མོན་གུར་རམ་ (Monguor) 蒙古尔 ཏུ་མི་རིགས་ (Tu people) 土族 (བོད་སྐད་ནང་ཧོར་པ་ཞེས་གྲགས་)རྣམས་ནི་དེང་སང་ཤི་ཉིང་ (Xining) 西宁 གི་བྱང་ཕྱོགས་ཆིང་ཧའེ་ 青海 ཏུ་ཛུ་ (Tuzu) རང་སྐྱོང་གི་རྫོང་ 土族自治县 དུ་ཡོད་པ་དང་། དེ་ནི་ཤི་ཉིང་ 西宁 དང་ནན་ཧྲན་ (Nanshan) 南山 རི་བོའི་བར་ལ་ཆགས་ཡོད། དེ་དག་གི་གྲོང་ཁྱེར་གཙོ་བོ་ནི་ཧུ་ཀྲུ་ (Huzhu) 互助 ཡིན་པ་རེད། ཧོར་པ་དེ་དག་ལ་ཧོར་དཀར་ (Mong: Tsagaan Mongol) ཞེས་ཀྱང་གྲགས་ཤིང་། དེ་དག་ནི་མཁས་པ་འགའི་བཞེད་ཚུལ་ལྟར་བྱས་ན། ཀོ་ཀོ་ནོར་ས་ཁུལ་གྱི་ཐུ་ལུ་ཧུན་ནམ་ཨ་ཞའི་རིགས་རྒྱུད་ཡིན་པར་འདོད། ཐུ་ལུ་ཧུན་ 吐谷浑 གྱི་རྒྱལ་རྒྱུད་ནི་དུས་རབས་བཞི་པའི་འགོ་སྟོད་ནས་བཟུང་སྟེ་དུས་རབས་བདུན་པའི་དཀྱིལ་ཙམ་ལ་བོད་དབུས་ཀྱི་དམག་གིས་དབང་བསྒྱུར་མ་བྱས་ཀྱི་བར་དུ་གནས་ཡོད།
ཡང་གཞན་འགའ་ཞིག་གིས་ཁོང་ཚོ་ནི་ཆིང་གྷིས྄་ཁན་གྱི་སྲས་དྲུག་པ་ཀོལ་གན་ (Kolgen) དཔུང་དམག་གི་རིགས་རྒྱུད་ཡིན་པའང་འདོད། རྒྱ་ནག་ཏུ་སོག་པོ་ཡོན་གྱི་རྒྱལ་རྒྱུད་ཉམས་པའི་རྗེས་སུ་ཁོང་ཚོ་ནི་རྒྱ་ནག་མིང་གི་དམག་དཔུང་ལ་མགོ་འབུལ་ཞུ་མཁན་གྱི་སོག་པོའི་ཤོག་ཁག་དང་པོ་ཡིན་པ་དང་དེ་དག་དང་མཉམ་སྡེབ་བྱས་པ་རེད། ཁོང་ཚོ་ནི་སྲོལ་རྒྱུན་གྱི་ཆ་ནས་རྒྱ་ནག་གི་ས་མཚམས་སྲུང་མཁན་ཡིན་པ་དང་དུས་ཕྱིས་སུ་མན་ཇུ་དང་རྒྱའི་དབང་སྒྱུར་འོག་ཏུ་སོག་པོ་དང་བོད་འཇུག་ཐབས་སྐབས་མན་ཇུ་ཚོའི་ཆེད་དུ་ལས་ཀ་བྱས་ཡོད། ཁོང་ཚོས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་རྗེས་སུ་འབྲང་གི་ཡོད།
ཧོར་པའི་ས་ཁུལ་ནི་མན་ཇུའི་ཆིང་གི་དུས་སྐབས་སུ་པེ་ཅིང་ 北京 དུ་ཡོད་པའི་བླ་མ་མང་པོའི་ཕ་ཡུལ་ཡིན་པ་རེད། དཔེར་ན། ལྕང་ཀྱ་ཁུ་ཏུཁ་ཐུ་དང་པོ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་གཉིས་པ་ཆུ་བཟང་ཁུ་ཏུཁ་ཐུ་ལྟ་བུ་རེད། དེ་ལ་དགོན་པ་མང་པོ་ཡོད་པ་ལས་གཙོ་བོ་རྣམས་ནི་དགོན་ལུང་དང་། གསེར་ཁོག ཆུ་བཟང་བཅས་དེ་དག་ཚང་མས་སེ་ར་རྗེ་བཙུན་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་བ་རེད།
ངོས་རང་རྫོང་ནང་ཡོད་པའི་གཤམ་འཁོད་ཀྱི་དགོན་པ་ཁག་གིནང་ལྟ་སྐོར་ལ་ཕྱིན་པ་ཡིན།
༡༽། དགོན་ལུང་ (Youning Si) 佑宁寺 ནི་ཐུའུ་བཀྭན་ཁུ་ཐུཁ་ཐུ་དང་སུམ་པ་མཁན་པོ་གཉིས་ཀྱི་མ་དགོན་ཡིན་པ་རེད། ད་ལྟའི་ཐུའུ་བཀྭན་རིན་པོ་ཆེ་དགུང་ལོ་བཅུ་ཅན་དེ་ད་དུང་ཡང་དེར་བཞུགས་ཀྱི་ཡོད། སྔོན་དགོན་པའི་ནང་གྲྭ་པ་ལྔ་བརྒྱ་ (༥༠༠) ཡོད་པ་དང་གྲྭ་ཚང་དབྱེ་བ་ལྔར་ཕྱེས་ཡོད་པ་ནི། རྩོད་གླེང་ཆེད་དུ་མཚན་ཉིད་གྲྭ་ཚང་དང་། གསང་སྔགས་ཀྱི་ཆེད་དུ་རྒྱུད་སྨད་པ་དང་རྒྱུད་སྟོད་པ། སྨན་གྱི་ཆེད་དུ་སྨན་པ། དུས་འཁོར་རྒྱུད་ཀྱི་ཆེད་དུ་དུས་འཁོར་དང་སྐར་རྩིས་རིག་པ་བཅས་རེད། ད་ཆར་དགོན་པའི་ནང་གྲྭ་པ་ཉིས་བརྒྱ་ (༢༠༠) ཡོད་པ་དང་གསང་སྔགས་ཀྱི་ཆེད་དུ་རྒྱུད་པ་སྤྱིའི་དབྱེ་བ་ཞིག་དང་མཚན་ཉིད་རྩོད་གླེང་ཆེད་དུ་ཚོགས་ཆེན་ལྷ་ཁང་ངམ་ཚོམས་ཁང་བཅས་ཡོད། ལྷ་ཁང་གི་སྲུང་མ་ནི་རྒྱལ་པོ་སྐུ་ལྔ་དང་གནས་ཆུང་ཆོས་སྐྱོང་ཡིན་པ་རེད།
༢༽ ཆུ་བཟང་ (Quezang Si) 却藏寺 དགོན་པའི་ནང་གྲྭ་པ་ཉི་ཤུ་ (༢༠) ཡོད་པ་དང་དེ་དག་གིས་གསང་སྔགས་ཀྱི་ཆོ་གའི་རིགས་བསྒྲུབ་པ་ལས་མཚན་ཉིད་རྩོད་གླེང་མེད། དེ་ལ་ཆུ་བཟང་བླ་བྲང་རྙིང་པ་དེ་ཁོ་ན་གནས་མུས་ཡིན་པ་དང་ལྷ་ཁང་གསར་པ་ཞིག་ཀྱང་ཡོད་པ་རེད།
༣༽ དམར་གཙང་ (Baima Si) 白马寺 བྲག་ཕུག་དགོན་པའི་ནང་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་པ་གནང་མཁན་གྱི་བོད་དབུས་ཀྱི་གྲྭ་པ་གསུམ་བཞུགས་མྱོང་ཡོད་པ་དང་། དེར་བླ་ཆེན་དགོངས་པ་རབ་གསལ་སྐུ་གཤེགས་པ་རེད། ད་ལྟའི་ཆར་དེར་གྲྭ་པ་རྒན་གོག་གཉིས་ཁོ་ནས་གསང་སྔགས་ཀྱི་ཆོ་གའི་རིགས་བསྒྲུབ་བཞིན་འདུག །