དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཆོས།
༧གོང་ས་མཆོག་གི་གཟིགས་ཚུལ་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཟེར་བ་ནི། ཚད་མེད་པའི་གཞན་ཕན་གྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་བཅས་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་ཆ་ཚང་ཡོད་པ་དང་ཆབས་ཅིག་ དེང་དུས་ཀྱི་ཤེས་ཡོན་དང་དེང་དུས་ཀྱི་ཚན་རིག་ལ་རྒྱུས་མངའ་ཆ་ཚང་བ་ཡོད་པ་དེ་ཡིན།