁོང་ལ་གཟུགས་ཀྱི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་མཐོང་ནས། ཁོང་ཚོས་ཁྱེད་ལ་དེ་འདྲ་ཞིག་ཇི་ལྟར་ཆགས་པ་རེད་ཅེས་བརྗོད་ཀྱི་རེད། དེ་ལ་བྱམས་མགོན་གྱིས། ང་རང་ཡིད་དུ་འོང་བ་འདི་འདྲ་ཞིག་ཆགས་པ་ནི་ངས་རྟག་ཏུ་བྱམས་པ་སྒོམ་པའི་འབྲས་བུ་རེད་ཅེས་གསུངས། དེའི་ཚེ་མི་ཆུང་དེ་དག་ལ་བྱམས་པ་སྒོམ་ཚུལ་ཐད་ཤེས་རྒྱ་གང་ཡང་མེད་ནའང་། ཁོང་ཚོས་“བྱམས་པ་”ཞེས་པའི་ཚིག་དེ་ཡང་ནས་ཡང་དུ་བཟླས་པས། མི་ཚང་མས་“བྱམས་པ་”ཞེས་བརྗོད་ཀྱི་རེད། འདི་ལྟར་“བྱམས་པ་”ཞེས་པའི་ཚིག་དེ་བསྐྱར་ཟློས་བྱེད་པ་ཙམ་ལ་ཕན་ཡོན་རྒྱ་ཆེན་པོ་ཡོད་པ་དང་མཐར་མི་རྣམས་ཀྱི་ཚེ་ཚད་དེ་རྒྱས་ཤིང་། གནས་སྟངས་གོང་ནས་གོང་དུ་འཕེལ་འགོ་ཚུགས་ཀྱི་རེད།

དེ་ལྟར་ཚེ་ཚད་རྒྱས་པ་དང་བསྟུན་ནས་དེའི་དུས་ཀྱི་འཛམ་གླིང་ནི་ཁྱེད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྣང་བའི་སྐབས་ཡིན་པ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་འཁོར་ལོའི་རིགས་སྣ་ཚོགས་པ་ཡོད་དེ། གསེར་གྱི་འཁོར་ལོ་ཅན་དང་། དངུལ་གྱི་འཁོར་ལོ་ཅན། ཟངས་ཀྱི་འཁོར་ལོ་ཅན། དེ་བཞིན་ལྕགས་ཀྱི་འཁོར་ལོ་ཅན་བཅས་ཡོད། འདི་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་གི་དུས་སྐབས་ཡིན་པ་རེད། མཐར་མི་རྣམས་ཚེ་ཚད་ལོ་བརྒྱད་ཁྲིའི་ (༨༠,༠༠༠) བར་དུ་གནས་པའི་དུས་ལ་བསླེབ་ཀྱི་རེད། ལོ་བརྒྱད་ཁྲིའི་རྩེ་མོར་བསླེབས་པ་དང་སླར་ཡང་ཚེ་ཚད་དེ་ཉུང་དུ་འགྲོ་འགོ་ཚུགས་ཀྱི་རེད།

ལོ་བརྒྱད་ཁྲི་ནས་མར་ཉུང་དུ་འགྲོ་འགོ་ཚུགས་སྐབས། དེའི་སྐབས་སུ་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་འཁོར་ལོས་བསྒྱུར་བའི་སྟོན་པའི་ཚུལ་དུ་བྱོན་པའི་དུས་ཡིན། ཚེ་ཚད་ཉུང་དུ་འགྲོ་བའི་སྐབས། སངས་རྒྱས་རྣམས་འཁོར་ལོས་བསྒྱུར་བའི་སྟོན་པའི་ཚུལ་དུ་བྱོན་གྱི་ཡོད། དེའི་རྒྱུ་མཚན་ནི་གནས་སྟངས་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་མི་རྣམས་ཀྱིས་དཀའ་ངལ་སེལ་ཐབས་ཤིག་འཚོལ་བར་སྤྲོ་བ་བསླེབ་པ་དང་བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུ་བྱེད་ཀྱི་ཡོད། དེ་བཞིན་ཚེ་ཚད་འཕེལ་བ་དང་ཚང་མ་ཡག་པོ་འགྲོ་བཞིན་པའི་སྐབས། མི་སུས་ཀྱང་ཆོས་ཀྱི་ལམ་ལ་འཇུག་ཐབས་ཀྱིས་འབད་བརྩོན་དང་དོ་སྣང་བྱེད་ཀྱི་མེད། དེའི་ཚེ་མིའི་ཚེ་ཚད་ནི་ཧ་ཅང་རིང་བའི་ལོ་ཚད་བརྒྱད་ཁྲིར་བསླེབས་ཤིང་། དེའི་སྐབས་སུ་འཛམ་གླིང་ནང་ཚང་མ་ལྟ་ན་སྡུག་པ་དང་བདེ་སྐྱིད་དང་ལྡན་པ་ཆགས་ཀྱི་རེད། དཔེར་ན། ས་གཞི་ཆ་སྙོམས་ཤིང་རི་བོ་རྩུབ་པོ་མེད་པ་དང་ལམ་འཕྲང་རིགས་མེད་པར། ཚང་མ་རྒྱ་ཐང་ཆེན་པོ་ནང་བཞིན་འཇམ་ཞིང་ཡངས་པ་ཆགས་ཀྱི་རེད།

བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུས་ལོ་དྲུག་དཀའ་བ་སྤྱད་གནང་བ་དང་མི་འདྲ་བར། མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་བྱོན་པའི་སྐབས་དེ་ལྟར་མི་དགོས་པར། ཁོང་གིས་དཀའ་སྤྱད་ཉམས་ལེན་གྱི་གོ་དོན་ཧ་ཅང་མདོར་བསྡུས་ཙམ་ཞིག་གནང་གི་རེད། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་མགོན་པོ་ཞེས་པའི་མཚན་གྱི་དོན་ནི་བྱམས་པ་ཡིན་པས། དུས་རྟག་ཏུ་བྱམས་པ་བསྒོམ་པ་དང་གཟབ་ནན་གྱིས་བྱམས་པ་ཉམས་ལེན་བྱེད་པའི་འབྲས་བུ་དང་། དེ་བཞིན་བྱམས་པ་ནི་ཁོང་གི་ནན་བརྗོད་ཆེ་ཁག་ཡིན་སྟབས། ཁོང་གི་དུས་སྐབས་སུ་དཀའ་སྤྱད་དེ་འདྲ་དགོས་གལ་ཆུང་བ་ཆགས་ཀྱི་རེད། དེ་ནི་ཁོང་གི་བྱམས་པ་ལ་ཉམས་ལེན་ཧ་ཅང་ཤུགས་ཆེན་གནང་བའི་འབྲས་བུ་རེད།

བྱམས་པ་མགོན་པོས་བྱམས་པའི་སྨོན་ལམ་མདོར་བསྡུས་ཤིག་མཛད་གནང་ཡོད་པ་དང་ཁོང་གིས་སྨོན་ལམ་དེ་དུས་རྟག་ཏུ་ཉམས་ལེན་གནང་དང་གནང་མུས་རེད། དེ་མཚུངས་གཞན་མང་པོས་ཀྱང་སྨོན་ལམ་འདི་གསུང་རྒྱུ་ཡིན་པ་དང་མ་འོངས་པའི་དུས་སྐབས་སུ་གནས་སྟངས་གང་འདྲ་ཞིག་ཡོང་རྒྱུ་ཡིན་པ་ནི་བྱམས་པའི་སྨོན་ལམ་གྱི་འབྲས་བུ་ཆགས་ཀྱི་རེད། ད་ལྟའི་དུས་སྐབས་སུ་གལ་ཏེ་ང་ཚོས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་རྗེས་སུ་ཡང་དག་པར་འབྲངས་ན། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མ་འོངས་པར་ང་ཚོ་སངས་རྒྱས་བྱམས་པ་མགོན་པོའི་སློབ་མ་ནང་གི་དང་པོའི་གྲས་སུ་སྐྱེ་བ་ལེན་གྱི་རེད།

གལ་ཏེ་ཁྱེད་ཀྱིས་སངས་རྒྱས་བྱམས་པ་མགོན་པོ་མཚན་དང་དཔེ་བྱད་ཀུན་ཚང་ཞིང་མཆོག་གི་སྤྲུལ་སྐུའི་རྣམ་པར་འཁོར་ལོས་བསྒྱུར་བའི་སྟོན་པའི་ཚུལ་དུ་ག་དུས་འབྱོན་ངེས་རེད་ཅེས་དྲིས་ན། ངས་མ་འོངས་པའི་དུས་སུ་འབྱོན་པར་འགྱུར་ཞེས་ངས་འགྲེལ་བརྗོད་བྱས་པའི་དུས་ནི་འདི་རེད། འོན་ཀྱང་། བྱམས་པ་མགོན་པོའི་སྤྲུལ་པ་ཕལ་པའི་རིགས་ཙམ་ལ་གཞིགས་ན། དེ་དག་ནི་གནས་སྟངས་སྣ་ཚོགས་པའི་ནང་ཡོད་པ་དང་ད་ལྟའི་དུས་སུ་ཡོད་པ་དང་སེམས་ཅན་གྱི་དོན་མཛད་བཞིན་ཡོད་པ་གོར་མ་ཆག །།

Top