ཀོ་ཀོ་ནོར་སོག་པོའམ་སྟོད་སོག་རྣམས་ནི་ནུབ་སོག་ཁོ་ཤུའི་ (Qoshot) རིགས་རྒྱུད་ཡིན་པ་དང་དེ་དག་ཐོག་མར་ཤར་ཏུར་ཀི་ནས་བྱུང་ཞིང་། ཁོང་ཚོས་དུས་རབས་བཅུ་བདུན་པའི་ནང་བོད་དབུས་ཀྱི་གཙང་གི་དམག་དཔུང་ཕམ་ཉེས་བཏང་ནས་བོད་ཀྱི་གནས་སྐབས་སྲིད་དབང་དེ་༧གོང་ས་སྐུ་ཕྲེང་ལྔ་པར་ཕུལ་ཡོད།
སོག་པོ་དེའི་རིགས་ཀྱི་སྡེ་ཁག་འགའ་ཞིག་ཡོད། དེ་དག་ལས་གཅིག་ནི་ཀན་སུའུ་ཞིང་ཆེན་ 甘肃 གྱི་ལྷོ་ནུབ་ཟུར་ཁུག་ནང་གི་རྨ་ཆུ་རྫོང་ (Maqu) 玛曲县 ལ་ཡོད། ཁོང་ཚོར་དགོན་པ་བཞི་ (༤) ཡོད་པ་དང་བོད་སྐད་ཁོ་ན་རྒྱག་པ་ལས་སོག་སྐད་རྒྱག་གི་མེད། ད་ཆ་བླ་བྲང་དགོན་པའི་ནང་སློབ་སྦྱོང་བྱེད་ཀྱི་ཡོད། སྡེ་ཁག་གཞན་ཞིག་གི་ཆིང་ཧའེ་ 青海 ནང་གི་ཧེ་ནན་སོག་པོའི་རང་སྐྱོང་རྫོང་ (Henan Mongol Autonomous County) 河南蒙古族自治县 སྟེ། རྨ་ཆུ་ནས་མངའ་སྡེའི་ས་མཚམས་ཀྱི་ཕ་རོལ་ཙམ་ལ་ཡོད། ཁོང་ཚོར་དགོན་པ་ལྔ་དྲུག་ཙམ་ཡོད་པ་དང་དེ་དག་གིས་ད་དུང་ཡང་སོག་སྐད་རྒྱག་པ་དང་ད་ཆ་སྐུ་འབུམ་དགོན་དུ་སློབ་སྦྱོང་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༤༩ གོང་དུ་དེ་དག་གི་དབར་ལ་དབྱེ་བ་མེད། སྟོད་སོག་གི་སྡེ་ཁག་གཞན་ཞིག་ནི་ཏུན་ཧོང་ 敦煌 གི་ལྷོ་ཕྱོགས་ཀན་སུའུའི་ནུབ་ཀྱི་ཐག་རིང་བའི་སུ་བྷེ་སོག་པོའི་རང་སྐྱོང་རྫོང་ (Subei Mongol Autonomous County) 肃北蒙古族自治县 དུ་ཡོད།།