བོད་ཀྱི་བླ་མ་དང་སོག་པོའི་ཡོན་བདག

སྐད་ཡིག་གཞན།

ཆིང་གེ་སེ་ཁཱང་།

སྤྱི་ལོ་ ༡༢༠༧ ལོར་སོག་པོ་ཆིང་གེ་སེ་ཁཱང་གིས་ (༡༡༦༢-༡༢༢༧) ཀན་སུའུ་དང་ཨ་མདོའིི་ནང་གི་མི་ཉག་རྒྱལ་རྒྱུད་དེ་དབང་དུ་བསྡུས་པའི་གནས་ཚུལ་དེ་བོད་དུ་སླེབས། དེའི་སྐབས་སུ་བོད་དང་མི་ཉག་དབར་ལ་འབྲེལ་བ་ཆེན་པོ་ཡོད། ཁོང་ཚོས་བོད་སྐད་ནས་མི་ཉག་གི་སྐད་དུ་ནང་པའི་གཞུང་ལུགས་ཁག་ཡིག་སྒྱུར་གྱི་ལས་དོན་ལ་ཞུགས་ནས་དུས་རབས་གཅིག་དང་ཕྱེད་ཕྱིན་ཟིན། ཚལ་པ་བཀའ་བརྒྱུད་དང་འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ་ཚོས་མི་ཉག་ཕོ་བྲང་དུ་གལ་འགངས་ཆེ་བའི་གོ་གནས་བཟུང་ཡོད་པ་དང་མི་ཉག་གི་དགེ་འདུན་པ་ཚོས་བོད་དུ་དམིགས་བསལ་འབྲི་གུང་བཀའ་བརྒྱུད་པ་དང་ལྷན་དུ་སློབ་གཉེར་བྱས། 

སྤྱི་ལོ་ ༡༢༠༦ ལོར་སོག་པོས་མི་ཉག་ལ་འཐབ་རྒོལ་བྱས་ནས་མཐར་སྤྱི་ལོ་ ༡༢༡༡ ལོར་ཕམ་པར་བྱས། མི་ཉག་དེ་ནས་བཟུང་འཕེལ་སྐྱེད་འགྲོ་བཞིན་པའི་སོག་པོའི་རྒྱལ་རྒྱུད་ཀྱི་མངའ་འབངས་ཞིང་ཆེན་ཞིག་ཏུ་གྱུར་ཞིང་། ཁཱང་གི་དམག་མིའི་རྩོལ་བར་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། 

ནུབ་ཕྱོགས་སུ་དབང་སྒྱུར་མ་བྱས་གོང་སོག་པོའི་དམག་དཔུང་གིས་དེའི་རྗེས་སུ་མི་ཉག་གི་ཤར་དུ་ཡོད་པའི་མན་ཇུ་དང་བྱང་རྒྱ་གར་གྱི་ཇུར་ཆེན་གྱི་རྒྱལ་རྒྱུད་ (Chin. Jin) (༡༡༡༥-༡༢༣༤) ལ་བཙན་འཛུལ་བྱས། ཆིང་གེ་སི་ཁཱང་གི་དམག་གིས་དེ་དག་ཕམ་པར་བྱས་ཤིང་། ཡན་ཅིང་ (Yanjing) (དུས་ཕྱིས་སུ་པེ་ཅིང་ཞེས་སུ་གྲགས་) གཙོ་པའི་ཁོང་ཚོའི་ས་ཁུལ་གྱི་བྱང་ཕྱེད་ཀ་ཙམ་དབང་དུ་བསྡུས། སྤྱི་ལོ་ ༡༢༡༤ ལོར་སོག་པོས་ཇུར་ཆེན་ལ་ཞི་བའི་ཆིངས་ཡིག་ཅིག་འཇོག་དགོས་པའི་བཙན་སྐུལ་བྱས། 

ཇུར་ཆེན་ནི་མན་ཇུའི་མེས་པོ་གོང་མ་རྣམས་ཡིན། ཁོང་ཚོའི་མན་ཇུ་ལ་དབང་སྒྱུར་གྱི་སྲ་བརྟན་བྱས་པའི་རྗེས་ཇུར་ཆེན་རྣམས་ཀྱིས་རྒྱ་ནག་བྱང་ཕྱོགས་ཀྱི་སུང་རྒྱལ་རབས་ (༩༦༠-༡༡༢༦) དེ་གནས་དབྱུང་བཏང་བ་དང་། སྤྱི་ལོ་ ༡༡༢༦ ལོར་བྱང་རྒྱ་ནག་དེ་ཁོང་ཚོའི་རྒྱལ་ཁམས་སུ་མཉམ་སྡེབ་བྱས། རྒྱ་ནག་ལྷོའི་སུང་རྒྱལ་རྒྱུད་ (༡༡༢༧-༡༢༧༨) བྱུང་བའི་ལོ་ཚིགས་དེའང་ཕམ་ཉེས་འདི་ནས་བརྩི་བ་ཡིན། 

སོག་པོས་མི་ཉག་གི་ཁ་གཏད་དུ་ལས་འགུལ་སྤེལ་བའི་གནས་ཚུལ་དེ་ཐོས་པའི་རྗེས་བོད་ནང་དུ་ཡོད་པའི་རྫོང་སྣ་ཚོགས་པའི་དབང་སྒྱུར་བ་ཚོས་མགོ་འབུལ་དང་ལེན་བྱེད་ཀྱི་ཡོད་པའི་ཆེད་ཆིང་གེ་སི་ཁཱང་ལ་གཅིག་བསྡུས་ཀྱི་སྐུ་ཚབ་གཅིག་བཏང་། གོ་སྒྲིག་འདིའི་ནང་སོག་པོ་རྣམས་ལ་བསྟོད་བསྔགས་འབུལ་རྒྱུ་དེའང་ཚུད་ཡོད་པ་དང་། དེའི་འབྲས་བུར་ཁཱང་གིས་བོད་ལ་བཙན་འཛུལ་བྱས་མེད། 

ཊ་རེལ་ ཝཡེ་ལིས་ (Turrell Wylie) (The First Mongol Conquest of Tibet Reinterpreted, Harvard Journal of Asian Studies, vol. 37, no.1) (ཨེ་ཤི་ཡའི་སློབ་སྦྱོང་དང་འབྲེལ་བའི་ཧཱཝརྜ་གསར་དེབ། པོད། ༣༧། ཨང་། ༡། སོག་པོས་བོད་དབང་སྒྱུར་དང་པོ་བྱེད་པ་དེ་སླར་ཡང་གོ་དོན་བཀྲལ་བ་) ཞེས་པའི་ནང་གནད་དོན་འདི་ལ་དྲི་བ་གཏང་ཡོད། བོད་ནི་དེའི་སྐབས་སུའང་སིལ་བུར་ཐོར་ནས་ཡོད་པ་དང་རྫོང་ཁག་ཆུང་ངུའི་ཁྲོད་དུ་མཉམ་སྦྲེལ་འབྱུང་ངེས་མིན་པ་ལྟ་བུར་སྣང་། 

འོན་ཀྱང་ཏཱ་རིམ་ལུང་གཞོང་གི་བྱང་མཐར་ཉེ་འགྲམ་དུ་ཡོད་པའི་ཁོ་ཆོ་ཡུ་གུར་ (Qocho Uighurs) རྣམས་ཀྱིས་སྤྱི་ལོ་ ༡༢༠༩ ལོར་ཆིང་གེ་སེ་ཁཱང་ལ་ཞི་བའི་སྒོ་ནས་མགོ་འབུལ་ཞུས་མེད། ཡུ་གུར་ཚོས་སོག་པོ་དང་མཉམ་སྦྲེལ་བྱས་ཤིང་། ཁོང་ཚོ་རང་གི་འབྲི་གཟུགས་བཟོ་བཅོས་ཤིག་སྐྲུན་པའི་སྒོ་ནས་སོག་སྐད་འབྲི་བ་དང་རྒྱལ་ཁམས་འཕེལ་སྐྱེད་ཆེད་འཛིན་སྐྱོང་གི་རོགས་རམ་མཁོ་སྤྲོད་བྱེད་ཀྱིན་ཡོད། ཁོང་ཚོས་ཡུ་གུར་གྱི་གཞུང་ལུགས་ནས་བསྒྱུར་སྟེ། ནང་པའི་གཞུང་ལུགས་རྣམས་སོག་སྐད་དུ་ཐོག་མར་བསྒྱུར། 

སྤྱི་ལོ་ ༡༢༢༧ ལོར་ཆིང་གེ་སེ་ཁཱང་འདས། སོག་པོ་རྣམས་ཀྱིས་དེང་སང་གི་ཨུཛ་བེ་ཀིསྟཱན་ (Uzbekistan) དང་། ཏརྐ་མེ་ནིསྟཱན། (Turkmenistan) ཨི་རཱན་བཅས་ཀྱི་ནང་ཡོད་པའི་ཁ་ཝར་རེཛ་མིའི་ (Khwarezmian) རྒྱལ་ཁམས་ཀྱི་ཁ་གཏད་དུ་ལས་འགུལ་སྤེལ་གྱིན་ཡོད་པས། མི་ཉག་ནས་དེ་ལ་འཐབ་རྒོལ་ཆེད་དམག་མི་གཏོང་རྒྱུ་ངོས་ལེན་མ་བྱས། དེས་ན་ཁོང་ནས་ནུབ་ཕྱོགས་དབང་དུ་བསྡུ་རྒྱུ་དེ་ལམ་ལྷོང་བྱུང་བའི་རྗེས་ཆིང་གེ་སེ་ཁཱང་ཕ་ཡུལ་མི་ཉག་ཏུ་ཕྱིར་ལོག་པ་དང་ཁོང་གི་མངའ་འབངས་གོང་རྣམས་ཀྱི་བཅུ་ཆ་སྡེབ་གསོད་བྱས། གང་ལྟར་ཡང་། ཆིང་གི་སི་ཁཱང་ལས་འགུལ་དེའི་སྐབས་སུ་ཚད་ནད་ཅིག་ལ་བརྟེན་ནས་འདས་གྲོངས་སུ་གྱུར། ཆིང་གེ་སི་ཁཱང་འདས་པའི་རྗེས་སུ་བོད་ཀྱིས་སོག་པོ་རྣམས་ལ་རྟེན་འབུལ་མཚམས་འཇོག་བྱས། 

Top